གནས་ཚུལ།

གནས་ཚུལ་མདོར་བསྡུས།

སྤྱི་ཟླ་༦ པའི་ཚེས་༢༠ ལུ་ གུ་རུ་རིན་པོ་ཆེའི་ འཁྲུངས་སྐར་དུས་ཆེན་ཁྱད་པར་ཅན་དང་བསྟུན་ རྒྱ་གར་གཞུང་གིས་ འབྲུག་ལུ་ སྟོན་པ་ཤཱཀྱ་ཐུབ་པའི་ སྐུ་འདྲ་ཅིག་ ཕུལ་ཡོདཔ་ད་ ཐིམ་ཕུག་ལུ་ཡོད་མི་ རྒྱ་གར་གཞུང་ཚབ་ལས་ཁང་གིས་ གནས་ཚུལ་གསར་བཏོན་ནང་ བཀོད་མི་དང་འཁྲིལཝ་ད་ སྟོན་པའི་སྐུ་འདྲ་དེ་ཡང་ བཀྲིས་ཆོས་རྫོང་གི་ ཀུན་ར་ནང་ རབ་གནས་ཕུལ་བའི་ཤུལ་ལུ་ རྒྱ་གར་གྱི་གཞུང་ཚབ་ རུ་ཅི་ར་ཀམ་བཱོཇ་གིས་ …

རྒྱས་པར་ལྷག། »

སྟག་ཉམས་སྲུང་འབད་བའི་དགའ་ཚོར་ལུ་ ཞིང་རྨོ་འཕྲུལ་ཚུ་ གྲོགས་རམ་བྱིན་ཡོདཔ།

༉ སྤྱི་ཟླ་༦ པའི་ཚེས་༢༠ ལུ་ ཨྱོན་གུ་རུ་རིན་པོ་ཆེ་མཆོག་གི་ འཁྲུངས་སྐར་དུས་ཆེན་བརྩི་སྲུང་ཞུཝ་དང་འབྲེལ་ ནགས་ཚལ་དང་གླིང་ཁ་ཞབས་ཏོག་འོག་གི་ བུམ་ཐང་མངའ་སྡེའི་ནགས་ཚལ་ཡིག་ཚང་གིས་ ཀྲོང་གསར་ནུབ་སྦིས་རྒེད་འོག་གི་ སྤྱི་འོག་༥ ལུ་ སེམས་ཅན་སྟག་ཉམས་སྲུང་འབད་ཡོད་པའི་ དགའ་ཚོར་ལུ་ ཞིང་རྨོ་འཕྲུལ་༥ བཀྲམ་སྤེལ་འབད་ཡི། ཞིང་རྨོ་འཕྲུལ་ཚུ་ཡང་ དགེ་ལེགས་ཕུག་ལུ་ཡོད་པའི་ རྒྱལ་ཡོངས་སྟག་ལྟེ་བའི་འོག་ལུ་ཡོད་པའི་ བེ་ནི་ཤིང་ཊེ་ཞར་ལས་འགུལ་གྱི་ རྒྱབ་སྐྱོར་ཐོག་ལས་ …

རྒྱས་པར་ལྷག། »

རྒྱལ་ཡོངས་སི་ཨེསི་ཨའི་གོང་འཕེལ་དངུལ་ཁང་གིས་ སྐྱིན་འགྲུལ་ཐེར་འབུམ་༡.༢༩ བྱིན་ཡོདཔ།

༉ གཞུང་གིས་ རྒྱལ་ཡོངས་སི་ཨེསི་ཨའི་གོང་འཕེལ་དངུལ་ཁང་ གཞི་བཙུགས་འབད་དེ་ ལོ་༡ གི་ནང་འཁོད་ལུ་ དངུལ་ཀྲམ་ཐེར་འབུབ་༡.༢༩ སྐྱིན་འགྲུལ་བྱིན་ཡོདཔ་ཨིན་པས། དེ་ཡང་ སྤྱི་ཟླ་༦ པའི་ཚེས་༡༨ ལུ་ རྒྱལ་ཡོངས་ཚོགས་འདུའི་ དྲི་བཀོད་ལས་རིམ་སྐབས་ ཇོ་མོ་གཙང་ཁ་-མར་ཚ་ལའི་འཐུས་མི་ ནོར་བུ་དབང་འཛོམས་ཀྱིས་ དངུལ་ཁང་བཙུགས་ཡོད་རུང་ སྐྱིན་འགྲུལ་ཐོབ་མ་ཚུགས་པའི་ དཀའ་ངལ་སྦོམ་ཐོན་ཏེ་ཡོད་པའི་སྐོར་ལས་ དྲི་བ་ཞུ་བའི་ལན་ལུ་ …

རྒྱས་པར་ལྷག། »

བོང་ཟམ་ཚུན་ འཁོར་ལམ་བསལ་ཡོད་རུང་ ཟམ་མེདཔ།

༉ ཀྲོང་གསར་ ནུབ་སྦིས་རྒེད་འོག་ལྟེ་བ་ལས་ ཆུའི་ཕར་ཁ་དང་ ཚུར་ཁར་སྡོད་མི་ཚུ་ རྒེད་འོག་ལྟེ་བའི་ནང་འོང་པའི་སྐབས་ སྟབས་བདེ་ཏོག་ཏོ་བཟོ་ནིའི་དོན་ལུ་ བསྐོར་ལམ་མཐུད་སྦྲེལ་འབད་ནི་དེ་ བོང་ཟམ་ཚུན་ བསལ་ཡོདཔ་ཨིན་རུང་ མང་སྡེ་ཆུའི་གུ་ལས་ ཟམ་མེདཔ་ཨིན་པས། ཟམ་བཟོ་སྐྲུན་འབད་བའི་ཤུལ་ལས་ མང་སྡེ་ཕུག་དང་ ལྗོངས་ཐང་ ག་སྒར་དཀར་གཤོང་ སེམས་སྦྱིས་ཀྱི་མི་ཚུ་ རྒེད་འོག་ནང་འོང་པའི་སྐབས་ ད་རེས་བཟུམ་སྦེ་ ཀྲོང་གསར་ལས་བསྐོར་ཏེ་ …

རྒྱས་པར་ལྷག། »

ཐིམ་ཕུག་ལུ་ སྣུམ་འཁོར་བཞག་འཐུས་ ཡར་སེང་འབད་མི་ལུ་ གཞུང་གིས་ བར་འཛུལ་འབད་ཐབས་མེདཔ།

༉ རྒྱལ་ཡོངས་ཚོགས་འདུའི་ དྲི་བཀོད་ལས་རིམ་ཅིག་ནང་ ད་རེས་ཁམས་ཅིག་ལས་ ཐིམ་ཕུག་ལུ་ སྣུམ་འཁོར་བཞག་སའི་ གླ་འཐུས་ཡར་སེང་འབད་མིའི་སྐོར་ལས་ དྲི་བ་བཀོད་པའི་ལན་ལུ་ དངུལ་རྩིས་བློན་པོ་ རྣམ་རྒྱལ་ཚེ་རིང་གིས་ དེ་ལུ་ གཞུང་གི་ཁ་ཐུག་ལས་ འབད་ཐབས་ག་ནི་ཡང་ མེད་ཟེར་ཞུ་ཡི། ཨ་ཐང་- ཐད་ཚོ་གི་འཐུས་མི་ ཀུན་ལེགས་དབང་ཕྱུག་གིས་ དྲི་བ་ཞུ་མིའི་ནང་ ནོར་འཛིན་ལམ་བདའ་སྟེ་ སྣུམ་འཁོར་བཞག་པའི་གླ་འཐུས་ …

རྒྱས་པར་ལྷག། »

དབང་བཙོང་འདོད་སྤྱོད་འབད་མི་ཕོ་སྐྱེས་ འཚོལ་མ་འཐོབ་པར་ཡོདཔ།

༉ སྤྱི་ཟླ་༦ པའི་ཚེས་༡༠ ལུ་ སྐྱེས་ལོ་༨ ལང་མི་ བུམོ་ཅིག་ལུ་ དབང་བཙོང་འདོད་སྤྱོད་འབད་ཡོད་མི་དེ་ ད་ལྟོའི་བར་ན་ཡང་ འཚོལ་མ་ཐོབ་པར་ཡོདཔ་ལས་ བསམ་རྩེ་ཁྲིམས་སྲུང་འགག་པ་གིས་ འཚོལ་ཞིབ་འབད་བའི་བསྒང་ཡོདཔ་ཨིན་པས། བསམ་རྩེ་རྫོང་ཁག་ཚོགས་འདུའི་ཁྲི་འཛིན་ ཉི་མ་འབྲུག་པ་གིས་ བཤད་མིའི་ནང་ དབང་བཙོང་འདོད་སྤྱོད་ཀྱི་ གནས་ཚུལ་གོ་བའི་ཤུལ་ལུ་ རྫོང་ཁག་གི་ མི་སེར་ཚུ་ སེམས་ཕམ་བྱུང་སྟེ་འདུག་ཟེར་ཨིན་པས། ཁོ་གིས་འབད་བ་ཅིན་ བྱ་ངན་འཐབ་མི་དེ་ ཁྲིམས་སྲུང་འགག་པ་གིས་ འཕྲལ་མགྱོགས་ར་ …

རྒྱས་པར་ལྷག། »

ཞི་གཡོགཔ་ཚུ་ལུ་ བདག་དབང་གི་ཁྱིམ་ འཐོབ་ཚུགསཔ་བཟོ་ནི་དེ་ དུས་ཚོད་འགོར་ནི།

༉ ཁ་ཙ་ སྤྱི་ཚོགས་ལྷན་བཞུགས་ནང་ སྤྱི་གཡོགཔ་ཚུ་ལུ་ གོང་ཚད་རན་ཏོག་ཏོ་འབད་མི་སྡོད་ཁྱིམ་དང་ ཁྱིམ་གྱི་བདག་དབང་སྤྲོད་ནིའི་སྐོར་ལས་ རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱིས་ སྤྱི་ལོ་༢༠༡༣ དང་༢༠༡༧ གྱི་བར་ན་ རྩིས་ཞིབ་འབད་མི་སྙན་ཞུ་ལུ་ ཚོགས་སྡེའི་འཐུས་མི་ མང་ཤོས་ཅིག་གིས་ འཆར་གཞི་དེ་ དངུལ་འབྲེལ་གྱི་ཆ་རྐྱེན་ཅིག་ལུ་ གཞི་བཞག་སྟེ་ མཐར་འཁྱོལ་འབྱུང་མི་ཚུགས་ཟེར་ ཞུ་ཡི། ཐིམ་ཕུག་གི་འཐུས་མི་ ཚེ་དབང་རིག་འཛིན་གྱིས་ …

རྒྱས་པར་ལྷག། »

ཏམ་ཁུ་དམ་འཛིན་བཅའ་ཁྲིམས་ འཕྲི་སྣོན་འབད་དགོཔ་ཡོད་པའི་གནད་ཁུངས།

༉ ད་རེས་ ནད་ཡམས་ཀོ་བིཌ་-༡༩ འི་གནས་སྟངས་ནང་ འབྲུག་ལུ་ ཉེན་འཚུབས་ཆེ་ཤོས་ར་ ཌེལ་ཊ་བའེ་རེནཊ་ཟེར་མི་ ཁྱབ་སྤེལ་མགྱོགས་དྲགས་འགྱོ་མི་ ནད་འབུབ་ལས་ བྱུང་དོ་ཡོདཔ་ཨིན་པས། དེ་ཡང་ འཕྲལ་ཁམས་ཅིག་ཁར་ གསོ་བ་ལྷན་ཁག་གིས་ འབྲུག་ལས་ ཀོ་བིཌ་-༡༩ འི་དཔེ་ཚད་༣༠ བེང་ཀོག་གི་ ནད་བརྟག་ཁང་ནང་བསྐྱལ་ཏེ་ བརྟག་དཔྱད་འབདཝ་ད་ རྒྱལ་ཁབ་ནང་ …

རྒྱས་པར་ལྷག། »

ངང་ལམ་འདེམས་ཁོངས་ཀྱི་ འགྲུལ་སྐྱོད་ཚོགས་རྒྱན་ཞབས་ཏོག་ ཕར་འགྱངས་འབད་ཡོདཔ།

༉ སྤྱི་ཟླ་༦ པའི་ཚེས་༡༩ ལུ་ པདྨ་དགའ་ཚལ་ ངང་ལམ་དྲུང་ཁག་ཀོ་བིཌ་-༡༩ ལས་བྱེད་ཚོགས་ཆུང་གིས་ ཉིནམ་༣ གྱི་རིང་ འགྲོ་འགྲུལ་བཀག་དམ་གྱི་ གསལ་བསྒྲགས་འབད་མི་ལུ་བརྟེན་ ངོས་ལེན་འགོ་དཔོན་ཡིག་ཚང་གིས་ ངང་ལམ་འདེམས་ཁོངས་ཀྱི་ དུས་མིན་བཙག་འཐུའི་ འགྲུལ་སྐྱོད་ཚོགས་རྒྱན་ཞབས་ཏོག་དེ་ གནས་སྐབས་ཅིག་ ཕར་འགྱངས་འབད་ནུག། ལས་བྱེད་ཚོགས་ཆུང་གིས་ གདུང་བསམ་རྩི་ས་ལས་འཛིན་གྱི་ རང་སྲུང་ས་ཁོངས་ནང་ལས་ …

རྒྱས་པར་ལྷག། »

གནས་ཚུལ་མདོར་བསྡུས།

ཁ་ཙ་ འབྲུག་་དང་ རྒྱ་གར་གཞུང་གཉིས་ཀྱི་བར་ན་ མཐའ་འཁོར་གནས་སྟངས་དང་འབྲེལ་བའི་ གནད་དོན་ཚུ་ནང་ མཉམ་འབྲེལ་འབད་ནིའི་དོན་ལུ་ ཡོངས་འབྲེལ་དངོས་མཐོང་ཐོག་ལས་ རྒྱལ་ཡོངས་མཐའ་འཁོར་གནས་སྟངས་ལྷན་ཚོགས་ཀྱི་ཁྲི་འཛིན་ ཕྱི་འབྲེལ་བློན་པོ་ ཌོག་ཊར་རྟ་མགྲིན་རྡོ་རྗེ་དང་ རྒྱ་གར་གྱི་ ནགས་ཚལ་དང་ མཐའ་འཁོར་ གནམ་གཤིས་འགྱུར་བགྲོད་བློན་པོ་ པར་ཀཱཤ་ ཇ་བ་དི་ཀར་གཉིས་ཀྱི་བར་ན་ གོ་བརྡའི་ཆིངས་ཡིག་གུ་ མཚན་རྟགས་བཀོད་ཡོདཔ་ད་ དུ་བསྒང་ རྒྱ་གར་ལུ་ཡོད་མི་ …

རྒྱས་པར་ལྷག། »