ཨེཆི་ཨེཕི་སི་ ནང་འདྲེན་གྱི་དོན་ལུ་ ལག་ཁྱེར་ལམ་ལུགས་ འགོ་བཙུགས་ཡོདཔ།

༉ ད་ལས་ཕར་ ཨེཆི་ཨེཕི་སི་ ནང་འདྲེན་འབད་མི་ཚུ་གིས་ རྒྱལ་ཡོངས་རང་བཞིན་གནས་སྟངས་ལྷན་ཚོགས་འོག་གི་ རྒྱ་ཡོངས་ཨོ་ཟོན་སྡེ་ཕྲན་ལས་ ཆོད་ཐམ་ལེན་དགོཔ་ཨིན་པས།

ཟླཝ་འདི་གི་ སྔ་ཆ་ལས་འགོ་བཙུགས་མི་ ཆོག་ཐམ་ལེན་དགོ་པའི་ ལམ་ལུགས་དེ་ འབྲུག་གིས་ སྤྱི་ལོ་༢༠༡༩ ལུ་ མཱོན་ཊི་ཡལ་ཆིངས་ཡིག་ བསྒྱུར་བཅོས་འབད་མིའི་ ཀི་ལ་འཕྲི་སྣོན་གྱི་ དགོས་མཁོ་དང་འཁྲིལ་ཏེ་ཨིན་པས།

འཕྲི་སྣོན་དང་འཁྲིལཝ་ད་ ལས་སྡེ་ཚུ་གིས་ འགྲོས་ཀྱིས་སྦེ་ ཨེཆི་ཨེཕི་སི་དང་ལྡན་པའི་ ཅ་ཆས་ཐོན་སྐྱེད་དང་ ལག་ལེན་ཚུ་ རིམ་པ་བཞིན་དུ་ བཤོལ་བཞག་འབད་དགོཔ་ཨིན་པས།

ཨེཆི་ཨེསི་སི་ཚུ་ གཙོ་བོ་ར་ བསིལ་ལྡན་བཞག་ནིའི་ཅ་ཆས་དང་ ཁྱེགས་སྒྲོམ་ཚུ་ནང་ ལག་ལེན་འཐབ་དོ་ཡོདཔ་ཨིན་པས།

འཕྲི་སྣོན་དང་འཁྲིལཝ་ད་ ལག་ཁྱེར་དགོ་པའི་ ཨེཆི་ཨེཕི་སི་གི་རིགས་༡༨ ཐོ་བཀོད་འབད་དེ་ ཡོདཔ་ཨིན་པས།

རྒྱལ་ཡོངས་རང་བཞིན་གནས་སྟངས་ལྷན་ཚོགས་ལས་ ཀུན་བཟང་རིག་འཛིན་གྱིས་ སླབ་མིའི་ནང་ ལག་ཁྱེར་ལམ་ལུགས་དེ་གིས་ རྒྱལ་ཁབ་ནང་ ཨེཆི་ཨེཕི་སི་ཚུ་ ནང་འདྲེན་འབད་དགོ་པའི་ ཚད་གཞི་དང་ བཀྲམ་སྤེལ་འབད་མི་རྒྱལ་ཁབ་ ནང་འདྲེན་འབད་སའི་ས་ཁོངས་ ལག་ལེན་འཐབ་མི་ དེ་ལས་ ཅ་ཆས་ཚུ་གི་ དགོས་དོན་ཚུ་ལུ་ ལྟ་རྟོག་འབད་འོང་ཟེར་ཨིན་པས།

བརྡ་དོན་དེ་ཚུ་གིས་ འབྲུག་གིས་ འགྲོས་ཀྱིས་བཏང་ ཨེཆི་ཨེཕི་སི་ ལག་ལེན་བཤོལ་བཞག་འབད་ནི་ལུ་ ཕན་ཐོགས་འབྱུང་འོང་ཟེར་ཨིན་པས།

ད་ལྟོ་ཚུན་ རྒྱལ་ཁབ་ནང་ ཨེཆི་སི་ཨེཕི་ཐོན་མི་ ཅ་ཆས་ཚུ་ ནང་འདྲེན་འབད་བའི་ གནས་ཐོ་མེདཔ་ཨིན་པས།

ད་ལྟོ་འབད་བ་ཅིན་ ཨོ་ཟོན་བང་རིམ་ལུ་གནོད་པའི་ ཨེཆ་སི་ཨེཕི་སི་ ནང་འདྲེན་གྱི་དོན་ལུ་རྐྱངམ་གཅིག་ ལག་ཁྱེར་དགོཔ་འབད་ཡོདཔ་ད་ དེ་ཚུ་ སྤྱི་ལོ་༢༠༣༠ ལུ་ མོན་ཊི་རི་ཡལ་ཆིངས་ཡིག་གི་ འཐུས་མི་རྒྱལ་ཁབ་ཚུ་གིས་ ཨེཆ་སི་ཨེཕི་སི་ རྩ་མེད་གཏང་དགོཔ་ཨིན་པས།

ཀུན་བཟང་རིག་འཛིན་གྱིས་ སླབ་མིའི་ནང་ ཨེཆི་སི་ཨེཕི་སི་གི་ཚབ་ལུ་ ཨེཆ་ཨེཕི་སི་ཚུ་ ལག་ལེན་འཐབ་དོ་ཡོདཔ་ད་ ཨེཆི་ཨེཕི་སི་གིས་ ཨོ་ཟོན་བང་རིམ་ལུ་ གནོད་སྐྱོན་མི་རྐྱབ་དོ་ཡོདཔ་ཨིན་པས།

ཀི་ག་ལི་འཕྲི་སྣོན་དེ་ རྒྱལ་ཁབ་༩༠ གིས་ ལེགས་བཅོས་འབད་ཡོདཔ་ད་ ད་ལྟོ་ ཨོ་ཟོན་བང་རིམ་ལུ་ གནོད་པ་མེད་པའི་ ཨེཆི་ཨེཕི་སི་ལན་ལེན་དེ་ཡང་ སྤྱི་ལོ་༢༠༤༠ ཞེ་གྲངས་ལུ་ བརྒྱ་ཆ་༨༠ གིས་ མར་ཕབ་འབད་ནི་ལུ་ ཁས་བླངས་འབད་ཡོདཔ་ཨིན་པས།

འབྲུག་གིས་ ཨེཆི་ཨེཕི་སི་ལག་ལེན་དེ་ སྤྱི་ལོ་༢༠༢༤ འགོ་བཙུགསཔ་ད་ལས་ མར་ཕབ་འབད་ནི་སྦེ་ ཁས་བླངས་འབད་ཡོདཔ་ཨིན་པས།

འབྲུག་ལུ་ ཨེཆི་སི་ཨེཕི་སི་ བརྒྱ་ཆ་༦༧.༥ གིས་ མར་ཕབ་འབད་ཡོདཔ་ད་ སྤྱི་ལོ་༢༠༢༥ ལུ་ བརྒྱ་ཆ་༩༧.༥ ལུ་ མར་ཕབ་འབད་ནི་གི་ དམིགས་གཏད་བསྐྱེདཔ་ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *