གནས་ཚུལ།

འབྲུག་ཕུཊ་བཱོལ་ཚོགས་པ་གིས་ སྤ་རོ་རིན་སྤུངས་སྡེ་ཚན་ལུ་ ཉེས་ཆད་བཀལ་ཡོདཔ།

༉ འབྲུག་ཕུཊ་བཱོལ་ཚོགས་པ་གིས་ སྤ་རོ་རིན་སྤུངས་ཨེཕ་སི་གི་ འཛིན་སྐྱོང་པ་དང་ རྩེད་འགྲན་པ་༢ ལུ་ ཉེས་བྱ་བཀལ་མི་དེ་ ཐིམ་ཕུག་སི་ཊི་སྡེ་ཚན་དང་ རྩེད་འགྲན་འབད་བའི་སྐབས་ ཚིག་རྩུབ་དང་ འཇིགས་སྐུལ་ དེ་ལས་ འཕུལ་བཏང་མིའི་ གནད་དོན་ལུ་བརྟེན་ཨིན་པས། བྷུ་ཊཱན་པི་རི་མི་ཡར་ལིག་༢༠༢༢ ཀྱི་ རྒྱལ་རྟགས་ཀྱི་ རྩེད་འགྲན་དེ་ སྤྱི་ཟླ་༩ པའི་ཚེས་༣ …

རྒྱས་པར་ལྷག། »

ཀེ་བ་ཕྱིར་ཚོང་འཐབ་མི་ཚུ་གིས་ དངུལ་འབྲེལ་ལམ་ལུགས་ཐོག་ལས་ རུ་པི་འཐོབ་ཚུགས་ནི།

༉ ས་མཚམས་ཕྱི་ཁའི་ ཚོང་པ་ཚུ་གིས་ འབྲུག་ལས་ ཀེ་བ་ནང་འདྲེན་འབད་བའི་སྐབས་ དངུལ་འབྲེལ་ལམ་ལུགས་ཐོག་ལས་ རིན་དངུལ་སྤྲོད་ནི་ཨིན་མི་དེ་ ཀེ་བ་གི་ ཚོང་འབྲེལ་ལམ་ལུགས་ནང་ འགོ་དང་པ་ཨིན་པས། དེ་བཟུམ་སྦེ་ དངུལ་ཐོག་དང་ ཚོད་བསྲེའི་རིགས་ཚུ་ ཕྱིར་ཚོང་འཐབ་པའི་སྐབས་ལུ་ཡང་ དངུལ་འབྲེལ་ལམ་ལུགས་ཐོག་ལས་ རིན་སྤྲོད་དགོཔ་ཨིན་པས། འབྲུག་ཟ་སྤྱོད་ལས་འཛིན་གྱིས་ སྤྱི་ཟླ་༩ པའི་ཚེས་༡༣ ལུ་ …

རྒྱས་པར་ལྷག། »

ཇ་པཱན་རྒྱལ་སྤྱི་མཉམ་འབྲེལ་ལས་ཚབ་ཀྱིས་ གསར་བཏོད་གྲོས་འཆར་ལུ་རྒྱབ་སྐྱོར།

༉ སྤྱི་ཟླ་༩ པའི་ཚེས་༡༣ ལུ་ ཇ་པཱན་རྒྱལ་སྤྱི་མཉམ་འབྲེལ་ལས་ཚབ་ ཇའི་ཀ་གིས་ ཇ་པཱ་ནིས་སློབ་ཕྲུག་བགྲེསཔ་ཚོགས་པའི་འཐུས་མི་ འབྲུག་མི་༢ ལུ་ གྲོགས་རམ་མ་དངུལ་ དངུལ་ཀྲམ་༢༥༠,༠༠༠ བྱིན་ཡོདཔ་ཨིན་པས། ཟླ་བ་ཚེ་རིང་དང་ ཚེ་རིང་རྡོ་རྗེ་༢ དུས་ཅི་ ཚོང་འབྲེལ་གནས་སྐབས་༧ གྱི་ གྲོས་འཆར་བཙུགས་མིའི་གྲས་ལས་ གདམ་འཐུ་འབད་ཡོདཔ་ད་ ཟླ་བ་ཚེ་རིང་དེ་ …

རྒྱས་པར་ལྷག། »

འབྲུག་མི་ཚུ་ ས་མཚམས་ཕྱི་ཁར་ འཐོན་འཛུལ་འབདཝ་ད་ ངོས་འཛིན་ཡིག་ཆ་སྟོན་དགོཔ།

༉ སྤྱི་ཟླ་༩ པའི་ཚེས་༢༣ ལས་ འབྲུག་མི་ཚུ་ ས་མཚམས་ཕྱི་ཁར་ འཐོན་འཛུལ་འབད་བའི་སྐབས་ འཐོན་འཛུལ་ས་ཁོངས་ནང་ ངོས་འཛིན་ཡིག་ཆ་ རང་སོའི་ངོ་སྤྲོད་ལག་ཁྱེར་དང་ ཡང་ཅིན་ ལམ་ཡིག་སྟོན་དགོ་པའི་ཁར་ འཐོན་སྒོ་དང་ འཛུལ་སྒོ་ཚུ་ནང་ ཕྱི་མི་ནང་སྐྱོད་ཀྱི་ བྱ་རིམ་ཚང་དགོཔ་ཨིན་པས། གནད་དོན་དེའི་ཐོག་ལུ་ འཕྲལ་ཁམས་ཅིག་ཁར་ ནང་སྲིད་དང་སྲོལ་འཛིན་ལྷན་ཁག་ ཕྱི་མི་ནང་སྐྱོད་ལས་ཁུངས་ཀྱིས་ …

རྒྱས་པར་ལྷག། »

ཟ་ཁང་༨༣ དང་ གྲོང་གསེབ་མགྱོན་ཁྱིམ་༦༢ དེ་ལས་ ལྟ་བཤལ་ལམ་སྟོན་པ་༤༨༡ ངོ་སྦྱོར་འབད་ཡོདཔ།

༉ ལྟ་བཤལ་གྲ་སྒྲིག་དབྱེ་ཞིབ་དང་ ལྟ་བཤལ་ཞབས་ཏོག་བྱིན་མི་ཚུ་ འོས་མཐུན་གྱི་ ལས་རིམ་དང་པའི་སྐབས་ འབྲུག་ལྟ་བཤལ་ཚོགས་སྡེ་གིས་ ཟ་ཁང་༨༣ དང་ གྲོང་གསེབ་མགྱོན་ཁྱིམ་༦༢ དེ་ལས་ ལྟ་བཤལ་ལམ་སྟོན་པ་༤༨༡ ངོ་སྦྱོར་འབད་ཡོདཔ་ཨིན་པས། ཚོགས་སྡེ་གིས་ ཐི་རི་ཨིས་ཊར་༣ པ་ ཡན་ཆད་འབད་མི་ ཟ་ཁང་དང་ གྲོང་གསེབ་མགྱོན་ཁྱིམ་ ལྟ་བཤལ་ལམ་སྟོན་པ་ཚུ་ གྲ་སྒྲིག་དབྱེ་ཞིབ་དང་ …

རྒྱས་པར་ལྷག། »

བཀྲིས་གཡང་རྩེ་རྫོང་ཁག་གི་ དུར་ཁྲོད་རྩ་ཅན་དེ་ནང་ གཞི་རྟེན་མཐུན་རྐྱེན་ཚུ་ ལེགས་ཤོམ་མེད་པའི་དཀའ་ངལ།

༉ བཀྲིས་གཡང་རྩེ་རྫོང་ཁག་གི་ དུར་ཁྲོད་ནང་ མེ་སྦྱང་འབད་ནིའི་དོན་ལུ་ ཕུངམ་༣ ལས་ལྷག་སྟེ་ འབག་འོང་པའི་སྐབས་ གཞི་རྟེན་མཐུན་རྐྱེན་ཚུ་ མ་ལང་པའི་དཀའ་ངལ་ཐོན་དོ་ཡོདཔ་ཨིན་པས། དུར་ཁྲོད་དེ་ རྒྱལ་ཁབ་ནང་ རྩ་ཅན་དང་ བྱིན་རླབས་ཅན་ཨིན་པའི་ ཡིད་ཆེས་བསྐྱེད་དོ་ཡོདཔ་ད་ མི་མང་ཤོས་ཅིག་གིས་ དུར་ཁྲོད་དེ་ར་ གདམ་ཁ་རྐྱབ་དོ་ཡོདཔ་ཨིན་པས། བཀྲིས་གཡང་རྩེཔ་ཚུ་གིས་འབད་བ་ཅིན་ དུར་ཁྲོད་ལུ་ མཐུན་རྐྱེན་ཚུ་དགོ་པའི་ཁར་ …

རྒྱས་པར་ལྷག། »

གཞུང་གཡོག་ནང་ལས་བཏོན་བཏང་མི་ བཀོད་ཁྱབ་འགོ་དཔོན་ཚུ་ བཙག་འཐུའི་ནང་ བཅའ་མར་གཏོགས་མི་ཆོག་ནི།

༉ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱིས་ འགོ་ཁྲིད་པའི་ དབྱེ་ཞིབ་བརྒྱུད་དེ་ ལཱ་གཡོག་ནང་ལས་ བཏོན་བཏང་མི་ བཀོད་ཁྱབ་འགོ་དཔོན་ཚུ་ བཙག་འཐུའི་ནང་ བཅའ་མར་གཏོགས་མི་བཅུག་ནི་ཨིན་པས། འཕྲལ་ཁམས་ཅིག་ཁར་ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ སྲིད་དོན་ཚོགས་པའི་ གཙོ་འཛིན་ཚུ་དང་ཕྱད་དེ་ གནད་དོན་དེའི་སྐོར་ལས་ སྙན་ཞུ་འབད་ཡོད་རུང་ ལྷན་ཚོགས་ཀྱིས་ དེ་བཟུམ་མའི་ གྲོས་ཐག་བཅད་མི་དེ་ ཡིག་ཐོག་ལུ་ ག་ནི་ཡང་ …

རྒྱས་པར་ལྷག། »

ཨམ་སྲུ་དམར་བསད་འབད་མི་ ཕོ་སྐྱེས་ཅིག་ འཛིན་བཟུང་འབད་ཡོདཔ།

༉ སྐྱེས་ལོ་༤༨ ལང་མི་ ཕོ་སྐྱེས་ཅིག་གིས་ ཀླུ་མང་རྒེད་འོག་ ཁམ་བུ་བོ་རང་ལུ་ ཁོ་རའི་གནས་ཚང་ དམར་བསད་འབད་མི་ལུ་བརྟེན་ སྤྱི་ཟླ་༩ པའི་ཚེས་༡༣ ལུ་ ཝམ་རོང་ཁྲིམས་སྲུང་འགག་པ་གིས་ དོ་དམ་འོག་ལུ་ བཙུགས་ཡོདཔ་ཨིན་པས། གནས་ཚུལ་འབྱུང་ཁུངས་ཅིག་དང་འཁྲིལ་བ་ཅིན་ དོགས་པ་ཅན་ ཕོ་སྐྱེས་དེ་གིས་ ཨམ་སྲུ་དེ་ལུ་ ཚར་ལེ་ཤ་ར་ མཛོག་ཕོག་བླུགས་ཡོདཔ་མ་ཚད་ …

རྒྱས་པར་ལྷག། »

མི་མང་གི་བསམ་འཆར་ཚུ་ གྲོས་ཐག་གཅད་སའི་ནང་ ལྷོད་ཚུགས་ནིའི་དོན་ལུ་ ཡོངས་འབྲེལ་འཆར་སྒོ་འགོ་འབྱེད།

༉ ཁ་ཙ་ ཐིམ་ཕུག་ལུ་སྦེ་ རྒྱལ་སྤྱི་དམངས་གཙོའི་ཉིནམ་དང་ འཛམ་གླིང་སྤྱི་ཚོགས་གོང་འཕེལ་ལས་རིམ་གྱི་ ཨེ་ཤི་ཡ་ པེ་སི་ཕིག་ལུང་ཕྱོགས་ཀྱི་ མི་སྟོབས་གོང་འཕེལ་སྙན་ཞུ་༢༠༢༢ གསལ་སྟོན་འབད་མི་དང་འབྲེལ་ གྲོས་ཐག་གཅད་སའི་ནང་ མི་མང་གིས་ གྲལ་གཏོགས་འབད་ནི་ ཡར་དྲག་གཏང་ཐབས་ལུ་ རྟེན་འབྲེལ་ཟེར་མི་ ཡོངས་འབྲེལ་འཆར་སྒོ་ འགོ་འབྱེད་འབད་ཡོདཔ་ཨིན་པས། རྒྱལ་ཡོངས་ཚོགས་སྡེ་དང་ འཛམ་གླིང་སྤྱི་ཚོགས་གོང་འཕེལ་ལས་རིམ་གྱིས་ མཉམ་འབྲེལ་ཐོག་ལས་བཟོ་མི་ ཡོངས་འབྲེལ་འཆར་སྒོ་དེ་ …

རྒྱས་པར་ལྷག། »

མི་དབང་མངའ་བདག་རིན་པོ་ཆེ་མཆོག་ རྒྱ་གར་ལྡི་ལི་ལུ་ཕེབས་ཡོདཔ།

༉ ཁ་ཙ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ རྒྱ་གར་ལྡི་ལི་ལུ་ ཕེབས་གནངམ་དང་འབྲེལ་ རྒྱ་གར་གྱི་བློན་ཆེན་ ན་རིན་དཱ་ར་མོ་དི་དང་ མཇལ་ཕྲད་གནང་ཡོདཔ་ཨིན་པས། བློན་ཆེན་མོ་དི་གིས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ ལོག་ཀཱལ་ཡཱན་མཱག་ལུ་ ཁོ་རའི་གཟིམ་ཅུང་ནང་སྦེ་ ཕེབས་བསུ་ཞུ་ཡོདཔ་ཨིན་པས། མི་དབང་མངའ་ཞབས་མཆོག་དང་ བློན་ཆེན་མོ་དི་རྣམ་གཉིས་ཀྱིས་ ཕན་ཚུན་གཉིས་ལུ་ཕན་པའི་ གནད་དོན་ཚུ་གི་སྐོར་ལས་ གསུང་གྲོས་གནང་ཡོདཔ་མ་ཚད་ འབྲུག་དང་རྒྱ་གར་གྱི་བར་ན་ གནས་ཡོད་པའི་ …

རྒྱས་པར་ལྷག། »