རྒྱས་བཤད།

ཀྲོང་གསར་སྦས་གླིང་ལུ་ ཁྱིམ་༣ གྱི་ གྱང་རྩིག་ཚུ་གུ་ སེར་གུ་ཐོན་པའི་ཁ་ཉེས།

༉ ཀྲོང་གསར་གླང་མཐིལ་རྒེད་འོག་ སྦས་གླིང་ལུ་ ཁྱིམ་༣ གྱི་ གྱང་རྩིག་ཚུ་གུ་ སེར་གུ་ཐོན་མི་དེ་ ས་གནས་ཀྱི་ མི་ཚུ་གིས་འབད་བ་ཅིན་ མང་སྡེ་ཆུ་གློག་མེ་ལས་འགུལ་གྱི་ ཅ་ཆས་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊཱག་ཚུ་ལུ་བརྟེན་ཨིན་རུང་ ཁ་ཉེས་བཀལཝ་ཨིན་པས། སེར་གུ་ཐོན་མི་ ཁྱིམ་གྱི་ཇོ་བདག་ཚུ་གིས་ སླབ་མིའི་ནང་ སྤྱི་ལོ་༢༠༡༦ ལུ་ ཁོང་གི་ཁྱིམ་ཚུ་གུ་ སེར་གུ་ཐོན་པའི་སྐབས་ …

རྒྱས་པར་ལྷག། »

གནས་ཚུལ་མདོར་བསྡུས།

ད་རེས་ནངས་པར་ རྒྱལ་ཁབ་ནང་འཁོད་ལུ་ ལྕང་ལཱ་རྐྱབ་ནིའི་ དུས་ཚོད་ཨིནམ་བཞིན་དུ་ སྤུ་ན་ཁ་འཛོམས་མི་རྒེད་འོག་ནང་ ཞིང་ཆུའི་དཀའ་ངལ་ཡོད་རུང་ སོ་ནམ་པ་ཚུ་གིས་ ཆར་ཆུ་ལུ་བརྟེན་ཐོག་ལས་ ལྕང་ལཱ་རྐྱབ་པའི་བསྒང་ཡོདཔ་ཨིན་པས། སོ་ནམ་པ་ཅིག་གིས་ སླབ་མིའི་ནང་ ཆརཔ་མ་རྐྱབ་པ་ཅིན་ ལྕང་ལཱ་རྐྱབ་ཐབས་མེད་ཟེར་ཨིནམ་ད་ སློབ་གྲྭ་སྒོ་བསྡམས་ཏེ་ཡོད་མི་ལུ་བརྟེན་ སློབ་ཕྲུག་ཚུ་གིས་ཡང་ རང་སོའི་ཕམ་ཚུ་ལུ་ འབྱ་འཛུགས་འབད་ནི་ནང་ ཆ་རོགས་འབད་དོ་ཡོད་པའི་གནས་ཚུལ།

རྒྱས་པར་ལྷག། »

ཇའི་སྒང་ལུ་ ཀོ་བིཌ་-༡༩ ཐོབ་མི་ ཐོན་ཡོདཔ་ལས་ ལྟ་རྟོག་དམ་དམ་འབད་ནི།

གཞུང་གིས་ ཇའི་སྒང་ལུ་སྡོད་མི་ འབྲུགཔ་ཡོད་པ་ཅིན་ རྒྱལ་ཁབ་ནང་ ལེན་ནི་ལུ་ ཆ་རོགས་འབད་ནི། ༉ ཁ་ཙ་ ཕུན་ཚོགས་གླིང་གི་ ས་མཚམས་ཁྲོམ་སྡེ་ ཇའི་སྒང་ལུ་ ནད་ཡམས་ཀོ་བིཌ་-༡༩ ཐོབ་མི་ ཐོན་པའི་ཤུལ་ལས་ བློན་ཆེན་ཌོག་ཊར་ བློ་གྲོས་ཚེ་རིང་གིས་ ཇའི་སྒང་ལུ་སྡོད་མི་ འབྲུག་མི་ཚུ་ལུ་ ཕུན་ཚོགས་གླིང་ལུ་ཡོད་མི་ ཀོ་བིཌ་-༡༩ …

རྒྱས་པར་ལྷག། »

རྒེད་འོག་༧ གྱི་ ས་ཆ་སྟོངམ་ཨེ་ཀར་༤༥.༥ ནང་ ཚོད་བསྲེ་འཛུགས་སྐྱོང་།

༉ རྒྱལ་ཁབ་ནང་ ནད་ཡམས་ཀོ་བིཌ་-༡༩ ཐོན་པའི་ཤུལ་ལུ་ བསམ་གྲུབ་ལྗོངས་མཁར་གྱི་ རྒེད་འོག་༧ ནང་ སྐམ་ཞིང་དང་ ཆུ་ཞིང་སྟོངམ་སྦེ་ལུས་མི་ ས་ཆ་ཨེ་ཀར་༤༥.༥ དེ་ཅིག་ནང་ ཚོད་བསྲེའི་རིགས་ཚུ་ འཛུགས་སྐྱོང་འབད་ནི་ འགོ་བཙུགས་ནུག། དེ་ཡང་ མར་ཚ་ལ་དང་ སྒོམ་དར་ ཕུན་ཚོགས་ཐང་ ལའུ་རི་ གླང་ཅན་ཕུག་ …

རྒྱས་པར་ལྷག། »

མི་དབང་མཆོག་ལུ་ གུས་བཏུད་ཞུ་ནིའི་ འཁྲུངས་སྟོན་ལས་རྟགས་འགོ་འབྱེད།

༉ དུས་ཅི་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ དགུང་ལོ་༤༠ བཞེས་པའི་ འཁྲུངས་སྐར་དུས་ཆེན་ ལོ་༡ གི་རིང་ བརྩི་སྲུང་ཞུའི་དོན་ལུ་ ཁ་ཙ་ ཁྱད་དུ་འཕགས་པའི་ དུས་ཆེན་ལྔ་འཛོམས་ཀྱི་ཉིན་མར་ གཞུང་འབྲེལ་གྱི་ ལས་རྟགས་ཅིག་ འགོ་འབྱེད་གནང་ཡི། འཁྲུངས་སྟོན་བརྩི་སྲུང་ཞུ་དགོ་མིའི་ དམིགས་ཡུལ་གཙོ་བོ་ར་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ ཐུགས་རིག་རྣམ་པར་བཀྲ་བའི་ དབུ་ཁྲིད་བཟང་པོའི་ཐོག་ལུ་ …

རྒྱས་པར་ལྷག། »

ནང་འདྲེན་པ་ཚུ་ལས་ ལས་མིའི་གླ་ཆ་ མཐོ་དྲགས་པའི་ཉོགས་བཤད།

༉ ནད་ཡམས་ཀོ་རོ་ན་བའེ་རཱསི་ལུ་བརྟེན་ ཕུན་ཚོགས་གླིང་གི་ འཛུལ་སྒོ་བསྡམས་བཞག་པའི་ཤུལ་ལུ་ རྒྱ་གར་གྱི་ ལས་མི་ཚུ་མེདཔ་ལས་ འབྲུག་པའི་ན་གཞོན་ཚུ་གིས་ སྣུམ་འཁོར་ཊཱག་ཚུ་ལས་ དོ་ཕབ་ནི་དང་ བཀལ་ནི་གི་ ལཱ་འབད་དོ་ཡོདཔ་ཨིན་པས། ཀོ་བིཌ་-༡༩ ནད་འབུབ་དེ་གིས་ འཛམ་གླིང་ནང་ དཔལ་འབྱོར་ལུ་ གནོད་པ་བྱུང་སྟེ་ཡོད་པའི་ ནམ་དུས་ལུ་ འབྲུག་གི་ན་གཞོན་ཚུ་གི་དོན་ལས་ ལཱ་གཡོག་གི་ གོ་སྐབས་བཟོ་སྟེ་འབད་རུང་ …

རྒྱས་པར་ལྷག། »

ནགས་ཚལ་གྱི་ཉིནམ་ལུ་ ཕྱགས་སྙིགས་བསྡུ་བསྒྱོམ་དང་ ལྕངམ་འཛུགས་སྐྱོང་འབད་ཡོདཔ།

༉ སོ་ནམ་དང་ནགས་ཚལ་ལྷན་ཁག་གིས་ ནགས་ཚལ་གྱི་ཉིནམ་ལུ་ དམིགས་བསལ་གྱི་ལས་རིམ་དང་ ལས་སྣ་ཚུ་ ག་ནི་ཡང་མེད་རུང་ གཞུང་དང་ སྒེར་སྡེ་ དེ་ལས་ གཞུང་མིན་ཚོགས་པ་ཚུ་གིས་ ཕྱགས་སྙིགས་བསྡུ་བསྒྱོམ་དང་འབྲེལ་ ཤིང་གི་ལྕངམ་ཚུ་ འཛུགས་སྐྱོང་འབད་ནུག། དེ་ཡང་ ནད་ཡམས་ཀོ་བིཌ་-༡༩ ལུ་བརྟེན་ འབྲུག་ལྟ་བཤལ་ཚོགས་སྡེ་འོག་ལུ་ ལཱ་འབད་སྡོད་མི་ཚུ་ལུ་ ཚབས་ཆེན་སྦེ་ གནོད་ཡོདཔ་ལས་ …

རྒྱས་པར་ལྷག། »

ནད་ཡམས་ཀྱི་གནས་སྟངས་ནང་ བཟོ་རིག་༡༣ སྤེལ་ཁང་གི་ སློབ་ཕྲུག་ཚུ་གིས་ འོང་འབབ་བཟོ་དོ་ཡོདཔ།

༉ ནད་ཡམས་ཀོ་བིཌ་༡༩ འི་ ཉེན་སྲུང་གི་དོན་ལུ་ བཀྲིས་གཡང་རྩེ་ བཟོ་རིག་༡༣ ཡང་ སྒོ་བསྡམས་ཡོདཔ་བཞིན་དུ་ སློབ་ཕྲུག་ཚུ་ རང་སོའི་གཡུས་ཁར་བཏང་ཡོད་རུང་ ལ་ལོ་ཅིག་ བཀྲིས་གཡང་རྩེ་ལུ་ར་ སྡོད་ནུག། དེ་ཡང་ རང་སའོ་གཡུས་ཁར་ ཡོངས་འབྲེལ་གྱི་ཞབས་ཏོག་མེད་མི་དང་ ལ་ལོ་ཅིག་ རང་སོའི་ རིག་རྩལ་གཡོག་བཀོལ་ཏེ་ འོང་འབབ་བཟོ་ནི་དོན་ལུ་ …

རྒྱས་པར་ལྷག། »

གནས་ཚུལ་མདོར་བསྡུས།

སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ དབུ་བཞུགས་ཐོག་ལས་ བླ་སྤྲུལ་དང་ དགེ་སློང་ཞལ་གྲངས་༣༠༠ ལྷགཔ་ཅིག་གིས་ ཐིམ་ཕུག་རྟ་མགོ་རྡོར་གདན་བཀྲིས་ཐང་ ནང་པའི་གཙུག་ལག་སློབ་གྲྭའི་ ཚོགས་ཁང་ནང་སྦེ་ ཉིན་གྲངས་༤༥ འི་རིང་ ནད་ཡམས་ཀོ་བིཌ་-༡༩ བཟློག་ཐབས་ཀྱི་ བསྟན་སྤྱིའི་སྐུ་རིམ་དང་འབྲེལ་ སྐྱབས་རྗེ་ཁྲི་ཟུར་རིན་པོ་ཆེའི་ དགོངས་རྫོགས་གསུང་ཆོག་གནང་མི་དེ་ ད་རིས་ མཇུག་བསྡུ་ནི་ཨིན་པའི་གནས་ཚུལ།

རྒྱས་པར་ལྷག། »

ཕུན་ཚོགས་གླིང་ལུ་ ཚོང་འབྲེལ་འཐབ་ནི་ ལོག་འགོ་བཙུགས་ཡོདཔ།

༉ སྤྱི་ཟླ་༣ པའི་ཚེས་༢༣ ལུ་ ནད་ཡམས་ཀོ་རོ་ན་བའེ་རཱསི་ལུ་བརྟེན་ ཕུན་ཚོགས་གླིང་གི་ འཛུལ་སྒོ་བསྡམས་ཏེ་ ཟླཝ་༢ ཀྱི་རྒྱབ་ལས་ ཚོང་འབྲེལ་གྱི་ ལས་སྣ་ཚུ་ ཨ་རྟག་གི་ གནས་སྟངས་ནང་ ལྷོད་དོ་ཡོདཔ་ཨིན་པས། ད་རེས་ནངས་པར་ ཕུན་ཚོགས་གླིང་ཁྲོམ་ནང་ ཉོ་ཚོང་རྐྱབ་མི་ ལེ་ཤ་ལྷོད་དེ་ཡོདཔ་བཞིན་དུ་ ཕྱི་རུའི་ཆུ་ཚོད་༦ དེ་ཅིག་ལས་ …

རྒྱས་པར་ལྷག། »