གནས་ཚུལ།

རྫོང་ཁའི་གཞི་རྟེན་ཤེས་ཡོན་ཡོད་མི་རྐྱངམ་གཅིག་གིས་ རྫོང་ཁའི་ཆོས་ཚན་སྟོན་ནི།

༉ འབྲུག་རྗེས་སྒང་རྩེ་ཟའི་འཐུས་མི་ ཀརྨ་རྡོ་རྗེ་གིས་ ཤེས་རིག་བློན་པོ་ལུ་ ཞུ་མིའི་ནང་ རྒྱ་གར་ལུ་འབད་བ་ཅིན་ ཁོང་རའི་ཁ་སྐད་དེ་ ལྷབ་ནི་དང་ འབྲི་ནི་༢ ཆ་རའི་ནང་ ལག་ལེན་འཐབ་མི་ལུ་བརྟེན་ ཡར་རྒྱས་སོང་ཡོདཔ་བཟུམ་སྦེ་རྒྱལ་ཡོངས་སྐད་ཡིག་རྫོང་ཁ་ཡང་ ཡར་རྒྱས་གཏང་ནིའི་དོན་ལུ་ ཨ་ལོ་ཚུ་གིས་ དང་འདོད་བསྐྱེད་ནིའི་ ཐབས་ཤེས་ཚུ་ ག་ཅི་ར་ བཏོན་གནང་དོ་ག་ཟེར་ཞུ་ཡི། ཤེས་རིག་བློན་པོ་ ནོར་བུ་དབང་ཕྱུག་གིས་ …

རྒྱས་པར་ལྷག། »

ཟླ་ཁྲག་གཙང་སྦྲ་དང་ལྡནམ་སྦེ་ བཞག་ཐབས་ཀྱི་ ཉིནམ་བརྩི་སྲུང་།

༉ ཁ་ཙ་ བཀྲིས་སྒང་མཁའ་གླིང་ལུ་ འཇིགས་མེད་ཤེས་རབ་གླིང་སློབ་གྲྭ་ལྟེ་བའི་ནང་སྦེ་ ཨམ་སྲུ་དང་ བུམོ་ཚུ་ལས་ཐོན་མི་ ཟླ་ཁྲག་འཛིན་སྐྱོང་འབད་ཐངས་ཀྱི་སྐོར་ལས་ གོ་བརྡ་སྤྲོད་ཐབས་ལུ་ ཟླ་ཁྲག་གཙང་སྦྲ་དང་ལྡནམ་སྦེ་ འཛིན་སྐྱོང་འཐབ་ཐངས་ཀྱི་ ཉིནམ་བརྩི་སྲུང་འབདཝ་ད་ མཁའ་གླིང་སློབ་གྲྭ་ལྟེ་བ་དང་ མུན་གསལ་གླིང་སློབ་ཁང་གི་སློབ་ཕྲུག་དང་ མི་སྡེའི་འཐུས་མི་ དེ་ལས་ ཉེ་འདབས་ཀྱི་ ཨ་ནེམོ་གྲྭ་ཚང་ཚུ་ལས་ ཨ་ནེམོ་ཚུ་གིས་ བཅའ་མར་གཏོགས་ཡོདཔ་ཨིན་པས། དེ་བསྒང་ …

རྒྱས་པར་ལྷག། »

གནས་ཚུལ་མདོར་བསསྡུས།

ཁ་ཙ་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ སྤུ་ན་ཁ་ སྟོད་ཝང་རྒེད་འོག་ གཏེར་ཕུག་ལས་ སྐྱེས་ལོ་༤༨ ལང་མི་ སློབ་ཚེ་རིང་དཔལ་འབྱོར་ལུ་ དར་དཀར་ནང་རབ་སྡེའི་ བླམ་གནས་བརྟན་གྱི་ གོ་གནས་དང་ སྤ་རོ་ རྡོ་སྒར་རྒེད་འོག་ སྟེང་ཆེ་ཁ་ལས་ མཁན་པོ་ཚེ་རིང་ལུ་ དགེ་ལེགས་ཕུག་ ལྷ་རྫོང་ཤེས་རབ་ཆོས་གླིང་ཨ་ནེམོ་བཤད་གྲྭའི་ དབུ་འཛིན་གྱི་གོ་གནས་ དེ་ལས་ སྤུ་ན་ཁ་ …

རྒྱས་པར་ལྷག། »

འཆར་དངུལ་ཆ་འཇོག་ འགྲུབ་པ་ཅིན་ སློབ་གྲྭ་ཚུ་གིས་ ཟས་བཅུད་ལྡན་པའི་ཆུམ་ འཐོབ་ཚུགས་ནི།

༉ གལ་སྲིད་ འཆར་དངུལ་ཆ་འཇོག་འགྲུབ་པ་ཅིན་ འཛམ་གླིང་བཟའ་སྤྱོད་ལས་རིམ་གྱིས་ བཟའ་འཐུང་གི་ རྒྱབ་སྐྱོར་འབད་དེ་ཡོད་པའི་ སློབ་གྲྭ་ཚུ་གིས་ ད་རེས་ ཕོར་ཊི་ཕ་ཡེཌ་ཟེར་མི་ ཟས་བཅུད་ལྡན་པའི་ཆུམ་ འཐོབ་ཚུགས་ནི་ཨིན་པས། གཞུང་གིས་ བཟའ་འཐུང་གི་ རྒྱབ་སྐྱོར་འབད་མི་ སློབ་གྲྭ་ཚུ་ནང་ ཕོར་ཊི་ཕ་ཡེཌ་ཆུམ་ བགོ་བཀྲམ་འབད་ནིའི་དོན་ལུ་ ཤེས་རིག་ལྷན་ཁག་གིས་ མ་དངུལ་ དངུལ་ཀྲམ་ས་ཡ་༢༢ …

རྒྱས་པར་ལྷག། »

སྤྱི་ཚོགས་ཀྱིས་ ས་གནས་གཞུང་གི་ དངུལ་ཕོགས་ཡར་སེང་ ཆ་འཇོག་འབད་ཡོདཔ།

༉ ས་གནས་གཞུང་གི་ དངུལ་ཕོགས་བསྐྱར་གསོ་དེ་ལུ་ སྤྱི་ཚོགས་ཀྱི་ འཐུས་མི་ཡོངས་ཀྱིས་ རྒྱབ་སྐྱོར་འབད་བ་གིས་མ་ཚད་ ལ་ལོ་ཅིག་གིས་ ཧེང་སྐལ་ར་ ཡར་སེང་འབད་དགོཔ་སྦེ་ཨིནམ་ད་ ལ་ལོ་ཅིག་གིས་འབད་བ་ཅིན་ ཞི་གཡོགཔ་ཚུ་ལུ་ཡང་ འདྲ་མཉམ་སྦེ་ར་ གནང་དགོ་པའི་ ཞུ་བ་འབད་ཡི། དགྲ་མེད་རྩེ་སྔ་ཚང་གི་འཐུས་མི་ ཨྱོན་དབང་འདུས་ཀྱིས་ ཞུ་མིའི་ནང་ ས་གནས་གཞུང་གི་ འགོ་དཔོན་ཚུ་གིས་ ཕྱག་ལཱ་གནང་པའི་སྐབས་ …

རྒྱས་པར་ལྷག། »

ཁྲལ་དང་ བགོ་བཤའི་ཁེ་སང་བརྒྱ་ཆ་༣༠ ལྷགཔ་ཅིག་ ནང་འཁོད་འོང་འབབ་ནང་བཙུགས་ཡོདཔ།

༉ འདས་པའི་ལོ་ནང་ འབྲུག་མི་སེར་རྒྱུ་ནོར་གཞི་བཟུང་དང་ དེའི་འོག་གི་ ཡན་ལག་ལས་འཛིན་གྱི་ ཁྲལ་དང་ བགོ་བཤའི་ཁེ་སང་ བརྒྱ་ཆ་༣༠ ལྷགཔ་ཅིག་ ནང་འཁོད་འོང་འབབ་ཡོངས་འབོར་ནང་ བཙུགས་ཡོདཔ་ཨིན་པས། དེ་བཟུམ་སྦེ་ དངུལ་ཀྲམ་ཐེར་འབུམ་༥.༩༧ རང་སོའི་འབབ་ཁུངས་ལུ་ སྤྲོད་ཡོདཔ་ད་ འབྲུག་མི་སེར་རྒྱུ་ནོར་གཞི་བཟུང་གི་ ཡན་ལག་ལས་སྡེ་ཚུ་གིས་ སྤྱི་ལོ་༢༠༡༦ ལུ་ དངུལ་རྩིས་ལྷན་ཁག་ལུ་ …

རྒྱས་པར་ལྷག། »

གནས་ཚུལ་མདོར་བསྡུས།

ཁ་ཙ་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་དབུ་གཙོས་པའི་ གྲྭ་ཚང་འཕགས་པའི་དགེ་འདུནམ་ཚུ་ གནམ་དགུན་གྱི་བཞུགས་གནས་ སྤུངས་ཐང་བདེ་བ་ཆེན་པོའི་ ཕོ་བྲང་ནང་ལས་ གནམ་བྱཱར་གྱི་བཞུགས་གནས་ ཐིམ་ཕུག་ལུ་ གསོལ་ཐབ་ཕེབས་ད་ བཀྲིས་ཆོས་རྫོང་ནང་ མ་བྱོན་པའི་ཧེ་མར་ སྔར་སྲོལ་ལམ་ལུགས་དང་འཁྲིལ་ གླིང་ཀ་ན་ཕོ་བྲང་ནང་སྦེ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ བསུ་བ་གནང་པའི་ཤུལ་ལས་ དགེ་སློང་ཚུ་གིས་ སྐུ་གསུང་ཐུགས་རྟེན་ཚུ་ གླིང་ཀ་ན་ཕོ་བྲང་བརྒྱུད་དེ་ བཀྲིས་ཆོས་རྫོང་ནང་ འབག་འགྱོ་བའི་བསྒང་།

རྒྱས་པར་ལྷག། »

རྩོད་ཟླ་༡༢ ཀྱིས་ མཆོད་རྟེན་༩༩ སློངས་ཡོད་པའི་ སྒྲུབ་བྱེད་ཚུ་ཕུལ་ཡོདཔ།

༉ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ མོང་སྒར་རྫོང་ཁག་ཁྲིམས་ཀྱི་འདུན་སར་ རྩོད་ཟླ་༡༢ ཀྱིས་ མཆོད་རྟེན་བསྡོམས་༩༩ སློངས་པའི་ སྒྲུབ་བྱེད་ཚུ་ཕུལཝ་ད་ ཉིན་གྲངས་༢ འགོར་ཡོདཔ་བཞིན་དུ་ ནང་གཟུངས་ལོག་ཐོབ་མི་ཚུ་ རེ་རེ་བཞིན་དུ་ གསལ་སྟོན་ཐོག་ ཁྲིམས་སྲུང་འགག་པ་ལས་ རྩིས་ལེན་ཡི། སྒྲུབ་བྱེད་སྙན་གསན་དེ་ཡང་ འདས་པའི་རེས་གཟའ་མིག་དམར་དང་ ལྷག་པ་ལུ་ མཚད་ཡོདཔ་ད་ དེ་བསྒང་ …

རྒྱས་པར་ལྷག། »

ཚོང་ལཱ་ཆུང་བའི་བསྐྱིན་འགྲུལ་ ལེགས་ཤོམ་ཨིན་རུང་ ལྟ་རྟོག་འབད་དགོཔ།

༉ མ་གཞི་ ཚོང་ལཱ་ཆུང་བའི་བསྐྱིན་འགྲུལ་གྱིས་ འོང་འབབ་ཆུང་རིམ་ཚུ་ ཚོང་ལཱ་འགོ་བཙུགས་ནི་ལུ་ ཕན་ཐོགས་ཡོདཔ་ཨིན་རུང་ དེ་ལུ་བརྟེན་ སྤྱིར་བཏང་བསྐྱིན་འགྲུལ་གྱི་སྐྱེད་ ཡར་སེང་འགྱོ་ནིའི་ ཉེན་ཁ་ཡོདཔ་ཨིན་པས། ཁ་ཙ་ མཇུག་བསྡུ་མི་ འབྲུག་དཔལ་འབྱོར་ལེགས་བསྒྱུར་གྲོས་འཛོམས་སྐབས་ ཕྱི་ལས་འོང་མི་ དངུལ་འབྲེལ་མཁས་མཆོག་ཚུ་གིས་འབད་བ་ཅིན་ ཚོང་ལཱ་ཆུང་བའི་དོན་ལུ་ བསྐྱིན་འགྲུལ་དེ་ ཁག་ཆེ་ཧིང་དང་འཁྲིལ་ ལམ་ལུགས་ལེགས་ཤོམ་དགོ་ཟེར་ཨིན་པས། ཚོང་ལཱ་ཆུང་བའི་དོན་ལུ་ …

རྒྱས་པར་ལྷག། »

སྣུམ་འཁོར་ཐུག་རྐྱེན་ནང་ མི་༢ ལུ་ ཤི་རྐྱེན་བྱུང་ཡོདཔ།

༉ ཁ་ཙ་ དྲོ་པའི་ཆུ་ཚོད་༡ དང་༢ ཀྱི་བར་ན་ ཕུན་ཚོགས་གླིང་པད་དཀར་ཤིང་ལུ་ སྣུམ་འཁོར་མ་རུ་ཊི་ཅིག་ རྦོབ་རིལ་བའི་ རྐྱེན་ངན་ནང་ སྐྱེས་ལོ་༢༧ ལང་མི་ ཕོ་སྐྱེས་༢ ལུ་ ཤི་རྐྱེན་དང་ མི་༡ ལུ་ རྨ་སྐྱོན་བྱུང་ནུག། ཚེ་འདས་གཉིས་ཆ་ར་ དཔག་བསམ་ཁ་བཟོ་གྲྭ་འཕྲུལ་ཁང་ནང་ ལཱ་འབད་མི་ཨིནམ་ད་ …

རྒྱས་པར་ལྷག། »