རྩི་རང་ལུ་ སོ་ནམ་པ་ཚུ་གིས་ ལྕང་ལཱ་ཧ་སུ་རྐྱབ་པའི་བསྒང་།

༉ ཞིང་ཆུའི་དཀའ་ངལ་ལུ་བརྟེན་ རྩི་རང་རྫོང་ཁག་གི་ སོ་ནམ་པ་ཚུ་གིས་ དུས་ཅི་ལས་ ལྕང་ལཱ་ཚུ་ ཧ་སུ་སྦེ་ རྐྱབ་དོ་ཡོདཔ་ཨིན་པས།
དེ་ཡང་ ལཱ་འཚབ་འཚབ་རིལ་རི་སྦེ་འབད་སར་ མཐོང་གསལ་བྱུང་མི་ཚུ་གི་གྲས་ལས་༡ དཀྱིལ་འཁོར་ཐང་རྒེད་འོག་ནང་ལས་ སྐྱེས་ལོ་༦༨ ལང་མི་ ལ་ཅི་མ་ཡ་ཨིནམ་ད་ མོ་གིས་ ལྕང་ལཱའི་དུས་ཚོད་རན་ནི་ལུ་ བདུན་ཕྲག་༢ དེ་ཅིག་གི་ཧེ་མ་ལས་ ལྕང་ལཱ་རྐྱབ་ནི་ གྲ་སྒྲིག་འབད་དོ་ཡོད་མི་དེ་ཡང་ གཡུས་ཁར་ཆུའི་དཀའ་ངལ་ཡོད་ནི་དེ་གིས་ཨིན་པས།
ལ་ཅི་མ་ཡ་གིས་ ལྕང་ལཱ་ཚ་ངེར་བཏོན་ཏེ་ འབད་དགོ་མི་དེ་ཡང་ མགྱོགས་པ་ར་ ཞིང་ཆུ་དེ་ མོ་གི་ཆུ་ཞིང་ནང་ ལྷོད་ནི་ཨིནམ་ལས་ དེ་གི་ཧེ་མ་ ལཱ་འབད་དགོཔ་ ལེ་ཤ་ཡོད་ནི་དེ་གིས་ཨིན་ཟེར་ བཤདཔ་ཨིན་པས།
དཀྱིལ་འཁོར་ཐང་རྒེད་འོག་ནང་འབད་བ་ཅིན་ ཞིང་ཆུ་དེ་ ཆུ་གཡུར་བདའ་སྟེ་ཡོད་མི་ ཇོ་བདག་ཚུ་ལུ་ གོ་རིམ་སྦེ་ བགོ་བཀྲམ་འབད་དོ་ཡོདཔ་ལས་ འཐབ་འཛིང་འབད་དགོཔ་མི་ཐོན་དོ་ཡོདཔ་ཨིན་པས།
མོ་བཟུམ་སྦེ་ སོ་ནམ་པ་གཞན་ཚུ་གིས་ཡང་ ལྕང་ལཱ་གི་དོན་ལུ་ གྲ་སྒྲིག་འབད་དོ་ཡོདཔ་ཨིན་པས།
ལ་ཅི་མ་ཡའི་ ཆུ་ཞིང་གི་འོག་ལུ་ ཆུ་ཞིང་ཡོད་མི་ ཊེག་བྷ་དུར་གྱིས་ ཁོ་གི་འབྱ་ཞིང་དེ་ ཤུལ་མའི་བདུན་ཕྲག་༡ དང་༢ ཀྱི་བར་ན་ གྲ་སྒྲིག་འགྱོ་འོང་ཟེར་ བཤད་པའི་ཁར་ ཞིང་ཆུའི་དཀའ་ངལ་དེ་ ད་ཚུན་ བསལ་མ་ཚུགས་པའི་ དཀའ་ངལ་ཅིག་ཨིན་ཟེར་ བཤདཔ་ཨིན་པས།
ཁོ་གིས་ བཤད་མིའི་ནང་ ཞིང་ཆུ་རྐྱངམ་གཅིག་མེན་པར་ ལས་མི་ཐོབ་མ་ཚུགས་པའི་ དཀའ་ངལ་ཡང་ཡོད་ཟེར་ཨིནམ་ད་ ག་འཆརཔ་ཟེར་བ་ཅིན་ སོ་ནམ་པ་ཚུ་གིས་ ལཱ་གོ་ཐོབ་རྐྱབ་ནི་ འགོ་བཙུགསཔ་ད་ ལས་མི་འཇམ་ཏོང་ཏོ་སྦེ་ ཐོབ་མི་ཚུགས་པས་ཟེར་ཨིན་པས།
འགྲམ་ཕུག་ཁོ་ལ་ཟེར་མི་ ཆུའི་རྐ་གུ་ལས་འབག་འོང་མི་ ཞིང་ཆུ་དེ་གིས་ ཁྱིམ་གུང་༡༠ དེ་ཅིག་གི་བར་ན་ བགོ་བཤའ་རྐྱབ་དོ་ཡོདཔ་ཨིན་པའི་གནས་ཚུལ།

སྐད་སྒྱུར་ ཚེ་རིང་རྣམ་རྒྱལ།

 

About admin

Check Also

རྒྱ་ཚ་སྦིས་ལུ་ ཆུ་རུད་ཐོན་མིའི་ནང་ མི་༢ ལུ་ ཤི་རྐྱེན་དང་༣ འཚོལ་བའི་བསྒང་ཡོདཔ།

༉ ཁ་ཙ་ དྲོ་པའི་ཆུ་ཚོད་༢ དང་ སྐར་མ་༣༠ དེ་ཅིག་ཁར་ ལྷུན་རྩེ་ཀུར་སྟོད་རྒེད་འོག་ རྒྱ་ཚ་སྦིས་གཡུས་ཚན་ནང་ ཆུ་རུད་ཐོན་མི་དེ་གིས་ མི་༧ འཕྱགས་བདའ་ཡོདཔ་བཞིན་དུ་ ཉེན་སྲུང་སྡེ་ཚན་གྱིས་ ཕོ་སྐྱེས་༡ དང་ ཨམ་སྲུ་༢ …

Leave a Reply

Your email address will not be published. Required fields are marked *