གནས་ཚུལ།

སྤ་རོ་ལྟག་རྫོང་ནང་ བྱིན་རླབས་ཅན་གྱི་གཏེར་ཕུར་༡༡ མི་མང་ལུ་ མཇལ་ཁ་གནང་དོ་ཡོདཔ།

༉ སྤ་རོ་ལྟག་རྫོང་གི་ རྒྱལ་ཡོངས་འགྲེམས་སྟོན་ཁང་ནང་སྦེ་ མི་མང་ལུ་ བྱིན་རླབས་ཅན་གྱི་གཏེར་ཕུརཔ་༡༡ འབད་མི་དེ་ འགོ་དང་པ་ གསལ་སྟོན་འབད་ཐོག་ མཇལ་ཁ་གནང་དོ་ཡོདཔ་ཨིན་པས། ཕུརཔ་ཚུ་ཡང་ དུས་རབས་༨ པ་ལས་༡༧ པ་ཚུན་ལུ་ གཏེར་སྟོན་པ་ཚུ་གིས་ གཏེར་བཞེས་གནང་མི་ཚུ་ ཨིནམ་བཞིན་དུ་ ད་རེས་ མི་མང་ལུ་ མཇལ་ཁ་གནང་མིའི་གྲས་ཁར་ ཕུརཔ་ཁྲོ་ཞལ་༣ …

རྒྱས་པར་ལྷག། »

རྒྱ་ཚ་སྦིས་ལུ་ ཆུ་རུད་ཐོན་མིའི་ནང་ མི་༢ ལུ་ ཤི་རྐྱེན་དང་༢ འཚོལ་བའི་བསྒང་ཡོདཔ།

༉ ཁ་ཙ་ དྲོ་པའི་ཆུ་ཚོད་༢ དང་ སྐར་མ་༣༠ དེ་ཅིག་ཁར་ ལྷུན་རྩེ་ཀུར་སྟོད་རྒེད་འོག་ རྒྱ་ཚ་སྦིས་གཡུས་ཚན་ནང་ ཆུ་རུད་ཐོན་མི་དེ་གིས་ མི་༧ འཕྱགས་བདའ་ཡོདཔ་བཞིན་དུ་ ཉེན་སྲུང་སྡེ་ཚན་གྱིས་ ཕོ་སྐྱེས་༡ དང་ ཨམ་སྲུ་༢ ཀྱི་ཕུངམ་ འཚོལ་ཐོབ་ཡོདཔ་ཨིན་པས། ཆུ་རུད་དེ་གིས་ རང་ལུགས་ཀྱི་ སྡོད་ཁྱིམ་༢ …

རྒྱས་པར་ལྷག། »

འབྲུག་རྒྱུན་འགྲུལ་མི་ལམ་གྱིས་ དང་ཕུའི་རྐང་ལམ་ ཉམས་གསོ་འབད་ཡོདཔ།

༉ འདས་པའི་ལོ་ངོ་༦༠ ལྷགཔ་ཅིག་གི་རིང་ ལག་ལེན་མེད་པར་ལུས་མི་ དུས་རབས་༡༥ པ་ལས་འགོ་བཙུགས་ གཞུང་ལམ་སྦེ་ ལག་ལེན་འཐབ་མི་ ཤར་ནུབ་བར་ན་ མཐུད་སྦྲེལ་འབད་མི་གཞུང་ལམ་དེ་ ད་རེས་ ལོག་ལག་ལེན་འཐབ་བཏུབ་སྦེ་ བཟོ་ཡོདཔ་ཨིན་པས། འབྲུག་རྒྱུན་འགྲུལ་མི་ལམ་ཟེར་ མིང་གསརཔ་བཏགས་མི་ གཞུང་ལམ་དེ་ ཀི་ལོ་མི་ཊར་༤༠༣ དེ་ཅིག་ཡོད་མི་ཚུ་ ཧཱ་དང་ སྤ་རོ་ …

རྒྱས་པར་ལྷག། »

གནས་ཚུལ་མདོར་བསྡུས།

མི་དབང་མངའ་བདག་རིན་པོ་ཆེའི་རྒྱལ་ཚབ་ མི་དབང་རྒྱལ་པོའི་སྲསམོ་ བསོད་ནམས་བདེ་ཆེན་དབང་ཕྱུག་མཆོག་གིས་ སྤྱི་ཟླ་༩ པའི་ཚེས་༢༨ ལུ་ ཊོ་ཀི་ཡོའི་ས་གནས་ ཨ་ཀ་ས་ཀ་ཕོ་བྲང་ནང་སྦེ་ ཇ་པཱན་གྱི་བློན་ཆེན་ ཀི་ཤི་ཌ་ ཕུ་མིའོ་དང་ མཇལ་ཕྲད་གནང་པའི་སྐབས་ལུ་ ཇ་པཱན་གྱི་བློན་ཆེན་བགྲེསཔ་ ཨེ་བི་ཤིན་ཟོ་ གློ་བུར་དུ་ གཤགས་མི་ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་དང་ འབྲུག་གི་མི་སེར་ དེ་ལས་ གཞུང་གི་ཧོངས་ལས་ …

རྒྱས་པར་ལྷག། »

ནེ་པཱལ་གྱི་ ཨམ་སྲུ་སྡེ་ཚན་གྱིས་ འབྲུག་པའི་ཨམ་སྲུ་སྡེ་ཚན་ ཕམ་བཏང་ཡོདཔ།

༉ ད་རེས་ནངས་པར་ མཱལ་ལྡིབསི་ལུ་སྦེ་ རྩེད་འགྲན་འབད་བའི་བསྒང་ཨིན་མི་ ལྷོ་ཨེ་ཤི་ཡཱན་བཱསི་ཀེཊ་བཱོལ་ཚོགས་པའི་ ཨམ་སྲུའི་བཱསི་ཀེཊ་བཱོལ་རྩེད་འགྲན་ནང་ ནེ་པཱལ་གྱི་ ཨམ་སྲུའི་སྡེ་ཚན་གྱིས་ འབྲུག་པའི་ཨམ་སྲུ་སྡེ་ཚན་ ཕམ་བཏང་མི་དང་བསྟུན་ སྦྱེལཝ་སྦྱེལ་སར་ ཚར་༢ ཕམ་བཏང་ཡོདཔ་ཨིན་པས། དེ་ཡང་ སྤྱི་ཟླ་༩ པའི་ཚེས་༢༨ ལུ་ དུས་ཡུན་སྐར་མ་༡༢ རེ་སྦེ་ ཀོ་ཊར་ཐེངས་༤ …

རྒྱས་པར་ལྷག། »

རྐང་འགྲུལཔ་འཐོན་འཛུལ་ས་ཁོངས་བརྒྱུད་དེ་ ཉིན་བསྟར་བཞིན་དུ་ མི་སྟོང་ཕྲག་ལས་བཅད་དེ་ འཐོན་འཛུལ་འབད་དོ་ཡོདཔ།

༉ སྤྱི་ཟླ་༩ པའི་ཚེས་༢༣ ལས་ ཕུན་ཚོགས་གླིང་ས་མཚམས་ཀྱི་ རྒྱལ་སྤྱིའི་བགེགས་སྲུང་སྒོ་ར་ ལོག་སྒོ་ཕྱེ་བའི་ཤུལ་ལས་ སྤྱི་ཟླ་༩ པའི་ཚེས་༢༧ གྱི་ནང་འཁོད་ལུ་ རྐང་འགྲུལཔ་འཐོན་འཛུལ་ས་ཁོངས་བརྒྱུད་དེ་ ལྟ་བཤལཔ་༡༩༩ འོང་ཡོདཔ་ཨིན་པས། དེའི་གྲས་ལས་ ལྟ་བཤལཔ་༡༦༢ རྒྱ་གར་དང་ གཞན་མི་༣༧ རྒྱལ་ཁབ་གཞན་ཁ་ལས་ཨིནམ་ད་ ཕྱི་མི་ནང་སྐྱོད་ཐོ་བཀོད་དང་འཁྲིལ་བ་ཅིན་ ཕུན་ཚོགས་གླིང་ལས་ …

རྒྱས་པར་ལྷག། »

ཡུ་ཨེསི་གིས་ ཀོ་བིཌ་-༡༩ འི་ ཕའེ་ཟར་སྨན་ཁབ་ གྲོགས་རམ་འབད་བྱིན་ཡོདཔ།

༉ ཁ་ཙ་ རྒྱ་གར་ནིའུ་ལྡི་ལི་ལུ་ཡོད་པའི་ ཡུ་ཨེསི་གཞུང་ཚབ་ཡིག་ཚང་གི་དོན་གཅོདཔ་ པི་ཊེ་སི་ཡ་ ལ་སི་ན་གིས་ ན་ལོན་ཚུ་གི་ ཀོ་བིཌ་-༡༩ འི་ ཕའེ་ཟར་སྨན་ཁབ་༥༡, གསོ་བའི་བློན་པོ་ བདེ་ཆེན་དབང་མོ་གིས་ གཞུང་དང་ མི་སེར་ཚུ་གི་ཁ་ཐུག་ལས་ ཡུ་ཨེསི་གིས་ རྒྱབ་སྐྱོར་གང་དྲག་འབད་མི་ལུ་ བཀྲིན་དགའ་ཚོར་ཡོད་ལུགས་ཚུ་ བཤད་ཡོདཔ་ཨིན་པས། འབྲུག་གིས་ ནད་ཡམས་ཀོ་བིཌ་-༡༩ …

རྒྱས་པར་ལྷག། »

ནངས་པར་ལས་ ཐིམ་ཕུག་ལྷ་མོའི་སྒྲོམ་མཆོད་ཀྱི་ སྐུ་འཆམ་ཚུ་ མི་མང་ལུ་མཇལ་ཁ་གནང་ནི།

༉ ནངས་པར་ལས་ ཐིམ་ཕུག་བཀྲིས་ཆོས་རྫོང་གི་ རྡོ་གཅལ་ནང་སྦེ་ ལོ་བསྟར་གནང་སྲོལ་ཡོད་མི་ ཐིམ་ཕུག་ལྷ་མོའི་སྒྲུབ་མཆོད་ཀྱི་ ལྷམོ་གཙོ་མོའི་དངོས་འཆམ་ཚུ་ མི་མང་ལུ་ མཇལ་ཁ་གནང་ནིའི་དོན་ལུ་ རྫོང་ཁག་གི་ ཞི་གཡོག་དང་ ལས་འཛིན་ ལས་སྡེ་ སློབ་གྲྭ་ཚུ་ གཞུང་འབྲེལ་གྱི་ ངལ་གསོ་བཞག་གནངམ་ཨིན་པས། ལོ་༢ ཀྱི་རྒྱབ་ལས་ ལྷ་མོ་གཙོ་མོའི་སྐུ་འཆམ་ཚུ་ མཇལ་ཁ་གནང་དོ་ཡོདཔ་ལས་ …

རྒྱས་པར་ལྷག། »

མི་དབང་རྒྱལ་སྲསམོ་བསོད་ནམས་བདེ་ཆེན་དབང་ཕྱུག་མཆོག་ ཇ་པཱན་གྱི་བློན་ཆེན་བགྲེསཔ་གཤགས་མིའི་ སྤུར་སྦྱང་ནང་གྲལ་གཏོགས་གནང་ཡོདཔ།

༉ སྤྱི་ཟླ་༩ པའི་ཚེས་༢༧ ལུ་ མི་དབང་རྒྱལ་པོའི་སྲསམོ་ བསོད་ནམས་བདེ་ཆེན་དབང་ཕྱུག་མཆོག་གིས་ ཇ་པཱན་གྱི་རྒྱལ་ས་ ཊོ་ཀི་ཡོ་ལུ་ བློན་ཆེན་བགྲེསཔ་ ཨེ་བི་ཤིན་ཟོ་གཤགས་མིའི་ གཞུང་འབྲེལ་སྤུར་སྦྱང་ནང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ རྒྱལ་ཚབ་སྦེ་ གྲལ་གཏོགས་གནང་ཡོདཔ་ཨིན་པས། བློན་ཆེན་བགྲེསཔ་གི་ སྤུར་སྦྱང་སྐབས་ མི་དབང་རྒྱལ་སྲསམོ་མཆོག་གིས་ རྗེས་དྲན་གུས་བཏུད་ཀྱི་ ལས་རིམ་ནང་ བཅའ་མར་གཏོགས་ཐོག་ལས་ …

རྒྱས་པར་ལྷག། »

གནས་ཚུལ་མདོར་བསྡུས།

ཁ་ཙ་ མི་དབང་རྒྱལ་པོའི་སྲས་ འཇིགས་རྒྱལ་དབང་ཕྱུག་མཆོག་གིས་ སེམས་རྟོགས་ཁ་རྫོང་ནང་སྦེ་ གཞུང་འབྲེལ་ཐོག་ལས་ འབྲུག་རྒྱུན་འགྲུལ་མི་ལམ་ འགོ་འབྱེད་མཛད་ཡོདཔ་ཨིན་པས། མི་དབང་མཆོག་གི་ ཐུགས་ཀྱི་དགོངས་བཞེད་ལྟར་ ལོ་༣ གྱི་ཧེ་མ་ལས་ ཉམས་གསོ་འབད་ནི་འགོ་བཙུགས་མི་ འབྲུག་རྒྱུན་འགྲུལ་མི་ལམ་དེ་ ཤར་ལས་ནུབ་ཚུན་ དང་ཕུ་ ཆོས་ཀྱི་དབུ་ཁྲིདཔ་ཚུ་གིས་ ནང་པའི་བསྟན་པ་ཁྱབ་སྤེལ་གཏང་ནི་དང་ ཚོང་པ་ཚུ་གིས་ ཚོང་བརྗེ་སོར་འབད་ནི་ དེ་བཟུམ་སྦེ་ …

རྒྱས་པར་ལྷག། »