རྒྱས་བཤད།

ལྡོག་ཕྱོགས་འགོ་ཁྲིདཔ་གསརཔ་ འདེམས་བསྐོ་འབད་ཡོདཔ།

༉ ད་ལས་ཕར་ གཞལམ་སྒང་པཱན་སྦང་གི་འཐུས་མི་ རྡོ་རྗེ་དབང་འདུས་ཀྱིས་ ལོ་༣ གྱི་རིང་ ལྡོག་ཕྱོགས་ཚོགས་པའི་ འཐུས་མི་གཞན་༡༦ དང་གཅིག་ཁར་ རྒྱལ་ཡོངས་ཚོགས་འདུ་ནང་ སྣ་ཁྲིད་འབད་ནི་ཨིན་པས། འབྲུག་ཕུན་སུམ་ཚོགས་པའི་ དྲུང་ཆེན་ཡིག་ཚང་ལས་འབད་བ་ཅིན་ ལྡོག་ཕྱོགས་འགོ་ཁྲིདཔ་གི་ གདམ་ངོ་དེ་ཡང་ ཚོགས་པའི་འཐུས་མི་ཚུ་གིས་ གསང་བའི་བརྒྱུད་འཕྲིན་ཐོག་ ཚོགས་རྒྱན་བཙུགས་ཏེ་ ཁ་ཙ་དྲོ་པར་ ཆ་འཇོག་འབད་ཡི་ཟེར་ཨིན་པས། …

རྒྱས་པར་ལྷག། »

མཁོ་ལོང་ཆུ་གློག་མེ་ལས་འགུལ་གྱི་ལཱ་ དུས་ཅིའི་ལོ་ མཇུག་བསྡུ་ཁམས་ལས་ འགོ་བཙུགས་ཚུགས་པའི་རེ་བ།

༉ བཀྲིས་གཡང་རྩེ་ རྫོང་ཁག་གི་ས་ཁོངས་ནང་ གློག་ཤུགས་མེ་ག་ཝཱཊ་༦༠༠འབད་མི་ མཁོ་ལོང་ཆུ་གློག་མེ་ལས་འགུལ་དེ་ དུས་ཅི་ ལོ་མཇུག་བསྡུ་ཁམས་ཅིག་དང་ ཡང་ཅིན་ སྤྱི་ལོ་༢༠༢༡ ལུ་ འགོ་བཙུགས་ཚུགས་པའི་ རེ་བ་ཡོདཔ་ཨིན་པས། དེ་ཡང་ ཁེ་དབང་གན་ཡིག་གུ་ མཚན་རྟགས་བཀོད་ཚར་བའི་ཤུལ་ལུ་ ལས་འགུལ་སྦོམ་ཤོས་གསུམ་གྱི་ བཟོ་རིག་དང་འབྲེལ་བའི་ ཁས་ལེན་གནས་གོང་ཚུ་ལུ་ དབྱེ་ཞིབ་འབད་ཚར་ནི་དེ་གིས་ཨིན་པས། ཁེ་དབང་གན་ཡིག་གུ་ …

རྒྱས་པར་ལྷག། »

རྫོང་ཁག་གཞན་ཁ་ལས་ བསམ་གྲུབ་ལྗོངས་མཁར་ལུ་འོང་མི་༣༦ དེ་ཅིག་ལུ་ ནད་ཡམས་ཀོ་བིཌ་-༡༩ གི་ བརྟད་དཔྱད་འབད་ཡོདཔ།

༉ ཁ་ཙ་ བསམ་གྲུབ་ལྗོངས་མཁར་གྱི་ གསོ་བའི་འགོ་དཔོན་ཚུ་གིས་ ཐིམ་ཕུག་དང་ དགེ་ལེགས་ཕུག་ དེ་ལས་ ཕུན་ཚོགས་གླིང་ཚུ་ལས་ བསམ་གྲུབ་ལྗོངས་མཁར་ལུ་འོང་མི་༣༦ དེ་ཅིག་ལུ་ ནད་ཡམས་ཀོ་བིཌ་-༡༩ གི་ བརྟད་དཔྱད་འབད་ཡི། དེ་ལས་ བསམ་གྲུབ་ལྗོངས་མཁར་གྱི་ ཨིམ་ཊཱཊ་གི་འགོ་དཔོན་ཚུ་ འཕྲལ་འཕྲལ་ར་ རྒྱ་གར་ལུ་ འགྱོ་དོ་ཡོད་མི་ལུ་བརྟེན་ འགོ་དཔོན་ཚུ་གིས་ …

རྒྱས་པར་ལྷག། »

རྒྱལ་པོའི་ཞིང་ལུ་ རྣམ་རྒྱལ་མཆོད་རྟེན་བཞེངས་ཚར་དོ་ཡོདཔ།

༉ མོང་སྒར་རྒྱལ་པོའི་ཞིང་ལུ་ མི་སེར་ལས་འགུལ་ཐོག་ལས་བཞེངས་མི་ རྣམ་རྒྱལ་མཆོད་རྟེན་དེ་ ཧ་ལམ་བསྒྲུབ་ནི་གུ་ ལྷོད་ཡོདཔ་ད་ བཞེངས་ཚརཝ་ད་ རྒྱལ་ཁབ་ནང་ མཆོད་རྟེན་སྦོམ་ཤོས་ཅིག་ འོང་ནི་ཨིན་པས། མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ བཀའ་རྒྱ་དང་འཁྲིལ་ མོང་སྒར་རྫོང་ཁག་འོག་གི་ དམག་མི་བགྲེསཔ་༤༠༠ ལྷགཔ་ཅིག་གིས་ བཞེངས་དོ་ཡོད་མི་མཆོད་རྟེན་དེ་ འོག་ཐོག་ལུ་ ལྷ་ཁང་སྦེ་ ཕྱིའི་བཟོ་བཀོད་ཚུ་ ཧ་ལམ་བསྒྲུབས་སོ་ནུག། …

རྒྱས་པར་ལྷག། »

སྒོམ་ཀྲུ་དང་ བསམ་རྩེའི་བར་ན་ཡོད་མི་ ཁ་ན་བར་ཏི་གཙང་ཆུ་བྲེས་ཡོདཔ།

༉ སྤྱི་ཟླ་༨ པའི་ཚེས་༤ གི་དྲོ་པའི་ཆུ་ཚོད་༡༠ དེ་ཅིག་ཁར་ དེད་གཡོགཔ་བརྩིས་ཏེ་ འགྲུལ་པ་༥ འབག་མི་ སྣུམ་འཁོར་བོ་ལི་རོ་ཅིག་ ཁ་ན་བར་ཏི་གཙང་ཆུ་བརྒལ་ཏེ་ འགྱོ་ནི་གི་ དཔའ་བཅམ་ད་ ཆུ་ནང་ཐོགས་ལུས་སོཔ་ཨིན་པས། སྣུམ་འཁོར་དེ་ བསམ་རྩེ་ལས་ སྒོམ་ཀྲུ་ལུ་འོངམ་ད་ གཙང་ཆུ་བྲེས་མིའི་སྦུག་ལུ་ ཐོགས་ལུས་ཡོདཔ་ད་ ཁ་ན་བར་ཏི་གཙང་ཆུ་དེ་ བསམ་རྩེ་ལས་ …

རྒྱས་པར་ལྷག། »

ལབ་རྩ་ཁ་སློབ་གྲྭ་ཆུང་བའི་ནང་ འགྲུལ་སྐྱོད་སློབ་སྟོན་ འགོ་བཙུགས་ཡོདཔ།

༉ སྤུ་ན་ཁ་རྟ་ལོག་ ལབ་རྩ་ཁ་སློབ་གྲྭ་ཆུང་བའི་ བློ་གསར་སློབ་རིམ་ནང་ ཤེས་ཡོན་སྦྱང་མི་ སློབ་ཕྲུག་བུཚ་ཅིག་གིས་ ལག་པར་འཇའ་ཆི་ཆི་སྦེ་ པི་སི་བཟུང་སྟེ་ གསལ་བྱེད་ཨེ་འབྲི་ནི་ལུ་ ལཱ་ཁག་རྐྱབ་སར་ མཐོངམ་ཨིན་པས། སློབ་དཔོན་མཁའ་འགྲོ་དབང་མོ་གིས་ ཁོ་འབད་སར་འོང་སྟེ་ ཨ་ལོ་དེ་གི་ ལགཔ་བཟུང་ཞིནམ་ལས་ ཡི་གུ་འབྲི་ཐངས་ཚུ་ སྟོན་བྱིནམ་ཨིན་པས། བདུན་ཕྲག་༣ གྱི་ཧེ་མར་ ཡོངས་འབྲེལ་ཐོག་ལས་ …

རྒྱས་པར་ལྷག། »

བྷུ་ཊཱན་པི་རི་མི་ཡར་ལིག་རྩེད་འགྲན་ རྒྱང་མཐོང་ཊི་བི་ཐོག་ལས་སྟོན་ནི།

༉ སྤ་རོ་འུ་ཆུ་ལུ་ཡོད་མི་ ཕུཊ་བཱོལ་རྩེད་ཐང་ནང་ བྷུ་ཊཱན་པི་རི་མི་ཡར་ལིག་རྩེད་འགྲན་ འགོ་བཙུགས་པའི་སྐབས་ རྩེད་འགྲན་དེ་ རྒྱང་མཐོང་ཊི་བི་ཐོག་ལས་ སྟོན་དོ་ཡོད་རུང་ རྩེད་ཐང་གི་ ཉེ་འདབས་ལུ་ཡོད་མི་ འཁོར་ལམ་ཚུ་བདའ་སྟེ་ ལྟདམོ་ལྟ་མི་ལེ་ཤ་ ཐོན་དོ་ཡོདཔ་ཨིན་པས། རྩེད་ཐང་ནང་ བདེ་སྲུངཔ་ཚུ་ བཙུགས་ཡོད་རུང་ ལ་ལོ་ཅིག་གིས་ རྩེད་ཐང་མཐོང་སའི་ ལྡུམ་ར་ཚུ་ནང་སོང་སྟེ་ ལྟ་ཡོདཔ་ད་ …

རྒྱས་པར་ལྷག། »

འབྲུག་ལྟ་བཤལ་ཚོགས་སྡེ་གིས་ ནང་འཁོད་ལྟ་བཤལ་ལུ་ གཙོ་རིམ་བཟུང་དོ་ཡོདཔ།

༉ ནད་ཡམས་ཀོ་བིཌ་-༡༩ ལུ་བརྟེན་ རྒྱལ་སྤྱི་ལྟ་བཤལཔ་ཚུ་ རྒྱལ་ཁབ་ནང་ འོང་ནི་ལུ་ སྒོ་བསྡམས་ཡོདཔ་ལས་ ད་རེས་ འབྲུག་ལྟ་བཤལ་ཚོགས་སྡེ་གིས་ ནང་འཁོད་ལྟ་བཤལ་ ཡར་དྲག་གཏང་ནི་ལུ་ གཙོ་རིམ་བཟུངམ་ཨིན་པས། ཚོགས་སྡེ་གིས་ ནང་འཁོད་ལྟ་བཤལ་ ཡར་དྲག་གཏང་ནིའི་ལཱ་དེ་ ནད་ཡམས་མ་ཐོན་པའི་ ཧེ་མ་ལས་ར་ འགོ་བཙུགས་ཡོདཔ་ད་ ལྟ་བཤལ་དེ་ རྒྱལ་ཁབ་ཀྱི་ …

རྒྱས་པར་ལྷག། »

གནས་ཚུལ་མདོར་བསྡུས།

འཛམ་གླིང་སྤྱི་ཚོགས་ཀྱི་ ཡོངས་ཁྱབ་དྲུང་ཆེན་གྱིས་ ནད་ཡམས་ཀྱི་དུས་ཚོད་སྐབས་ འཛམ་གླིང་རྒྱལ་ཁབ་ཚུ་གིས་ ཨ་ལོའི་ཤེས་ཡོན་དང་ བཞེས་སྒོ་ གསོ་བ་ དེ་ལས་ ཉེན་སྲུང་ཚུ་ལུ་ གཙོ་རིམ་བཟུང་ནིའི་དོན་ལས་ ང་བཅས་ཀྱིས་ ཨ་ལོ་ཚུ་ ཉེན་སྲུང་འབད་གེ་ཟེར་བའི་ བརྗོད་དོན་ཐོག་ལུ་ འགོ་འདྲེན་འཐབ་མིའི་ནང་ རྒྱལ་ཁབ་༡༧༢ ཡོད་མིའི་གྲངས་སུ་ འབྲུག་གིས་ཡང་ གྲལ་གཏོགས་འབད་ཡོད་པའི་གནས་ཚུལ།

རྒྱས་པར་ལྷག། »

མེ་རག་རྒེད་འོག་འཁོར་ལམ་གྱི་ ཉོགས་བཤད་བཤེར་ཡིག་ཕྱིར་འབུད་བཏང་ཡོདཔ།

༉ ཁ་ཙ་ བཀྲིས་སྒང་རྫོང་ཁག་ཁྲིམས་འདུན་གྱིས་ སྣ་ཚོགས་ཉན་གསན་མཛད་ཐོག་ལས་ མེ་རག་རྒེད་འོག་ལྟེ་བའི་ འཁོར་ལམ་རྩི་ནག་གཏང་ནིའི་ རྩོད་དོན་དེ་ ཕྱིར་འབུད་བཏང་ཡོདཔ་ལས་ གཞུང་གི་ བཀའ་རྒྱ་ལུ་ ངོས་ལེན་འབད་དགོཔ་ཨིན་པས། གཞུང་གི་བཀའ་རྒྱ་དེ་ཡང་ རྫོང་ཁག་ཚོགས་འདུ་གིས་ རྒེད་འོག་ལྟེ་བའི་ འཁོར་ལམ་རྩི་ནག་དེ་ གཤོང་ཕུག་རྒེད་འོག་ ལྕགས་གླིང་དང་ གཤོང་ཕུག་སྤྱི་འོག་༢ བརྒྱུད་དེ་མེན་པར་ ར་ལྡི་རྒེད་འོག་ …

རྒྱས་པར་ལྷག། »