རྩེད་རིགས།

འབྲུག་གིས་ འཛམ་གླིང་ཕི་ན་རྩལ་གྱི་ འགྲན་བསྡུར་ནང་ བཅའ་མར་གཏོགས་ནི།

༉ རྩལ་རྐྱབ་མི་ སངས་རྒྱས་བསྟན་འཛིན་དང་ ཀུན་ལེགས་ལྷུན་གྲུབ་༢ ཀྱིས་ འབྲུག་གི་ངོ་ཚབ་སྦེ་ ཌུ་བའེ་གི་ས་གནས་ ཡུ་ནའེ་ཊེཊ་ ཨ་རབ་ ཨི་རེཊསི་ལུ་སྦེ་ འཛམ་གླིང་ཕི་ན་རྩལ་གྱི་ འགྲན་བསྡུར་ནང་ བཅའ་མར་གཏོགས་ནི་ཨིན་པས། ཕི་ན་རྒྱལ་སྤྱི་རྩལ་གྱི་ ཚོགས་སྡེའི་རྒྱབ་སྐྱོར་ཐོག་ལས་ ཁོང་༢ ཀྱིས་ ཐའེ་ལེནཌ་ཀྱི་ས་གནས་ ཕུ་ཀེཌ་ལུ་སྦེ་ ལོ་༢ …

རྒྱས་པར་ལྷག། »

རྒྱལ་ཡོངས་ཀིར་ཀེཊ་སྡེ་ཚན་གྱི་ རྩེད་འགྲན་པ་གཞོན་ཤོས།

༉ སྐྱེས་ལོ་༡༤ ལང་མི་ ངག་དབང་ཆོས་སྒྲོན་གྱིས་ ཆུང་ཀུའི་བསྒང་ལས་ར་ རྒྱལ་ཡོངས་ཀིར་ཀེཊ་རྩེད་འགྲན་འབད་ཡོདཔ་ཨིན་པས། མོ་གིས་ མགྱོགས་པར་ར་ མ་ལེ་ཤི་ཡ་ལུ་ འགོ་འདྲེན་འཐབ་ནི་ཨིན་མི་ རྒྱལ་སྤྱི་ཨམ་སྲུའི་ཀིར་ཀེཊ་རྩེད་འགྲན་ནང་ བཅའ་མར་གཏོགས་ནིའི་དོན་ལུ་ བུམོ་༡༡ དང་གཅིག་ཁར་ སྦྱང་བ་འབད་དོ་ཡོདཔ་ཨིན་པས། མོ་ར་ དགེ་ལེགས་ཕུག་འབྲིང་རིམ་སློབ་གྲྭ་གོང་མའི་ སློབ་རིམ་༡༠ པའི་ནང་ དཔེ་ཆ་ལྷབ་དོ་ཡོདཔ་ཨིན་རུང་ …

རྒྱས་པར་ལྷག། »

མིག་ཏོ་སྐྱོན་ཅན་ཚུ་གི་དོན་ལུ་ ཕུཊ་བཱོལ་གྱི་རྩེདམོ་ འགོ་བཙུགས་ཡོདཔ།

༉ དབང་འདུས་ལས་ མིག་ཏོ་ལུ་ཐོ་ཕོག་མི་ སྐྱེས་ལོ་༢༧ ལང་མི་ ཕུརཔ་ཚེ་རིང་གིས་ སྤྱི་ལོ་༢༠༡༠ ལས་ཚུར་ ཕུཊ་བཱོལ་རྩེད་ནི་ བཤོལ་བཞག་ཡི་ཟེར་ཨིན་པས། ད་རེས་ འབྲུག་ཨོ་ལིམ་པིག་ཚོགས་པ་དང་ འབྲུག་པེ་ར་ལིམ་པིག་ཚོགས་པ་གིས་ མིག་ཏོ་སྐྱོན་ཅན་ཚུ་གི་དོན་ལུ་ ཕུཊ་བཱོལ་རྩེད་ནིའི་ལས་རིམ་ཅིག་ འགོ་འདྲེན་འཐབ་མིའི་ནང་ བཅའ་མར་གཏོགས་བཅུག་ཡོདཔ་ལས་ ལོག་སྤྲོ་བ་བསྐྱེད་ནི་ འགོ་བཙུགས་ཡི་ཟེར་ཨིནམ་ད་ ཁོ་དང་གཅིག་ཁར་ …

རྒྱས་པར་ལྷག། »

འདས་པའི་ལོ་ཚུ་ནང་ འབའ་ཐང་ཡར་སེང་སོང་མི་དེ་ ཚ་གྱང་ཅན་ལུ་གྱུར་ཡོདཔ།

༉ འདས་པའི་ལོ་ཚུ་ནང་ ཐིམ་ཕུག་ལུ་ འབའ་ཐང་ཡར་སེང་སོང་མི་ལུ་བརྟེན་ འབའ་ཐང་གི་ ཉེ་འདབས་ལས་ཕར་ སྡོད་མི་ཚུ་གི་ཚེ་སྲོག་ལུ་ གནོད་སྐྱོན་ཡོདཔ་ལས་ ཚ་གྱང་ལང་དོ་ཡོདཔ་ཨིན་པས། ཁ་ས་གྲབ་ཆུ་ལས་ བདེ་ཆེན་ཆོས་གླིང་གི་བར་ན་ འབའ་ཐང་༢༠ ཡར་སེང་སོང་མི་ཚུ་ཡང་ ཁྲོམ་སྦུག་ལུ་དང་ སྣུམ་འཁོར་ལམ་གཡས་དང་གཡོན་ དེ་ལས་ ཁྱིམ་གྱི་བར་ན་ལས་ཕར་ བཟོ་ཡོདཔ་ལས་ མིའི་ཚེ་སྲོག་ལུ་ གནོད་སྐྱོན་མང་དོ་ཡོདཔ་ཨིན་པས། …

རྒྱས་པར་ལྷག། »

ཨམ་སྲུའི་ཕུཊ༌བཱོལ་འགྲན་བསྡུར་ནང་ བ་ཁཱཤ་སྡེ་ཚན་གྱིས་ རྒྱལ་ཁ་ཐོབ་ཡོདཔ།

༉ ཟླཝ་༡ དེ་ཅིག་གི་རིང་ འགོ་འདྲེན་འཐབ་མི་ ཨམ་སྲུའི་ཕུཊ༌བཱོལ་འགྲན་བསྡུར་ འགོ་འདྲེན་འཐབ་མི་ལས་ བ་ཁཱཤ་སྡེ་ཚན་གྱིས་ ཝ་ན་ཁ་སྡེ་ཚན་ལས་ རྒྱལ་ཁ་ཐོབ་ཡོདཔ་ལས་ སྤྱི་ལོ་༢༠༢༡ ལོའི་ ཨམ་སྲུ་སྡེ་ཚན་དྲག་ཤོས་ཐོན་ཡི། ཁ་ཙ་ ཐིམ་ཕུག་ལྕང་ཇི་ཇི་ཕུཊ་བཱོལ་རྩེད་ཐང་གི་ ཉེ་འདབས་ལུ་ཡོད་པའི་ ཕུཊ་སཱལ་ཐང་ནང་སྦེ་ མཐའ་བཅད་རྩེད་འགྲན་འབད་ཡོདཔ་ད་ བ་ཁཱཤ་སྡེ་ཚན་གྱིས་ ཝ་ན་ཁ་སྡེ་ཚན་ལུ་ གཱོལ་༢ …

རྒྱས་པར་ལྷག། »

བྷུ་ཊཱན་པི་རི་མི་ཡར་ལིག་རྩེད་འགྲན་ རྒྱང་མཐོང་ཊི་བི་ཐོག་ལས་སྟོན་ནི།

༉ སྤ་རོ་འུ་ཆུ་ལུ་ཡོད་མི་ ཕུཊ་བཱོལ་རྩེད་ཐང་ནང་ བྷུ་ཊཱན་པི་རི་མི་ཡར་ལིག་རྩེད་འགྲན་ འགོ་བཙུགས་པའི་སྐབས་ རྩེད་འགྲན་དེ་ རྒྱང་མཐོང་ཊི་བི་ཐོག་ལས་ སྟོན་དོ་ཡོད་རུང་ རྩེད་ཐང་གི་ ཉེ་འདབས་ལུ་ཡོད་མི་ འཁོར་ལམ་ཚུ་བདའ་སྟེ་ ལྟདམོ་ལྟ་མི་ལེ་ཤ་ ཐོན་དོ་ཡོདཔ་ཨིན་པས། རྩེད་ཐང་ནང་ བདེ་སྲུངཔ་ཚུ་ བཙུགས་ཡོད་རུང་ ལ་ལོ་ཅིག་གིས་ རྩེད་ཐང་མཐོང་སའི་ ལྡུམ་ར་ཚུ་ནང་སོང་སྟེ་ ལྟ་ཡོདཔ་ད་ …

རྒྱས་པར་ལྷག། »

བི་ཨོ་བི་ བྷུ་ཊཱན་པི་རི་མི་ཡར་ལིག་རྩེད་འགྲན་ འགོ་བཙུགས་ཡོདཔ།

༉ འབྲུག་རྒྱལ་ཡོངས་ཕུཊ༌བཱོལ་ རྩེད་འགྲན་པ་ ཡོངས་གྲགས་ལུ་ཀི་རིཤ་ཊེན་ རོ་ནཱལ་ཌོ་ཟེར་སླབ་མི་ སྤ་རོ་ཨེཕ་སི་སྡེ་ཚན་གྱི་ བཙན་སྐྱོགས་རྒྱལ་མཚན་གྱིས་ འབྲུག་ཨིས་ཊཱར་ལུ་ གཱོལ་༤ དང་ ཆ་རོགས་ཚུ་གིས་ གཱོལ་༤ བཙུགས་ཏེ་ ཕམ་བཏང་ཡི། དེ་ཡང་ རྒྱལ་ཁབ་ནང་ ནད་ཡམས་ཀོ་བིཌ་-༡༩ ཐོན་ཞིནམ་ལས་ ཕྱིའི་ལྟ་བཤལཔ་ཚུ་ བཀག་དམ་འབད་མི་དང་ ས་མཚམས་སྒོ་བསྡམས་མི་ལུ་བརྟེན་ རྒྱལ་ཁབ་ ནང་འཁོད་ལུ་ …

རྒྱས་པར་ལྷག། »

བྷུ་ཊཱན་པི་རི་མར་ལིག་ ཕུཊ༌བཱོལ་རྩེད་འགྲན་ སྤྱི་ཟླ་༨ པའི་ནང་ འགོ་བཙུགས་ནི།

༉ འབྲུག་ཕུཊ༌བཱོལ་ཚོགས་པ་གིས་ སྤྱི་ཟླ་༨ པའི་ནང་ བྷུ་ཊཱན་པི་རི་མར་ལིག་ཟེར་ ཕུཊ་བཱོལ་རྩེད་འགྲན་འགོ་འདྲེན་འཐབ་ནིའི་དོན་ལུ་ འོས་འབབ་ལྟ་དོ་ཡོད་མི་དེ་ཡང་ དུས་ཅི་ སྤྱི་ཟླ་༣ པ་ལས་འགོ་བཙུགས་ ནད་ཡམས་ཀོ་བིཌ་-༡༩ འི་གདོང་ལེན་ལུ་ གཞུང་གིས་ བཀག་འཛིན་འབད་ཡོདཔ་ཨིན་པས། བློན་ཆེན་ཌོག་ཊར་ བློ་གྲོས་ཚེ་རིང་གིས་ གསུངས་མིའི་ནང་ ལྟོདམ་ལྟ་མི་ཚུ་མེདཔ་སྦེ་ རྩེད་འགྲན་གྱི་གས་ཚུ་ འགོ་འདྲེན་འཐབ་ཆོག་ཟེར་ཨིནམ་མ་ཚད་ …

རྒྱས་པར་ལྷག། »

འབྲུག་ཨོ་ལིམ་པིག་ཚོགས་ཆུང་གིས་ ཊོ་ཀི་ཡོ་ཨོ་ལིམ་པིག་༢༠༢༠ ཕར་འཕུད་རྐྱབ་མི་ལུ་རྒྱབ་སྐྱོར།

༉ འཛམ་གླིང་རྒྱལ་ཁབ་ཚུ་ནང་ ཀོ་རོ་ན་བའེ་རཱསི་ ནད་འབུབ་བདའ་ཟུན་པའི་ཤུལ་ལས་ རྒྱལ་སྤྱི་ཨོ་ལིམ་པིག་ཚོགས་ཆུང་གིས་ ཇ་པཱན་གྱི་རྒྱལ་ས་ ཊོ་ཀི་ཡོ་ཨོ་ལིམ་པིག་༢༠༢༠ དང་ པེ་ར་ལིམ་པིག་རྩེད་རིགས་ཚུ་ ཤུལ་མའི་ལོ་ནང་ འགོ་འདྲེན་འཐབ་ནི་སྦེ་ ཕར་འགྱངས་འབད་ཡོདཔ་ཨིན་པས། དེ་ཡང་ སྤྱི་ཟླ་༣ པའི་ཚེས་༢༤ ལུ་ རྒྱལ་སྤྱི་ཨོ་ལིམ་པིག་ཚོགས་ཆུང་གི་ གཙོ་འཛིན་ཐོ་མཱས་བ་ཅི་དང་ ཇ་པཱན་གྱི་ བློན་ཆེན་ཤིན་ཟོ་ཨེ་བི་༢ …

རྒྱས་པར་ལྷག། »

འབྲུག་པའི་ན་གཞོན་༡ གིས་ ད་རིས་ ཨ་མཱན་ལུ་ མཛོག་ཁྱད་འགྲན་བསྡུར་ནང་ བཅའ་མར་གཏོགས་ནི།

༉ འབྲུག་མཛོག་ཁྱད་ཚོགས་སྡེ་ལས་ སྐྱེས་ལོ་༢༢ ལང་མི་ མཛོག་ཁྱད་འཇལ་མི་ བཀྲིས་དབང་འདུས་ཀྱིས་ ད་རིས་ ཨ་མཱན་རྒྱལ་ཁབ་ ཇོར་ཌཱན་ལུ་ ཨེ་ཤི་ཡ་ཨོ་ཤཱན་ནི་ཡ་ཨོ་ལིམ་པིག་ མཛོག་ཁྱད་མཐར་འཁྱོལ་རྩེད་འགྲན་འབད་ནི་ཨིནཔས། ཁོ་གིས་ ལྗིད་ཚད་དབྱེ་རིམ་༥༢ ཀྱི་དབྱེ་ཁག་ནང་ ཐའི་ལེནཌ་གི་ མཛོག་ཁྱད་འཇལ་མི་ པན་མོཏ་ཐི་ཚི་སན་དང་ དོ་འགྲན་འབད་ནི་ཨིན་པས། ན་ཧིང་ ཐའི་ལེནཌ་ལུ …

རྒྱས་པར་ལྷག། »