རྒྱས་བཤད།

ལའི་ཤོམ་ལར་རྒྱབ་སྤྱི་འོག་གི་མི་སེར་ཚུ་ སོ་ནམ་ཞིང་ལམ་མེད་པའི་ དཀའ་སྡུག་མྱོང་དོ་ཡོདཔ།

༉ རྫོང་ཁག་མང་ཤོས་ཅིག་གི་ སྤྱི་འོག་དང་ མཐའ་ཟུར་གཡུས་ཚན་ཚུ་ནང་ སོ་ནམ་ཞིང་ལམ་གྱི་ མཐུན་རྐྱེན་ཚུ་ཡོད་རུང་ བཀྲིས་གཡང་རྩེ་ལུ་ དེང་སང་གི་ གོང་འཕེལ་མཐུན་རྐྱེན་ཚུ་ ཐོབ་མ་ཚུགས་པར་ལུས་མི་ སྤྱི་འོག་ཅིག་འདུག། དེ་ཡང་ འཇམ་མཁར་རྒེད་འོག་ ལའི་ཤོམ་ལར་རྒྱབ་སྤྱི་འོག་ནང་ སོ་ནམ་ཞིང་ལམ་མེད་པའི་ཁར་ གཞི་རྟེན་སྨན་ཁང་ཡང་ ཉེ་འདབས་ལུ་མེདཔ་ལས་ གློ་བུར་དུ་ ནདཔ་ཐོན་མི་ཚུ་ དང་ཕུ་བཟུམ་སྦེ་ར་ …

རྒྱས་པར་ལྷག། »

སློབ་ཕྲུག་ཚུ་གིས་ ངལ་གསོ་སྐབས་ བཟོ་སྐྲུན་གྱི་ལཱ་འབད་དེ་ འོང་འབབ་བཟོ་དོ་ཡོདཔ།

༉ གནམ་དགུན་གྱི་ངལ་གསོ་དེ་ དོན་སྨིན་ཅན་དང་ ཟད་འགྲོ་བཟོ་ནིའི་དོན་ལུ་ སློབ་ཕྲུག་ཚུ་གིས་ བཟོ་སྐྲུན་ལས་སྡེ་ཚུ་ནང་ ལཱ་འབད་དོ་ཡོདཔ་ཨིན་པས། དེ་ཡང་ ཁྲོམ་ཚོགས་ཀྱི་ས་གནས་ཚུ་ནང་ ན་གཞོན་ཚུ་ ཁྱིམ་ནང་སྡོད་ནི་དང་ སྤྲོ་སྟོན་ལས་རིམ་ཚུ་ནང་ གྲལ་གཏོགས་འབད་དོ་ཡོདཔ་ཨིན་རུང་ ཀྲོང་གསར་ཤེས་རབ་གླིང་སློབ་གྲྭ་ལྟེ་བའི་ སློབ་ཕྲུག་ཚུ་ ཕྱིའི་ལས་མི་ཚུ་བཟུམ་སྦེ་ དཔའ་ཉམས་ཐོག་ལས་ བཟོ་སྐྲུན་ལས་སྡེ་ཚུ་ནང་ ལཱ་འབད་དོ་ཡོདཔ་ཨིན་པས། སློབ་རིམ་༩ …

རྒྱས་པར་ལྷག། »

སྟང་སི་སྦྱིས་གློག་མེ་ལས་འགུལ་གྱི་ལཱ་ཚུ་ གྲུབ་འབྲས་ལེགས་ཐོན་བྱུང་དོ་ཡོདཔ།

༉ གློག་ཤུགས་མེ་ག་ཝཱཊ་༡༡༨ འབད་མི་ སྟང་སི་སྦྱིས་གློག་མེ་ལས་འགུལ་གྱི་ལཱ་ཚུ་ ལེགས་ཤོམ་འགྱོ་དོ་ཡོད་པའི་ཁར་ གྲུབ་འབྲས་ཡང་ ལེགས་ཤོམ་སྦེ་ར་ ཐོན་བཞིན་དུ་འདུག། ལས་འགུལ་གྱི་ ལཱ་ཚུ་གི་གྲས་ལས་ གྲུབ་འབྲས་ངོ་མ་ཅིག་ སྤྱི་ཟླ་༡ པའི་ཚེས་༢༣ ལུ་ ལས་འགུལ་གྱི་ཆུ་དུང་ གོ་རིམ་༢ པ་དང་༣ པ་ མཐུད་སྦྲེལ་འབད་མི་དེ་ཨིན་པས། ལས་འགུལ་གྱི་ …

རྒྱས་པར་ལྷག། »

འཇམ་མཁར་གྱི་ ཨམ་སྲུ་ཚུ་གིས་ འབུ་རས་གོ་དང་དཀྱི་ར་འཐགས་ཏེ་ འོང་འབབ་བཟོ་དོ་ཡོདཔ།

༉ གནམ་དགུན་གྱི་དུས་ཚོད་ འ་ནེམ་ཅིག་ཁར་ བཀྲིས་གཡང་རྩེ་ འཇམ་མཁར་རྒེད་འོག་གི་ ཨམ་སྲུ་ཚུ་གི་དོན་ལུ་ འོང་འབབ་བཟོ་ནིའི་ དུས་ཚོད་ཅིག་ཨིན་པས། དེ་ཡང་ ལོ་༡ གི་ལོ་ཐོག་ཚུ་བསྡུ་ཚར་ཏེ་ ཐགས་ལཱ་འབད་དོ་ཡོདཔ་ད་ གནམ་དགུན་ལུ་ རང་སོའི་ཨ་ལོ་ཚུ་ལུ་ ཐགས་ལཱ་སྟོན་ནིའི་ དུས་ཚོད་ཅིག་ཡང་ཨིན་པས། ཨིན་རུང་ ད་རེས་ ཨ་ལོ་མང་ཤོས་ཅིག་གིས་ ཞི་གཡོགཔ་དང་ …

རྒྱས་པར་ལྷག། »

ཕོངས་མེད་རྒེད་འོག་ཡིག་ཚང་ མེ་གིས་འཚིགས་ཡོདཔ།

ཡིག་ཚང་མེ་སྤར་བཏང་ནུག་ཟེར་ མི་སྡེ་བརྡ་བརྒྱུད་ནང་ འཐོར་གཏམ་དར་ཁྱབ་སོང་མི་དེ་ མི་བདེན་མས། ༉ ཁ་ཙ་ དྲོ་པའི་ཆུ་ཚོད་༤:༣༠ དེ་ཅིག་ཁར་ བཀྲིས་སྒང་ཕོངས་མེད་རྒེད་འོག་ཡིག་ཚང་ རྩ་བར་ལས་ མེ་རྐྱེན་གྱིས་ འཚིགས་ཡོདཔ་ཨིན་པས། མེ་འབར་སར་ འགོ་དང་པ་མཐོང་མི་ གཡུས་མི་རྣམ་རྒྱལ་གྱིས་ སླབ་དོ་བཟུམ་འབད་བ་ཅིན་ ཁོ་ར་ དྲོ་པ་ཆབ་གསང་འབད་བར་འགྱོཝ་ད་ རྒེད་འོག་གི་ཡིག་ཚང་དེ་ དུ་པ་གིས་གང་སར་ …

རྒྱས་པར་ལྷག། »

ཤར་ནུབ་གཞུང་ལམ་རྒྱ་སྐྱེད་ཀྱི་ལཱ་ ཀི་ལོ་མི་ཊར་༣༧༦ མཇུག་བསྡུ་ཡོདཔ།

༉ ཁག་འབག་གི་ཐོག་ལས་ རྒྱལ་ཡོངས་ཀྱི་ གཞུང་ལམ་༣༩ དེ་ཅིག་ རྒྱ་སྐྱེད་འབད་ནི་ འགོ་བཙུགས་ཡོད་མི་ལས་༣༤ མཇུག་བསྡུ་ཡོདཔ་བཞིན་དུ་ གཞུང་ལམ་ཁག་༥ མཇུག་བསྡུ་བར་ ལུས་མི་དེ་ ཁྲིམས་བཤེར་དང་ རྩོད་རྙོགས་ཚུ་ལུ་བརྟེན་ ཐོགས་ལུས་ཡོད་ཟེར་ཨིན་པས། དེ་ཡང་ སྤྱི་ཟླ་༡ པའི་ཚེས་༢༡ ལུ་ རྒྱལ་ཡོངས་ཚོགས་འདུའི་ དྲི་བཀོད་ལས་རིམ་ནང་ …

རྒྱས་པར་ལྷག། »

བསམ་གྲུབ་ལྗོངས་མཁར་གྱི་ ལོ་བསྟར་སྨོན་ལམ་ཆེན་མོ་ཐེངས་༤ པ་ གྲོལ་ཡོདཔ།

༉ ཁ་ཙ་ བསམ་གྲུབ་ལྗོངས་མཁར་གྱི་ ལོ་བསྟར་སྨོན་ལམ་ཆེན་མོ་ཐེངས་༤ པ་ མི་མང་ལུ་ གུ་རུ་དྲག་དམར་གྱི་ ཁྲོམ་དབང་གནང་སྟེ་ གྲོལ་ཡོདཔ་་ད་ སྨོན་ལམ་ཆེན་མོའི་ནང་ པདྨ་དགའ་ཚལ་ལ་སོགས་པའི་ ཤར་ཕྱོགས་རྫོང་ཁག་ཚུ་ནང་གི་ དད་ཅན་མི་སེར་ཚུ་གིས་ཡང་ བཅའ་མར་གཏོགས་ཡི། སྤྱི་ཟླ་༡ པའི་ཚེས་༡༨ ལས་ འགོ་བཙུགས་མི་ སྨོན་ལམ་ཆེན་མོ་དེ་ གཞུང་གྲྭ་ཚང་གི་ …

རྒྱས་པར་ལྷག། »

ཇའི་ཀ་ལས་སྡེ་གིས་ འབྲུག་ལུ་ མཐུན་འབྲེལ་གྱི་ཟམ་༢༣ རྐྱབ་ཚར་ཡོདཔ།

༉ འབྲུག་འདི་ སྐོབས་ཚུད་ཅན་གྱི་ རྒྱལ་ཁབ་ཅིག་འབདཝ་ལས་ མི་རྒྱུན་འགྲུལ་འཐབ་ནི་དང་ ཅ་ཆས་སྐྱེལ་འདྲེན་གྱི་དོན་ལུ་ འཁོར་ལམ་གྱི་ མཐུད་སྦྲེལ་དེ་ གལ་གནད་ཅན་ཅིག་ཨིནམ་བཞིན་དུ་ རྒྱལ་ཁབ་ནང་ གོང་འཕེལ་གྱི་ ལས་སྣ་འགོ་བཙུགས་ཞིནམ་ལས་ཚུར་ ཟམ་ཡང་མང་རབས་ཅིག་རྐྱབ་ནུག། དེང་སང་གི་ ཟམ་རྐྱབ་ནིའི་ཐད་ལུ་ ཇ་པཱན་གཞུང་གིས་ འབྲུག་ལུ་ རྒྱབ་སྐྱོར་གང་དྲག་འབད་མི་དེ་ཡང་ འདས་པའི་ལོ་ངོ་བཅུ་ཕྲག་༢ དེ་ཅིག་གི་རིང་ལུ་ …

རྒྱས་པར་ལྷག། »

ཀྲོང་གསར་མང་སྡེ་ཕུག་གཡུས་ཚན་ནང་ སྤྱི་ལོ་༢༠༢༠ མཇུག་མ་བསྡུཝ་ལས་ གློག་མེ་བཀྲམ་སྤེལ་ལྷོད་ནི།

༉ ཀྲོང་གསར་ནུབ་སྦིས་རྒེད་འོག་ མང་སྡེ་ཕུག་གཡུས་ཚན་ནང་ གློག་མེ་བཀྲམ་སྤེལ་མ་ལྷོད་ནི་དེ་གིས་ མི་སེར་ཚུ་ གློག་ཆས་དང་ དེང་སང་གི་མཐུན་རྐྱེན་ཚུ་ སྤྱོད་ནིའི་གོ་སྐབས་མ་ཐོབ་པར་འདུག། མང་སྡེ་ཕུག་གཡུས་ཚན་ནང་ ཁྱིམ་གུང་པ་༤ ཡོདཔ་ད་ གཡུས་ཚན་དེ་ ནུབ་སྦིས་རྒེད་འོག་ལས་ ལམ་ཐག་རིང་ཤོས་ཅིག་ཨིན་པས། མི་སེར་ཚུ་གིས་ སླབ་མིའི་ནང་ གློག་མེའི་ཞབས་ཏོག་བཙུགས་ནིའི་དོན་ལུ་ བརྟག་ཞིབ་དང་ ལྟ་རྟོག་ ས་འཇལ་ནིའི་ལཱ་ཚུ་ …

རྒྱས་པར་ལྷག། »

ན་གཞོན་སྡེ་ཚན་ ཡུན་བརྟན་གནས་ནི་ལུ་ གདོང་ལེན་བྱུང་དོ་ཡོདཔ།

༉ ད་རེས་ བུ་ལོམ་མཐུད་སྦྲེལ་ཟེར་མི་ ན་གཞོན་སྡེ་ཚན་ཅིག་གིས་ རང་སོའི་རིག་སྟོབས་ བཏོན་ཐོག་ལས་ ལག་བཟོ་ཐོན་སྐྱེད་བཟོ་ནི་ལུ་ ཉིན་ནུབ་མེན་པར་ ལཱ་འབདཝ་ཨིན་པས། འཐུས་མི་༡༥ འབད་མི་ ན་གཞོན་སྡེ་ཚན་གྱིས་ ལག་བཟོ་ཐོན་སྐྱེད་ཚུ་ཡང་ ཚོང་འབྲེལ་འཐབ་དོ་ཡོདཔ་ད་ འཐུས་མི་ཚུ་ སྡེ་ཚན་གྱི་ སློབ་གྲྭའི་ངལ་གསོ་ནང་མ་གཏོགས་ གཅིག་ཁར་འཛོམས་ནི་མེདཔ་ཨིན་པས། རྒྱལ་ཁབ་ནང་འཁོད་ཀྱི་ མཐོ་རིམ་སློབ་གྲྭ་ཁག་ཚུ་ལས་ …

རྒྱས་པར་ལྷག། »