རྒྱས་བཤད།

ཕུན་ཚོགས་གླིང་གི་ སློབ་ཕྲུག་ཚུ་ལུ་ ཉེན་ཆུང་ས་ཁོངས་ཚུ་ནང་ སྤོ་བཤུད་འབད་ནིའི་གདམ་ཁ།

༉ ཕུན་ཚོགས་གླིང་ལུ་ སློབ་ཕྲུག་ཚུ་ སྤྱི་ལོ་༢༠༢༢ ཀྱི་ སློབ་དུས་སྐབས་ ཉེན་ཁ་ཆུང་བའི་ སློབ་གྲྭ་གཞན་ཚུ་ནང་ བཙུགས་འདོད་ཡོད་མི་ ཕམ་ཚུ་ལུ་ ལྷན་ཐབས་འབད་ནི་ཨིན་པས།ད་རུང་ སློབ་ཕྲུག་ཚུ་ སློབ་གྲྭ་གཞན་ཚུ་ནང་ ཨིན་ཅི་མིན་ཅི་ སྤོ་བཤུད་འབད་དགོཔ་མེདཔ་ཨིན་པས།ཕུན་ཚོགས་གླིང་ལུ་ དུས་ཅིའི་སློབ་དུས་དེ་ མཇུག་བསྡུ་རནམ་ད་ སློབ་གྲྭ་འཛིན་སྐྱོང་ལས་ སྤྱི་ལོ་༢༠༢༢ ཀྱི་ …

རྒྱས་པར་ལྷག། »

རི་མུང་ལྷ་ཁང་གི་ རྒྱབ་ཁུངས་མདོར་བསྡུས།

༉ བསམ་གྲུབ་ལྗོངས་མཁར་ ཨོ་རོང་རྒེད་འོག་ལས་ དུས་ཡུན་ཆུ་ཚོད་༡ ལྷགཔ་ཅིག་ སྣུམ་འཁོར་ནང་ འགྲོ་འགྲུལ་འབད་བའི་ཤུལ་ལས་ ཤིང་སྣ་ཚོགས་དང་ གངས་རི་གིས་ བསྐོར་ཡོད་པའི་ ཉམས་དགའ་བའི་ཐང་ཅིག་ནང་ ཡ་མཚན་ཆེ་བའི་ ལྷ་ཁང་ཅིག་ མཇལ་ཚུགས་པས།ལྷ་ཁང་དེ་ པདྨ་དགའ་ཚལ་ཡོངས་ལ་དགོན་པའི་ བླམ་ཚུ་གི་ གནམ་དགུན་གྱི་ བཞུགས་གནས་ཨིནམ་ལས་ རྩ་ཅན་ཅིག་ཨིནམ་སྦེ་ སླབ་དོ་ཡོདཔ་བཞིན་དུ་ …

རྒྱས་པར་ལྷག། »

དགེ་ལེགས་ཕུག་ལུ་ ཆུ་རུད་བཀག་ཐབས་ཀྱི་ ཆུ་བྱག་དང་ ཆུ་ལམ་ལེགས་བཅོས་འབད་ནི།

ཁྲོམ་སྡེ་གིས་ ལོ་ཕྱེད་ཀྱི་ འཆར་དངུལ་བསྐྱར་ཞིབ་སྐབས་ ཉེན་ཅན་ས་ཁོངས་ཚུ་ནང་ ཆུ་རུད་བཀག་ཐབས་ཀྱི་ གཙོ་རིམ་སྒྲིག་ནི་ཨིན་པས། ༉ གནམ་བྱཱར་གྱི་སྐབས་ ཆུ་རུད་ལས་ ཉེན་སྐྱོབ་འབད་མི་ ཆུ་བྱག་ཚུ་ རམ་ཡར་སོཔ་ལས་ དགེ་ལེགས་ཕུག་ ནམ་མཁའ་གླིང་འདེམས་ཁོངས་ནང་ ཨའི་པོ་ལི་རོང་ཆུའི་ ཉེ་འདབས་ལུ་ སྡོད་མི་ཚུ་ ཚ་གྱང་ལང་སྟེ་ཡོད་མི་དེ་ཡང་ ཤུལ་མའི་ཆར་ཆུའི་ དུས་ཚོད་ནང་ …

རྒྱས་པར་ལྷག། »

སོ་ནམ་ཚོང་ཁང་ཚུ་ རྒེད་འོག་བདག་སྐྱོང་གིས་ འཛིན་སྐྱོང་འཐབ་ནིའི་ འོས་འབབ་མེདཔ།

འཐུས་མི་མང་ཤོས་ཅིག་གིས་ གྲོས་འདེབས་ལུ་ ངོས་ལེན་མེད་པའི་ གསལ་ཞུ་ཕུལ་ཡི། ༉ ཁ་ཙ་ རྒྱལ་ཡོངས་ཚོགས་སྡེའི་ རང་བཞིན་ཐོན་སྐྱེད་དང་མཐའ་འཁོར་ཚོགས་ཆུང་གིས་ གྲོང་གསེབ་ཁག་ཚུ་ནང་ གཞི་བཙུགས་འབད་མི་ སོ་ནམ་ཚོང་ཁང་ཚུ་གི་ བདག་དབང་དེ་ གཞུང་གིས་ རྒེད་འོག་བདག་སྐྱོང་ལུ་ རྩིས་སྤྲོད་ནི་ འོས་འབབ་བལྟ་དགོ་པའི་ གྲོས་འདེབས་ཕུལ་ཡི།ཨིན་རུང་ འཐུས་མི་མང་ཤོས་ཅིག་གིས་ གྲོས་འདེབས་དེ་ལུ་ རྒྱབ་སྐྱོར་མེད་པའི་ …

རྒྱས་པར་ལྷག། »

དྲང་དཔོན་༢ དང་ མཁའ་འགྲོ་དབང་མོའི་ བཙོན་ཁྲིམས་ལུ་ བསྒྱུར་བཅོས་མེདཔ།

ཆེ་མཐོ་ཁྲིམས་འདུན་ལས་ གྱེན་ལོག་དམག་རྒོལ་རྒྱུད་སྐུལ་གྱི་ གནོད་འགེལ་ལུ་གཞི་འཛིན། ༉ གྱེན་ལོག་དམག་རྒོལ་རྒྱུད་སྐུལ་དང་ གཡོ་སྒྱུ་ལ་སོགས་པའི་ གནོད་འགེལ་འཐབ་པའི་ བཙོན་ཁྲིམས་ལོ་༥ ལས་༩ ཚུན་ཕོག་མི་ དྲང་དཔོན་༢ དང་ ཐིམ་ཕུག་སྡེ་སྲིད་ལས་ ཨམ་སྲུ་༡ གིས་ ཆེ་མཐོ་ཁྲིམས་ཀྱི་འདུན་སར་ མཐོ་གཏུགས་འབད་མི་གིས་ ཁྱད་པར་བཟོ་མ་ཚུགས་པས།དེ་ཡང་ ཁ་ཙ་ ཆེ་མཐོ་ཁྲིམས་འདུན་གྱི་ …

རྒྱས་པར་ལྷག། »

མི་དབང་མངའ་ཞབས་མཆོག་ ཟུར་བཞག་མཐུན་རྐྱེན་ནང་བཞུགས་ཡོདཔ།

༉ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ ལྷོ་མཚམས་ལུ་ ཆིབས་སྐྱོད་གནང་པའི་ཤུལ་ལུ་ ཁ་ཙ་ ཐིམ་ཕུག་ལུ་ཕེབས་ཏེ་ ཟུར་བཞག་མཐུན་རྐྱེན་ནང་ བཞུགས་ཡོདཔ་ཨིན་པས། སྤྱི་ཟླ་༡༡ པའི་ཚེས་༢༥ ལས་འགོ་བཙུགས་ ཆིབས་སྐྱོད་གནངམ་ད་ མི་དབང་མཆོག་གིས་ དབང་འདུས་ཕོ་བྲང་དང་ རྩི་རང་ དགེ་ལེགས་ཕུག་ བསམ་རྩེ་ ཕུན་ཚོགས་གླིང་ལུ་ གཟིགས་སྐོར་གནང་ནུག། དེ་བསྒང་ …

རྒྱས་པར་ལྷག། »

ཀེ་ལ་དང་ སྟངས་སི་སྦྱིས་བར་ནའི་ སོ་ནམ་ཞིང་ལམ་བསལ་ནིའི་ འགོ་འབྱེད་འབད་ཡོདཔ།

༉ ཁ་ཙ་ ཀྲོང་གསར་རྫོང་བདག་གིས་ སྟངས་སི་སྦྱིས་དང་ ཀེ་ལ་གཡུས་ཚན་བར་ནའི་ སོ་ནམ་ཞིང་ལམ་བསལ་ནིའི་དོན་ལུ་ འགོ་འབྱེད་འབད་ཡི། རིང་ཚད་ཀི་ལོ་མི་ཊར་༡༡ འབད་མི་སོ་ནམ་ཞིང་ལམ་དེ་ ཀེ་ལའི་ས་གནས་ ཆབ་སྦྱིས་ལས་ སྟངས་སི་སྦྱིས་ཀྱི་ ཁེ་སྨད་གཤམ་ཚུན་ བསལ་ནི་ཨིན་པས། ལམ་བསལ་ནིའི་ལཱ་དེ་ཡང་ ཁག་འབགཔ་ལུ་སྤྲོད་དེ་མེན་པར་ རྫོང་ཁག་སོ་ནམ་ཡིག་ཚང་གིས་ འགོ་འདྲེན་འཐབ་ནི་ཨིནམ་ད་ ད་ལྟོ་ ས་བཅད་ནིའི་དོན་ལུ་ …

རྒྱས་པར་ལྷག། »

མི་དབང་མངའ་ཞབས་མཆོག་གིས་ རྫོང་ཁག་༦ ནང་ ཆིབས་སྐྱོད་གནང་ཡོདཔ།

༉ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ སྤུ་ན་ཁ་དང་ ཀྲོང་གསར་ བུམ་ཐང་ མོང་སྒར་ བཀྲིས་གཡང་རྩེ་ དེ་ལས་ བཀྲིས་སྒང་ལུ་ ཆིབས་སྐྱོད་གནང་སྟེ་ ཁ་ཙ་ རྒྱལ་ས་ལྟེ་བ་ལུ་ ལོག་ཕེབས་གནང་ནུག། ཆིབས་སྐྱོད་སྐབས་ མི་དབང་མཆོག་གིས་ རྫོང་ཁག་དེ་ཚུ་ནང་ བདེ་སྲུང་རྒྱལ་ཡོངས་ཞབས་ཏོག་ཆུའི་ལས་འགུལ་དང་ བདེ་སྲུང་རིག་རྩལ་ལས་རིམ་གྱི་ སྦྱོང་བརྡར་ལྟེ་བ་ཚུ་གིས་མ་དོ་བར་ མཐོ་རིམ་སློབ་གྲྭ་དང་ …

རྒྱས་པར་ལྷག། »

སྤ་རོ་ཨེཕ་སི་གིས་ སྦྱེལཝ་སྦྱེལ་སར་ སྡེ་ཚན་དྲག་ཤོས་ཚར་༢ ཐོན་ཡོདཔ།

༉ སྤྱི་ལོ་༢༠༢༠ དང་༢༠༢༡ གི་ བྷུ་ཊཱན་ཕུཊ་བཱོལ་པི་རི་མི་ཡར་ལིག་གི་ རྩེད་འགྲན་དྲག་ཤོས་དོན་ལུ་ ཐིམ་ཕུག་སི་ཊི་ཨེཕ་སི་དང་ སྤ་རོ་ཨེཕ་སི་སྡེ་ཚན་༢ ཀྱི་བར་ན་ མཐའ་བཅད་རྩེད་འགྲན་འབདཝ་ད་ སྤ་རོ་ཨེཕ་སི་གིས་ རྒྱལ་ཁ་ཐོབ་ཡོདཔ་ལས་ སྦྱེལཝ་སྦྱེལ་སར་ དྲག་ཤོས་ཐེངས་༢ པ་ཨིན་པས། སྤྱི་ཟླ་༡༠ པའི་ཚེས་༢ ལུ་ སྤ་རོ་ཨེཕ་སི་སྡེ་ཚན་གྱི་ འུ་ཆུ་ཕུཊ་བཱོལ་རྩེད་ཐང་ནང་སྦེ་ …

རྒྱས་པར་ལྷག། »

ཕུན་ཚོགས་གླིང་ཟུར་བཞག་མཐུན་རྐྱེན་གྱིས་ ཕྱིའི་ལས་མི་ཚུ་ལུ་ ལྷན་ཐབས་འབྱུང་ནི།

༉ སྤྱི་ཟླ་༩ པའི་ཚེས་༣༠ ལུ་ ཕུན་ཚོགས་གླིང་ཏུ་ས་གཙང་ཆུའི་ ས་ཁོངས་ནང་ ཉལ་ཁྲི་༤༠༠ འབད་མི་ གནས་སྐབས་ཀྱི་ ཟུར་བཞག་མཐུན་རྐྱེན་གསརཔ་ལུ་ རབ་གནས་འབད་ནུག། ཟུར་བཞག་ཁང་དེ་བརྩིས་ཏེ་ ནད་ཡམས་ཀོ་བི་-༡༩ འཐོབ་ཉེན་ཡོད་མི་ ཕུན་ཚོགས་གླིང་དང་ དགེ་ལེགས་ཕུག་ བསམ་གྲུབ་ལྗོངས་མཁར་ དེ་ལས་ བསམ་རྩེ་ལུ་ ཟུར་བཞག་ཁང་གི་ …

རྒྱས་པར་ལྷག། »