admin

ལྷུན་རྩེ་རྫོང་ལུ་ ས་ཡོམ་གྱིས་ གནོད་སྐྱོན་རྐྱབ་མིའི་ བརྟག་ཞིབ་འབད་ཚར་ཡོདཔ།

༉ འཕྲལ་ཁམས་ཅིག་ཁར་ ས་ཡོམ་རྐྱབ་ད་ ལྷུན་རྩེ་རྫོང་གི་ གྱང་རྩིག་དང་ བཟོ་བཀོད་ལེ་ཤ་ཅིག་ མེདཔ་བཏང་མི་ཚུ་ལུ་ ནང་སྲིད་ལྷན་ཁག་ ལམ་སྲོལ་ལས་ཁུངས་ཀྱིས་ བརྟག་ཞིབ་འབད་ཚར་ཡོད་རུང་ ད་ལྟོ་ ཉམས་གསོ་ཞུ་ནིའི་ ལོ་རྒྱུས་མེདཔ་ཨིན་པས། རྐྱེན་ངན་འཛིན་སྐྱོང་ལས་ཁུངས་བརྒྱུད་དེ་ ལམ་སྲོལ་ལས་ཁུངས་ཀྱི་ བཟོ་རིག་འགོ་དཔོན་ཚུ་གིས་ བརྟག་ཞིབ་འབད་དེ་ སྙན་ཞུ་གསལ་སྟོན་འབད་མི་དང་འཁྲིལཝ་ད་ རྫོང་གཞིས་དེ་དང་ ལྟ་རྫོང་བརྩིས་ཏེ་ …

རྒྱས་པར་ལྷག། »

འབྲུག་གི་མདའ་རྩེདཔ་ཀརྨ་གིས་ རྒྱ་གར་གྱི་མདའ་རྩེདཔ་ དི་པི་ཀ་ཀུ་མ་རི་དང་ རྩེད་འགྲན་འབད་ནི།

༉ འབྲུག་གི་མདའ་རྩེདཔ་ཀརྨ་གིས་ ད་རེས་ ཇ་པཱན་ལུ་སྦེ་ འགོ་འདྲེན་འཐབ་མི་ ཨོ་ལིམ་པིག་རྩེད་འགྲན་ནང་ གྲལ་གཏོགས་འབད་དོ་ཡོདཔ་བཞིན་དུ་ མོ་གིས་ སྤྱི་ཟླ་༧ པའི་ཚེས་༢༨ ལུ་ རྒྱ་གར་གྱི་མདའ་རྩེདཔ་ དི་པི་ཀ་ ཀུ་མ་རི་དང་ དོ་འགྲན་འབད་ནི་ཨིན་པས། འདས་པའི་རེས་གཟའ་སྤེན་པ་ལུ་ གོ་རིམ་གྱི་ འགྲན་བསྡུར་ཅིག་ འགོ་འདྲེན་འཐབ་པའི་སྐབས་ ཀརྨ་གིས་ …

རྒྱས་པར་ལྷག། »

ཆུ་སྦུག་ཆུའི་ལས་འགུལ་གྱིས་ ཁྱིམ་གུང་༡༣༢ ལུ་ ཕན་ཐོགས་འབྱུང་ནི།

༉ སྐྱེས་ལོ་༦༠ ལང་མི་ རྣམ་རྒྱལ་སྒྲོལམ་གིས་ མོ་གི་ཁྱིམ་ལས་ ཀི་ལོ་མི་ཊར་༡ དེ་ཅིག་གི་ས་ཁར་ཡོད་མི་ ཆུ་རྐ་ལས་ ཆུ་དབོག་དོ་ཡོདཔ་ཨིན་པས། མོ་ར་ ལོ་ན་ཚོད་རྒས་དོ་ཡོདཔ་ལས་ ཉིན་བསྟར་བཞིན་དུ་ ཆུ་དབོག་པར་ འགྱོ་ནི་དེ་ གདོང་ལན་ཅན་ཅིག་ལུ་ འགྱུར་དོ་ཡོདཔ་ལས་ མོ་རའི་ཁྱིམ་གྱི་ཉེ་འདབས་ལུ་ ཆུ་རྐ་ཅིག་ ཐོབ་སྤྱོད་འབད་ནི་ཡོད་པ་ཅིན་ཟེར་ རེ་བ་བསྐྱེདཔ་ཨིན་པས། …

རྒྱས་པར་ལྷག། »

ཆུའི་གཙོ་རིམ་ལས་འགུལ་ལུ་བརྟེན་ འཐུང་ཆུ་དང་ ཞིང་ཆུའི་དཀའ་ངལ་སེལ་ཐབས་འབད་ནི།

༉ བུམ་ཐང་ ཨུ་ར་རྒེད་འོག་ སྟངས་སི་སྦིས་སྤྱི་འོག་གི་ མི་སེར་ཚུ་ ཟླཝ་༣ གྱི་རྒྱབ་ལས་ ཨ་རྟག་བཟུམ་སྦེ་ ཆུའི་དཀའ་ངལ་མི་འབྱུང་ནི་ཨིན་མི་དེ་ཡང་ ཆུའི་གཙོ་རིམ་ལས་འགུལ་འོག་ གཞུང་དང་བདེ་སྲུང་མཉམ་འབྲེལ་ཐོག་ ཞིང་ཆུ་དང་འཐུང་ཆུའི་ལས་འགུལ་ འགོ་བཙུགས་ནི་དེ་གིས་ཨིན་པས། ཁ་ཙ་ ལས་འགུལ་གྱི་ འགོ་འབྱེད་དེ་ཡང་ བུམ་ཐང་དྲོགས་རྫོང་བདག་དང་ བྱ་དཀར་བླམ་ རྒེད་འོག་དང་ རྫོང་ཁག་ལས་བྱེདཔ་ …

རྒྱས་པར་ལྷག། »

ལས་སྡེ་༢ ཀྱིས་ འབྲུག་གི་གློག་བརྙན་གནས་ཚད་ཡར་དྲག་གཏང་ནི་ལུ་ལྷན་ཐབས།

༉ འབྲུག་གི་གློག་བརྙན་སྟོན་ཁང་ཚུ་ ལོ་ལྷགཔ་ཅིག་གི་རིང་ སྒོ་བསྡམས་དགོཔ་བྱུང་མི་དང་བསྟུན་ སོ་ཡ་ལ་དང་ ས་སྨུག་སྒེར་སྡེ་༢ ཀྱིས་ ཡོངས་འབྲེལ་ཨིན་ཊར་ནེཊ་ཞབས་ཏོག་ཐོག་ མི་མང་ལུ་ འབྲུག་པའི་གློག་བརྙན་བཟོ་མི་ཚུ་ སྟོན་ནིའི་དོན་ལུ་ གསར་གཏོད་ལག་ལེན་འཐབ་ཨིན་པས། ཡོངས་འབྲེལ་ཐོག་ལས་ ཕབ་ལེན་འབད་ཞིནམ་ལས་ གློག་བརྙན་དང་ གློག་ཐུང་ སྤྲོ་སྟོན་ལས་རིམ་ དེ་ལས་ རྒྱལ་ཡོངས་སྐད་ཡིག་ རྫོང་ཁའི་ཐོག་ལུ་བཟོ་མི་ …

རྒྱས་པར་ལྷག། »

ད་རིས་ ཕུན་ཚོགས་གླིང་ལུ་ འགྲུལ་སྐྱོད་བཀག་དམ་ ཉིན་གྲངས་༡༠༡ ལང་ཡོདཔ།

༉ ཕུན་ཚོགས་གླིང་དེ་ རྒྱལ་ཁབ་ཀྱི་ ཚོང་འབྲེལ་ལྟེ་བ་ སྦོམ་ཤོས་ཅིག་ཨིན་རུང་ ད་རེས་ ཚོང་ཁང་ཚུ་ག་ར་  སྒོ་བསྡམས་ཡོད་པའི་ཁར་ མི་དང་སྣུམ་འཁོར་གྱི་ སྐད་དེ་ཅིག་ར་ གོ་ནི་མེདཔ་ལས་ སྟོང་ཧང་ཧ་སྦེ་ མཐོངམ་ཨིན་པས། ཕུན་ཚོགས་གླིང་ལུ་ གཞུང་གི་ཡིག་ཚང་དང་ སློབ་གྲྭ་ཚུ་ སྒོ་བསྡམས་ཏེ་ཡོད་རུང་ ནད་ཡམས་ཀོ་བིཌ་-༡༩ ཁྱབ་སྤེལ་འགྱོ་མི་དེ་ བཀག་མ་ཚུགས་པར་ཡོད་པའི་ཁར་ …

རྒྱས་པར་ལྷག། »

གནས་ཚུལ་མདོར་བསྡུས།

ཁ་ཙ་ ཇ་པཱན་ལུ་ ཊོ་ཀི་ཡོ་ ཨོ་ལིམ་པིག་རྩེད་འགྲན་༢༠༢༠ འི་ འགོ་འབྱེད་རྟེན་འབྲེལ་ནང་ འབྲུག་ལས་ རྩེད་འགྲན་པ་༤ འབད་མི་ སྡེ་ཚན་ཅིག་གིས་ བཅའ་མར་གཏོགས་ཡོད་པའི་གནས་ཚུལ།

རྒྱས་པར་ལྷག། »

གྱེན་ལོག་དམག་རྒོལ་རྒྱུད་སྐུལ་འབད་མི་ རྩོད་ཟླ་༤ ལུ་ བཙོན་ཁྲིམས་ལོ་༥ ལས་༡༠ གྱི་བར་ན་བཀལ་ཡོདཔ།

༉ གྱེན་ལོག་དམག་རྒོལ་རྒྱུད་སྐུལ་གྱི་ གནོད་འགེལ་འབད་མི་ སྡེ་ཚན་ཅིག་ལུ་ ཐིམ་ཕུག་རྫོང་ཁག་ཁྲིམས་འདུན་གྱིས་ ཁ་ཙ་ བཙོན་ཁྲིམས་ལོ་༥ ལས་༡༠ བར་ན་ བཀལ་ཡོདཔ་ཨིན་པས། སྐུ་སྲུང་དམག་སྡེའི་ བཀོད་དཔོན་བགྲེསཔ་ མདོ་འཛིན་འཕྲིན་ལས་སྟོབས་རྒྱས་ལུ་ བཙོན་ཁྲིམས་ལོ་༡༠ དང་ མངོན་མཐོ་ཁྲིམས་འདུན་གྱི་ རྒན་རིམ་མཐོ་ཤོས་ཀྱི་ དྲང་དཔོན་ཀུན་ལེགས་ཚེ་རིང་ལུ་ བཙོན་ཁྲིམས་ལོ་༥ མཁའ་འགྲོ་དབང་མོ་ལུ་ …

རྒྱས་པར་ལྷག། »

དར་ལ་གློག་མེ་འཕྲུལ་ཁང་ ཆ་ཤས་ཅིག་སྦེ་ ལག་ལེན་འཐབ་ནི་འགོ་བཙུགས་ཡོདཔ།

༉ ཁ་ཙ་ དར་ལ་གློག་མེ་འཕྲུལ་ཁང་གི་ གློག་འཕྲུལ་ཡུ་ནིཊ་ཅིག་ བསྐྱར་བཟོ་འབད་བའི་ཤུལ་ལས་ མཐར་འཁྱོལ་ཅན་སྦེ་ ལག་ལེན་འཐབ་ནི་ འགོ་བཙུགས་ཡོདཔ་ཨིན་པས། གློག་མེ་འཕྲུལ་ཁང་དེ་ འདས་པའི་ཉིནམ་དག་པ་ཅིག་ ཆརཔ་མ་ཆད་པར་ རྐྱབ་མི་དེ་གིས་ ཝང་ཆུ་བྲེས་ཏེ་ རག་རོ་ཚུ་ འཕྱགས་བདའ་འོངམ་ད་ གློག་མེ་འཕྲུལ་ཁང་གི་ ཆུ་རྫིང་དང་ ས་འོག་ཆུ་ལམ་ཚུ་ བསུབས་ཡོདཔ་ལས་ གློག་ཤུགས་བསྒྱིར་འཕྲུལ་ལུ་ …

རྒྱས་པར་ལྷག། »

རྒྱལ་ཁབ་ནང་ ཅེསི་རྩེད་རིགས་ གོང་འཕེལ་གཏང་དགོཔ།

༉ ཅེསི་ཟེར་མི་ རྩེདམོ་གི་ཚོགས་པ་ གཞི་བཙུགས་འབད་ཡོད་རུང་ སྒོ་བསྡམས་ཏེ་ ལོ་༨ ལངམ་ད་ དུས་ཅི་ འབྲུག་ཨོ་ལིམ་པིག་ཚོགས་པ་གིས་ ཅེསི་གི་རྩེདམོ་ བསྐྱར་གསོ་འབདཝ་མི་དང་བསྟུན་ དང་འདོད་ཅན་གྱི་ ན་གཞོན་ཚུ་ལུ་ གོ་སྐབས་བྱིན་ནི་ཨིན་པས། དེ་ཡང་ སྤྱི་ཟླ་༨ པའི་ནང་ ཅེསི་རྩེད་འགྲན་ འགོ་འདྲེན་འཐབ་ནི་ཨིནམ་ལས་ ད་ལྟོ་ཚུན་ …

རྒྱས་པར་ལྷག། »