ཨེལ་ཇི་བི་ཏྲི་མི་སྡེའི་དོན་ལུ་ བྱ་སྒོའི་ལམ་ལུགས་ཀྱི་ ལམ་སྟོན་དཔེ་དེབ་ཅིག་ བཟོ་ནི།

༉ རྒྱལ་གཞུང་ཁྲིམས་སྲུང་འགག་སྡེ་གིས་ རྒྱལ་ཁབ་ནང་ ཨེལ་ཇི་བི་ཏྲི་ཟེར་མི་ ཕོ་གིས་ཕོ་ལུ་དགའ་མི་དང་ མོ་གིས་མོ་ལུ་དགའ་མི་ མཚན་མ་གཉིས་ཆ་ར་ལུ་དགའ་མི་ མི་སྡེ་ཚུ་དང་གཅིག་ཁར་ འབྲེལ་བ་འཐབ་པའི་སྐབས་ སྟབས་བདེ་ནིའི་དོན་ལུ་ བྱ་སྒོའི་ལམ་ལུགས་ཀྱི་ ལམ་སྟོན་དཔེ་དེབ་ཅིག་ བཟོ་ནི་ཨིན་པས།
དེ་ཡང་ ཁྲིམས་སྲུང་འགག་སྡེའི་གཙོ་འཛིན་ དམག་སྲིད་འཆི་མེད་རྡོ་རྗེ་གིས་ ཕུན་ཚོགས་གླིང་ལུ་སྦེ་ ཁྲིམས་སྲུང་འགག་སྡེའི་ འགོ་དཔོན་གོངམ་ཚུ་གི་ གོ་བ་བརྡ་སྤྲོད་ཀྱི་ ཞལ་འཛོམས་འགོ་འདྲེན་འཐབ་པའི་སྐབས་ གསལ་བསྒྲགས་འབད་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ ཨེལ་ཇི་བི་ཏྲི་མི་སྡེའི་འཐུས་མི་ཅིག་གིས་ ཁོང་ལུ་ གདོང་ལེན་ག་ཅི་བཟུམ་ར་ བྱུང་དོ་ཡོདཔ་ཨིན་ནའི་སྐོར་ལས་ གསལ་བཤད་ཅིག་ཡང་ འབད་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་སྡེའི་ གཙོ་འཛིན་གྱིས་འབད་བ་ཅིན་ ཨེལ་ཇི་བི་ཏྲི་མི་སྡེའི་སྐོར་ལས་ ཁྲིམས་སྲུང་འགག་པ་གིས་ ལེགས་ཤོམ་སྦེ་ ཧ་མ་གོ་མི་ལུ་བརྟེན་ཏེ་ ཁོང་གིས་ ཁྲིམས་འགལ་གྱི་ལཱ་འབད་དེ་ དོ་དམ་ནང་ལྷོད་པའི་སྐབས་ ཁྲིམས་སྲུང་འགག་པ་གིས་ ཁོང་གི་མི་སྡེ་སྐོར་ལས་ ལེགས་ཤོམ་ཧ་མ་གོ་ནི་དེ་གིས་ དཀའ་ངལ་བྱུང་སར་ མཐོངམ་མས་ཟེར་ཨིན་པས།
མི་སྡེ་དེ་ཡང་ ཁྲིམས་སྲུང་འགག་པ་དང་གཅིག་ཁར་ འབྲེལ་བ་ཡོད་དེ་འབད་རུང་ འདས་པའི་ལོ་ཚུ་ནང་ ད་ལྟོ་བཟུམ་སྦེ་ དར་ཁྱབ་མ་འགྱོ་ནི་དེ་གིས་ ལེགས་ཤོམ་སྦེ་ ཧ་གོ་མ་ཚུགས་པས་ཟེར་ཨིན་པས།
ཁོང་ལུ་ ཁྲིམས་ལག་ལེན་པ་ཚུ་གིས་ཡང་ ཕྱགས་སྡང་ཕྱོགས་རིས་ཕྱེ་བའི་ཁར་ དམའ་ཕབ་རྐྱབ་ནི་ ལ་སོགས་པའི་ལོ་རྒྱུས་ཚུ་ཡང་ གོཝ་མས་ཟེར་ ཁྲིམས་སྲུང་འགག་པའི་ གཙོ་འཛིན་གྱིས་ བཤད་ཡོདཔ་ཨིན་པས།
དེ་ཡང་ ཁོང་གི་འཛོལ་བ་དང་ ཁོང་གིས་ དཀའ་ངལ་བཟོ་ནི་ལུ་མེན་པར་ ཁོང་ར་ སྐྱེས་བའི་བསྒང་ལས་ མ་འདྲཝ་འབད་ནི་དེ་གིས་་ མི་ཚུ་གིས་ ཁོང་གི་སྐོར་ལས་ ལེགས་ཤོམ་སྦེ་ ཧ་མ་གོ་མི་ལུ་བརྟེན་ཏེ་ དཀའ་ངལ་ཚུ་ བྱུངམ་མས་ཟེར་ཨིན་པས།
མི་སྡེའི་འཐུས་མི་ཅིག་ཨིན་མི་ པདྨ་རྡོ་རྗེ་གིས་ བཤད་མིའི་ནང་ ཨེལ་ཇི་བི་ཏྲི་མི་སྡེ་ཚུ་ལུ་ ད་ལྟོ་ མི་མང་ཤོས་ཅིག་གིས་ རྣམ་རྟོག་ལང་དོ་ཡོད་མི་དེ་ཡང་ མི་ཚུ་གིས་ ཁོང་གི་སྐོར་ལས་ ལེགས་ཤོམ་སྦེ་ ཧ་མ་གོ་བའི་ རྟགས་མཚན་ཨིན་མས་ཟེར་ཨིན་པས།
ཁོ་གིས་སྦེ་འབད་བ་ཅིན་ དེ་སྦེ་ རྣམ་ཏོག་བསྐྱེད་ནི་དེ་ཡང་ མང་ཤོས་ཅིག་ སློབ་གྲྭ་ནང་ལས་ཕར་ བྱུང་དོ་ཡོདཔ་ལས་ སློབ་གྲྭ་ནང་ལས་ ཐོན་སྡོད་པའི་ཁར་ མི་སྡེ་དེ་ནང་ མང་ཤོས་ཅིག་ སློབ་སྦྱོང་སྦོམ་ འབད་འབདཝ་མེད་ཟེར་ཨིན་པས།
ད་ལྟོ་ ཨེལ་ཇི་བི་ཏྲི་མི་སྡེའི་དོན་ལུ་ རྒྱབ་སྐྱོར་འབད་མི་དང་ བརྡ་དོན་སྤྲོད་སའི་ས་གོ་ཅིག་ མེད་པ་ལུ་བརྟེན་ མི་སྡེའི་འཐུས་མི་ཚུ་གིས་ བརྡ་དོན་འཕྲུལ་རིག་ཐོག་ གློག་རིག་ཡོངས་འབྲེལ་ཚུ་ནང་ལས་ ཁོང་གི་ གནས་སྟངས་སྐོར་ལས་ ཧ་གོ་དོ་ཡོདཔ་ཨིན་པས།
ཁོང་ལུ་བལྟ་སྟེ་ རྣམ་རྟོག་ལང་ནི་དང་ ཕྱོགས་རིས་ཕྱེ་ནི་ དམའ་ཕབ་ལ་སོགས་པ་ཚུ་འབད་ནི་དེ་གིས་ མང་ཤོས་ར་ སྨྱོ་རྫས་དང་ ཆང་ལུ་ཤུགས་ཐལ་བ་གིས་མ་ཚད་ རང་སྲོག་བཅད་མི་ཡང་ཡོདཔ་ལས་ ཁོང་གི་སྐོར་ལས་ ཧ་གོ་ནི་དེ་ ཁག་ཆེ་དྲགས་ཅིག་ཨིན་ཟེར་ པདྨ་རྡོ་རྗེ་གིས་ བཤད་ཡོད་པའི་གནས་ཚུལ།

སྐད་སྒྱུར་ ཡེ་ཤེས་སྒྲོལ་མ།

About admin

Check Also

མོང་སྒར་ལུ་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་ མཐར་འཁྱོལ་བྱུང་ཡོདཔ།

༉ དུས་ཅི་ མོང་སྒར་ལུ་ མོ་བཏབ་ཀྱི་དོན་ལས་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་འབད་མི་དེ་ མཐར་འཁྱོལ་བྱུང་ཡོདཔ་ཨིན་པས། དེ་ཡང་ ལས་རིམ་དེ་གི་འོག་ལུ་ རྫོང་ཁག་གི་ ས་གནས་ཁག་དག་པ་ཅིག་ནང་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་འབད་མིའི་གྲས་ལས་ ཙ་ཀ་གླིང་རྒེད་འོག་ གཏོར་མ་གཞོང་སྤྱི་འོག་གི་ སོ་ནམ་པ་སྡེ་ཚན་ཅིག་གིས་ ས་གནས་གླི་ཏི་གཞོང་ཟེར་སར་ …

Leave a Reply

Your email address will not be published. Required fields are marked *