Uncategorized

འདོད་སྤྱོད་ཀྱི་ གནོད་འགེལ་འབད་མི་ སློབ་དཔོན་ལུ་ བཙོན་ཁྲིམས་ལོ་༤ བཀལ་ཡོདཔ།

༉ བསམ་རྩེ་ལུ་ སློབ་དཔོན་ཅིག་གིས་ སྐྱེས་ལོ་༡༡ ལང་མི་ སློབ་ཕྲུག་བུམོ་ཅིག་ལུ་ འདོད་སྤྱོད་དང་འབྲེལ་བའི་ གནོད་འཚེ་འམ་ བསུན་གཙེར་འབད་ཡོདཔ་ལས་ ཆེ་མཐོ་ཁྲིམས་ཁྲི་༣ པ་གིས་ ཐོག་མའི་ཁྲིམས་འདུན་གྱི་ འཁྲུན་ཆོད་ལུ་ གཞི་འཛིན་འབད་ནུག། དེ་ཡང་ ཉེས་འཛུགས་ཅན་གྱིས་ བཙོན་ཁྲིམས་ལོ་ཕྱེད་དང་༥ འབག་དགོཔ་མ་ཚད་ ཉམས་རྒུདཔ་ལུ་ རྒུད་འཐུས་དངུལ་ཀྲམ་༡༠༠,༠༠༠ …

རྒྱས་པར་ལྷག། »

ཟམ་གསརཔ་གིས་ ལོ་པོ་ཁ་-ཕག་ཏ་ཁ་དང་ ལོམ་ཚོ་ཁ་ལུ་ ཕན་ཐོགས་འབྱུང་ནི།

༉ དབང་འདུས་ཕོ་བྲང་ཨ་ཐང་རྒེད་འོག་ ལོ་པོ་ཁ་-ཕག་ཏ་ཁ་དང་ ལོམ་ཚོ་ཁ་སྤྱི་འོག་ཚུ་ སོ་སོར་འཕྱལ་བཏང་མི་ དམའ་ར་ཆུ་གཙང་ཆུ་གུ་ ཤིང་ཟམ་ལེ་ཤ་ཡོད་རུང་ གནམ་བྱཱར་ལུ་ གཙང་ཆུ་བྲེས་པའི་སྐབས་ ཤིང་ཟམ་དེ་ཚུ་ ལོ་བསྟར་བཞིན་དུ་ འཕྱགས་བདའ་དོ་ཡོདཔ་ཨིན་པས། ཟམ་དེ་ཚུ་ འཕྱགས་བདའཝ་ཅིག་ དེ་འཕྲོ་ལས་ ལོ་པོ་ཁ་-ཕག་ཏ་ཁའི་ སོ་ནམ་པ་ཚུ་གིས་ ཟམ་གསརཔ་རྐྱབ་ད་ ཉུང་ཤོས་ཉིནམ་༤ དེ་ཅིག་ …

རྒྱས་པར་ལྷག། »

རིམ་མང་ལམ་ལུགས་ལུ་བརྟེན་ འབྲུག་པའི་བརྡ་བརྒྱུདཔ་ཚུ་གིས་ བརྡ་དོན་འཐོབ་ནི་ལུ་གདོང་ལེན།

༉ འབྲུག་པའི་བརྡ་བརྒྱུདཔ་ཚུ་ལུ་ ཉེན་འཚུབས་ཀྱི་ ཉམས་རྒུད་མ་འབྱུང་པའི་ཁར་ ཚེ་སྲོག་ལུ་ ཉེན་ཁ་ཆེ་བའི་གནས་སྟངས་ཡང་ མ་འབྱུང་སྟེ་འབད་རུང་ དུས་རྒྱུན་གྱི་ གནས་ཚུལ་བསྡུ་བཀོད་དང་འབྲེལ་བའི་ ལཱ་ཚུ་འབད་བའི་སྐབས་ དེ་དང་བསྟུན་པའི་གདོང་ལེན་ཚུ་ བྱུང་དོ་ཡོདཔ་ཨིན་པས། བརྡ་བརྒྱུད་ནང་ལཱ་འབད་མི་ རྒན་རིམ་ཅིག་ཨིན་མི་ རིག་འཛིན་དབང་ཕྱུག་གིས་ བཤད་མིའི་ནང་ འབྲུག་པའི་བརྡ་བརྒྱུདཔ་ཚུ་ལུ་ གདོང་ལེན་སྦོམ་ཤོས་ར་ བརྡ་དོན་འཐོབ་མ་ཚུགས་མི་དེ་ཨིན་ཟེར་ཨིན་པས། ཕ་རཱནསི་ལུ་ཡོད་མི་ …

རྒྱས་པར་ལྷག། »

མཆོད་རྟེན་སློངས་མི་ ཕོ་སྐྱེས་༡ ལུ་ ཚེ་བཙོན་བཀལ་ཡོདཔ།

༉ སྤྱི་ཟླ་༣ པའི་ཚེས་༢༢ ལུ་ བཀྲིས་གཡང་རྩེ་རྫོང་ཁག་ཁྲིམས་འདུན་གྱིས་ མཆོད་རྟེན་སློངས་མི་ ཕོ་སྐྱེས་༡ ལུ་ དབྱེ་རིམ་དང་པའི་བཙོན་ཁྲིམས་ ཚེ་བཙོན་བཀལ་ཡོདཔ་ཨིན་པས། དེ་ཡང་ ཁམས་དྭངས་རྒེད་འོག་ ཁམས་དྭངས་རྒེད་གཡུས་ཚན་ལས་ སྐྱེས་ལོ་༣༤ ལང་མི་ ད་ཟ་གིས་ སྟོད་ཚོ་རྒེད་འོག་ ཕྱོ་ལབ་ཙའི་གཡུས་ཚན་ནང་ བྱང་ཆུབ་མཆོད་རྟེན་ཅིག་ སློངས་ཡོདཔ་ཨིན་པས། …

རྒྱས་པར་ལྷག། »

ཁྲོམ་སྡེའི་གདམ་ངོ་ཚུ་གིས་ འཛོམས་འདུའི་སྐབས་ ཡིག་ཆ་བཏོན་དགོཔ་ མེད་མི་ལུ་ཚ་གྱང་།

༉ ད་རེས་ ཁྲོམ་སྡེའི་བཙག་འཐུ་ ཐེངས་༣ པའི་དོན་ལུ་ གདམ་ངོ་བཏོན་པའི་བསྒང་ཡོདཔ་བཞིན་དུ་ གདམ་ངོ་དང་ ལྟ་རྟོག་པ་ལ་ལོ་ཅིག་གིས་ གདམ་ངོའི་འཛོམས་འདུ་སྐབས་ གདམ་ངོ་ཚུ་གིས་ རང་སོའི་ཡིག་ཆ་ཚུ་ བཏོན་ནིའི་ལམ་ལུགས་མེད་མི་ལུ་ ཚ་གྱང་བཤདཔ་ཨིན་པས། བཙུགས་འཐུའི་བཅའ་ཁྲིམས་ཀྱི་ དོན་ཚན་༡༧༨ པའི་ནང་ གསལ་བཀོད་འབད་མི་ ཁྱད་ཚད་ཚང་པ་ཅིན་ ཁྲོམ་སྡེའི་ནང་འཁོད་ལུ་ ཐོ་བཀོད་ཅན་གྱིས་ …

རྒྱས་པར་ལྷག། »

སྒེར་གྱི་སློབ་གྲྭའི་འཐུས་ཐེབས་ དངུལ་ཀྲམ་ས་ཡ་༣༠ སྤྲོད་མི་ལུ་ ཕམ་ཚུ་ལས་དྲི་བཀོད།

༉ སྤྱི་ལོ་༢༠༢༠ འི་ སློབ་དུས་ཕར་འགྱངས་འབད་ཡོདཔ་ལས་ གཞུང་གི་སློབ་གཉེར་གྲོགས་རམ་ཐོག་ལུ་ སྒེར་གྱི་སློབ་གྲྭ་ཚུ་ནང་ འཛུལ་ཞུགས་འབད་མི་ སློབ་ཕྲུག་ཚུ་ལུ་ ཤེས་རིག་ལྷན་ཁག་གིས་ སློབ་གྲྭའི་འཐུས་ ཐེབས་སྤྲོད་ཡོདཔ་ཨིན་པས། ཨིན་རུང་ ཟད་འགྲོ་རང་གིས་བཏང་སྟེ་ སྒེར་གྱི་སློབ་གྲྭ་ཚུ་ནང་ ཤེས་ཡོན་སྦྱང་མི་ སློབ་ཕྲུག་གི་ ཕམ་མང་ཤོས་ཅིག་གིས་ གཞི་ག་ཅི་ལུ་བརྟེན་ སློབ་དུས་ཕར་འགྱངས་ཀྱི་ ཁ་སྐོང་འཐུས་ …

རྒྱས་པར་ལྷག། »

གནས་ཚུལ་མདོར་བསྡུས།

དུས་ཅི་ རྒྱལ་ཡོངས་བཟོ་བཀོད་དང་ ལག་བཟོའི་འགྲན་བསྡུར་ཁག་༧ ནང་ རྒྱལ་ཁབ་ནང་འཁོད་ལས་ ཐོ་བཀོད་འབད་མི་༡༩༠ གིས་ དོ་འགྲན་འབད་ཡོདཔ་བཞིན་དུ་ དེ་ནང་ གོ་༢༥ དང་ དཀྱི་ར་༦༣ ཚེམ་འདྲུབ་༡༠ རང་ལུགས་ཀྱི་ལྡེབས་རིས་༦ འཇིམ་བཟོ་༡༡ པ་ཏྲ་༡༦ དེང་སང་གི་པར་རིས་༥༩ ཡོདཔ་ཨིན་པས། རྒྱལ་འཛིན་ཐགས་རིག་སློབ་སྡེ་གིས་ ལས་སྲོལ་ལས་ཁུངས་འོག་ལུ་ …

རྒྱས་པར་ལྷག། »

ནད་ཡམས་ཀོ་བིཌ་-༡༩ འི་ སྨན་ཁབ་ལུ་དོགས་སྣང་མེདཔ།

༉ རྒྱལ་ཁབ་གཞན་ཚུ་ནང་ ནད་ཡམས་ཀོ་བིཌ་༡༩ འི་ ཨེས་ཊ་ཟེ་ནེ་ཀ་སྨན་ཁབ་ བཙུགས་མི་ལུ་བརྟེན་ གསོ་བ་དང་འབྲེལ་བའི་ དཀའ་ངལ་ཚུ་ བྱུང་དོ་ཡོདཔ་སྦེ་ སླབ་ཡོདཔ་ཨིན་རུང་ འབྲུག་མི་ཚུ་གིས་ འཇིགས་སྣང་ལང་དགོཔ་མེད་ཟེར་ཨིན་པས། དེ་ཡང་ རྒྱལ་ཡོངས་ནད་རིགས་བཀག་ཐབས་ལྟེ་བའི་གཙོ་འཛིན་ ཌོག་ཊར་བསོད་ནམས་དབང་ཕྱུག་གིས་ སླབ་ཨིན་པས། ཁོ་གིས་ སླབ་མིའི་ནང་ མི་སེར་ཚུ་གི་སེམས་ཁར་ གཙོ་བོ་ར་ …

རྒྱས་པར་ལྷག། »

ཁྲོམ་སྡེ་བཙག་འཐུ་༣ པ་ སྤྱི་ཟླ་༤ པའི་ཚེས་༢༨ ལུ་ འགོ་འདྲེན་འཐབ་ནི།

༉ ཕུན་ཚོགས་གླིང་དང་ ཐིམ་ཕུག་ དེ་ལས་ དགེ་ལེགས་ཕུག་ཁྲོམ་སྡེ་༣ གྱི་ ཁྲོམ་དཔོན་དང་ འཐུས་མིའི་བཙག་འཐུ་ཐེངས་༣ པ་དེ་ སྤྱི་ཟླ་༤ པའི་ཚེས་༢༨ ལུ་ འགོ་འདྲེན་འཐབ་ནི་ཨིན་ཟེར་ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ གསལ་བསྒྲགས་འབདཝ་ཨིན་པས། དེ་ཡང་ གདམ་ངོའི་འཛོམས་འདུ་དེ་ སྤྱི་ཟླ་༣ པའི་ཚེས་༢༠ ལས་ …

རྒྱས་པར་ལྷག། »

ནོར་ཨར་རྐུ་མི་ ཕོ་སྐྱེས་༦ ལུ་ བཙོན་ཁྲིམས་བཀལ་ཡོདཔ།

༉ དབང་འདུས་ཕོ་བྲང་རྫོང་ཁག་ཁྲིམས་འདུན་གྱིས་ སྦྱེ་ནག་རྒེད་འོག་ལས་ ནོར་༥ ཨར་རྐུ་མི་ ཕོ་སྐྱེས་༦ ལུ་ བཙོན་ཁྲིམས་ཟླཝ་༣ ལས་ལོ་༡ ཚུན་ བཀལ་ཡོདཔ་ཨིན་པས། དེ་ཡང་ སྤྱི་ཟླ་༣ པའི་ཚེས་༡༡ ལུ་ འཁྲུན་ཆོད་བཏོན་མི་དང་འཁྲིལཝ་ད་ ཉེས་ཅན་ཚུ་ལུ་ འཁྲུན་ཆོད་གནང་པའི་ཉིནམ་ལས་འགོ་བཙུགས་ ཞག་གྲངས་༡༠ གྱི་ནང་འཁོད་ལུ་ …

རྒྱས་པར་ལྷག། »