གནས་ཚུལ།

ཨའུ་མཚོ་སྨན་ཁང་བཟོ་སྐྲུན་གྱི་ལཱ་ དུས་ཚོད་ཁར་ མཇུག་བསྡུ་མ་ཚུགས་པར་ཡོདཔ།

༉ ལྷུན་རྩེ་ ཨའུ་མཚོ་སྨན་ཁང་བཟོ་སྐྲུན་གྱི་ལཱ་ཚུ་ དུས་ཚོད་ཁར་ མཇུག་བསྡུ་མ་ཚུགསཔ་ལས་ ད་ལྟོའི་བར་ན་ཡང་ བཟོ་སྐྲུན་འབད་བའི་བསྒང་ཡོདཔ་ཨིན་པས། ཉལ་ཁྲི་༡༠ འབད་མི་ སྨན་ཁང་དེ་ དུས་ཅི་ སྤྱི་ཟླ་༣ པའི་ནང་ བཟོ་སྐྲུན་གྱི་ལཱ་ཚུ་ མཇུག་བསྡུ་དགོཔ་སྦེ་ཨིན་རུང་ རྒྱལ་ཁབ་ནང་ ནད་ཡམས་ཀོ་བིཌ་༡༩ ཐོན་པའི་ གནས་སྟངས་ལུ་བརྟེན་ ལན་ཐེངས་༢ …

རྒྱས་པར་ལྷག། »

བདེ་སྲུང་ཆུའི་ལས་འགུལ་གྱིས་ སྟོད་ཚོ་རྒེད་འོག་ནང་ འཐུང་ཆུའི་དཀའ་ངལ་བསལ་ཡོདཔ།

༉ ལོ་ངོ་བཅུ་ཕྲག་༡ གི་རྒྱབ་ལས་ བཀྲིས་གཡང་རྩེ་ སྟོད་ཚོ་རྒེད་འོག་གི་ ཁ་སྟོད་དང་ ཁ་སྨད་ཀྱི་སོ་ནམ་པ་ཚུ་གིས་ འཐུང་ཆུ་ཐོབ་ཡོདཔ་ད་ དེ་ཡང་ བདེ་སྲུང་འཐུང་ཆུའི་ལས་འགུལ་གྱིས་ ལོ་༡ གི་ཧེ་མ་ལས་ འཐུང་ཆུའི་ཞབས་ཏོག་ བཏོན་བྱིན་ནི་དེ་གིས་ཨིན་པས། འཐུང་ཆུའི་ལས་འགུལ་དེ་ ལོ་༡ གི་ཧེ་མར་ ས་གནས་ནང་སྡོད་མི་ཚུ་ལུ་ རྩིས་སྤྲོད་འབད་ཡོདཔ་ད་ དེ་གི་ཧེ་མར་ …

རྒྱས་པར་ལྷག། »

ཕུན་ཚོགས་གླིང་ རྒྱལ་སྤྱིའི་ས་མཚམས་ཞིབ་དཔྱད་སྒོ་ར་ ལོག་སྒོ་ཕྱེས་ཡོདཔ།

༉ ཁ་ཙ་ ཕུན་ཚོགས་གླིང་ རྒྱལ་སྤྱིའི་ས་མཚམས་ཞིབ་དཔྱད་སྒོ་ར་དེ་ ལྟ་བཤལཔ་དང་ སྤྱིར་བཏང་མི་ཚུ་གི་དོན་ལུ་ ལོག་སྒོ་ཕྱེས་མི་དང་འབྲེལ་ མི་ཚུ་གིས་ དགའ་སྤྲོའི་ཐོག་ལས་ རྐང་འགྲུལཔ་འཐོན་འཛུལ་ས་ཁོངས་ནང་ལས་ རྒྱལ་ཁབ་ནང་ འོང་ཡོདཔ་ཨིན་པས། ལྟ་བཤལཔ་འོང་མིའི་གྲས་ལས་ ཕུན་ཚོགས་གླིང་གི་ རྐང་འགྲུལཔ་འཐོན་འཛུལ་ས་ཁོངས་ནང་ལས་ རྒྱ་གར་ལྡི་ལི་ལས་ བཟའ་གྲོགས་༡ རྒྱལ་ཁབ་ནང་འོང་མི་དེ་ ལུང་ཕྱོགས་ལྟ་བཤལཔ་ འགོ་དང་པ་ཨིནམ་ལས་ …

རྒྱས་པར་ལྷག། »

གསང་བའི་ཉོགས་བཤད་བཀོད་དོན་ལུ་ དམིགས་བསལ་གྱི་ བརྒྱུད་འཕྲིན་ཨང་།

༉ སྤྱིར་བཏང་མི་མང་གིས་ གསང་བའི་ཐོག་ལས་ ཉོགས་བཤད་བཀོད་ནི་དང་ ཁྲིམས་འགལ་ཐོག་ལས་ བྱ་ངན་འབད་བའི་ བརྡ་དོན་བརྗེ་སོར་འབད་ནིའི་ ལྷན་ཐབས་ལུ་ ཁྲིམས་སྲུང་འགག་སྡེ་གིས་ མི་སྡེ་བརྡ་བརྒྱུད་ ཝཱཊསི་ཨིཔ་དང་ ཝི་ཅེཊ་ ཊེ་ལི་ག་རམ་བརྒྱུད་དེ་ དམིགས་བསལ་གྱི་ བརྒྱུད་འཕྲིན་ཨང་ཅིག་ གསལ་སྟོན་འབད་ཡོདཔ་ད་ དེ་ཡང་ སྤྱིར་བཏང་མི་སྡེ་དང་ རྒྱལ་ཁབ་ཀྱི་ ཉེན་སྲུང་དོན་ལུ་དམིགས་ཏེ་ …

རྒྱས་པར་ལྷག། »

དོག་གསུམ་དང་ བཀྲིས་གཡང་རྩེ་བར་ནའི་གཞུང་ལམ་ རྩི་གནག་བཏང་ནི་ལུ་ རེ་བ་བསྐྱེད་དོ་ཡོདཔ།

༉ བཀྲིས་སྒང་ལྕགས་ཟམ་དང་ བཀྲིས་གཡང་རྩེ་བར་ནའི་གཞུང་ལམ་ ཀི་ལོ་མི་ཊར་༥༥ འབད་མི་དེ་ ལེགས་ཤོམ་ཡོད་རུང་ ས་གནས་བུར་བུ་ལ་དང་ བུ་ཡང་གི་གཞུང་ལམ་ལེགས་ཤོམ་མེདཔ་ལས་ འགྲོ་འགྲུལ་འཐབ་མི་ཚུ་ལུ་ སྟབས་མ་བདེཝ་བྱུང་སྟེ་འདུག། འགྲོ་འགྲུལ་འབད་མི་ཚུ་གིས་ འབད་བ་ཅིན་ བཀྲིས་གཡང་རྩེ་ལས་ བཀྲིས་སྒང་ལུ་འགྱོཝ་ད་ དུས་ཡུན་ཆུ་ཚོད་ཕྱེད་དང་༢ མ་གཏོགས་མི་འགོར་བས་ཟེར་ཨིན་པས། བཀྲིས་གཡང་རྩེ་དང་ དོག་གསུམ་གྱི་བར་ན་ གླ་འཁོར་བཏང་མི་ ཀུན་ལེགས་ཀྱིས་ …

རྒྱས་པར་ལྷག། »

བདེ་ཆེན་གླིང་ལུ་ གླངམོ་ཆེ་དང་འབྲེལ་བའི་དཀའ་ངལ།

༉ པདྨ་དགའ་ཚལ་ བདེ་ཆེན་གླིང་མཁོ་ལོམ་རི་དང་ དགོན་པ་འུང་སྤྱི་འོག་༢ ནང་ གླངམོ་ཆེ་དང་འབྲེལ་བའི་ གནོད་ཉེན་དེ་ ཆེ་སུ་ཅིག་སྦེ་ཐོན་ཡོདཔ་ལས་ ས་གནས་ཀྱི་མི་སེར་ཚུ་ ཚ་གྱང་ལང་སྟེ་ ཡོདཔ་ཨིན་པས། མ་གཞི་ ནགས་ཚལ་འགོ་དཔོན་དང་ གཡུས་ཁའི་མི་ཚུ་གིས་ གླངམོ་ཆེ་ཚུ་ ཐབས་ཤེས་སྣ་ཚོགས་བཏོན་ཐོག་ལས་ བདའ་གཏང་ནི་ལུ་ དཔའ་བཅམ་དོ་ཡོད་རུང་ གླ་འཁེལ་མ་ཚུགས་པར་ ཡོདཔ་ཨིན་པས། …

རྒྱས་པར་ལྷག། »

འབྲུག་ལུ་ཡིད་ཆེས་རུང་བའི་ པར་རིས་བརྗོད་དོན་ནང་ ག་ཅི་ར་ཡོདཔ་ཨིན་ན?

༉ འབྲུག་ལུ་ ཡིད་ཆེས་རུང་བའི་བརྗོད་དོན་ཐོག་ལུ་ པར་རིས་གསརཔ་གསལ་སྟོན་འབད་མིའི་ནང་ འབྲུག་པའི་ལམ་སྲོལ་གྱི་ ངོ་རྟགས་དང་ལྡན་པའི་ བཟོ་རིགས་བཅུ་གསུམ་ལ་སོགས་པའི་པར་རིས་ བཀོད་དེ་ཡོད་མི་ཚུ་ ན་གཞོན་ཚུ་གི་ དུས་ཚོད་བརྒྱུད་ དེ་ གསལ་སྟོན་འབད་ནིའི་ དམིགས་གཏད་ཨིན་པས། འབྲུག་ལྟ་བཤལ་ཚོགས་སྡེའི་ ཚོང་འབྲེལ་འགོ་དཔོན་གཙོ་འཛིན་ ཀཱ་རིས་ས་ནི་མཱ་གིས་ འབྲུག་ལུ་ ན་གཞོན་གྱི་མི་རློབས་དེ་ མཐོ་སུ་ཡོདཔ་ལས་ ནད་ཡམས་ཀྱི་ …

རྒྱས་པར་ལྷག། »

ཁ་ཙ་ ལྟ་བཤལ་སྒོ་ཕྱེས་མི་དང་བསྟུན་ རྒྱལ་ཁབ་ནང་ ལྟ་བཤལཔ་༩༢ ལྷོད་ཡོདཔ།

༉ འབྲུག་གིས་ གཞུང་འབྲེལ་ཐོག་ལས་ ལྟ་བཤལཔ་ཚུ་ ས་ཐོག་དང་ གནམ་ཐོག་རྒྱུན་ལམ་གཉིས་ཆ་ར་ལས་ འོང་ཆོག་ནིའི་དོན་ལུ་ ལྟ་བཤལ་སྒོ་ཕྱེས་མི་དང་བསྟུན་ སྤ་རོ་རྒྱལ་སྤྱི་གནམ་ཐང་ནང་ གཞུང་གི་འགོ་དཔོན་ཚུ་གིས་ ལྟ་བཤལཔ་ཚུ་ལུ་ བསུ་བ་འབད་ཡོདཔ་ཨིན་པས། ལྟ་བཤལཔ་༩༢ དེ་ཅིག་འོང་མིའི་གྲས་ལས་ དྲོ་པའི་ཆུ་ཚོད་༡༠.༤༠ ལུ་ ནེ་པཱལ་ལས་འོང་མི་ གནམ་གྲུའི་ནང་ འགྲུལ་པ་༣༣ ཡོད་མིའི་གྲས་ལས་༢༤ …

རྒྱས་པར་ལྷག། »

འབྲུག་གིས་ གཅེས་སྐྱོང་དང་ སྙིང་རྗེ་རྩོལ་སྒྲུབ་ཞབས་ཏོག་གི་ ངོས་འཛིན་ལག་ཁྱེར་ཐོབ་ཡོདཔ།

༉ གསོ་བ་ལྷན་ཁག་དེ་ སྤྱི་ལོ་༢༠༢༢ ཀྱི་ འཛམ་གླིང་སྤྱི་ཚོགས་ཀྱི་ ནང་འཁོད་ལས་བྱེད་ཚོགས་ཆུང་དང་ འཛམ་གླིང་གསོ་བའི་ཚོགས་སྡེའི་ དམིགས་བསལ་ལས་རིམ་གྱི་ གཞི་རྟེན་གསོ་བའི་ཞབས་ཏོག་གི་ ངོས་འཛིན་ལག་ཁྱེར་ ཐོབ་ཡོདཔ་ཨིན་པས། ངོས་འཛིན་ལག་ཁྱེར་དེ་ཡང་ འབྲུག་གིས་ མི་སེར་ལུ་ གཙོ་རིམ་ཅན་གྱི་ ཐབས་ལམ་ཐོག་ལས་ རྫོང་ཁག་གནས་ཚད་ཚུ་ནང་ འབུ་ནི་མེད་པའི་ནད་གཞིའི་གདོང་ལེན་གྱི་ གཅེས་སྐྱོང་དང་ སྙིང་རྗེ་རྩོལ་སྒྲུབ་ཞབས་ཏོག་ཚུ་ …

རྒྱས་པར་ལྷག། »

ཞིང་མ་ཆུ་གཡུར་གྱིས་ སྟོད་ཚོ་རྒེད་འོག་གི་ སོ་ནམ་པ་ཚུ་ལུ་ ཁེ་ཕན་བྱུང་མ་ཚུགསཔ།

༉ བཀྲིས་གཡང་རྩེ་ སྟོད་ཚོ་རྒེད་འོག་གི་ མི་སེར་སོ་ནམ་པ་ཚུ་ ཆུ་གཡུར་གསརཔ་ལུ་བསྒུགས་ཏེ་ ལོ་༢ དེ་ཅིག་ལང་རུང་ ད་ལྟོའི་བར་ན་ཡང་ ཆུ་གཡུར་ལུ་བརྟེན་ ཁེ་ཕན་འབྱུང་མ་ཚུགས་པར་འདུག། དེ་ཡང་ ཁག་འབགཔ་གིས་ ས་གནས་ལ་ལོ་ཅིག་ནང་ ཆུ་གཡུར་བདའ་སྟེ་ ཆུ་འགྱོ་མ་བཏུབ་སྦེ་ བཟོ་བཀོད་འབད་མི་དང་ ས་གནས་ལ་ལོ་ཅིག་ནང་ ཆུ་རུད་ཀྱིས་ འཕྱགས་བདའ་མི་ལུ་བརྟེན་ཨིན་ཟེར་ སོ་ནམ་པ་ཚུ་གིས་ …

རྒྱས་པར་ལྷག། »