ཨིས་པཱསི་མོ་ པོ་རོག་སི་བཱོན་ པ་ལཱསི་ སྨྱོ་རྫས་ཨིནམ་སྦེ་ར་ ཆ་བཞག་དགོཔ།

༉ སྤྱི་ཟླ་༧ པའི་ཚེས་༢༦ ལུ་ མངོན་མཐོ་ཁྲིམས་འདུན་གྱིས་གནང་མི་ འཁྲུན་ཆོད་ནང་ ཨིས་པཱསི་མོ་ པོ་རོག་སི་བཱོན་ པ་ལཱསི་དེ་ སྨྱོ་རྫས་མེན་ཟེར་ གསལ་བཀོད་མ་འབད་རུང་ སྤྱི་ཚོགས་ཀྱིས་ འབྲུག་གི་སྨྱོ་རྫས་དང་སེམས་ཁམས་འཁྲུགས་རྫས་ རྫས་རིགས་ལོག་སྤྱོད་ཀྱི་ བཅའ་ཁྲིམས་༢༠༡༥ ཅན་མ་ རྩམ་པའི་སྐབས་ མ་འོངས་པ་ལུ་ འབྱུང་འགྱུར་གྱི་ གནས་སྟངས་ཚུ་ལུ་ མ་བལྟ་བར་ སྨྱོ་རྫས་ཀྱི་ཐོ་ནང་ འགྱུར་བ་མི་འགྱོ་ནི་བཟུམ་སྦེ་ འཛོལ་བའི་ཐོག་ལས་ བཀག་དམ་ཅན་གྱི་སྨྱོ་རྫས་དང་ སེམས་ཁམས་འཁྲུགས་རྫས་ རྫས་རིགས་ཚུ་ བཅའ་ཁྲིམས་དེའི་ ཟུར་དེབ་ནང་ བཀོད་ནུག་ཟེར་ཨིན་པས།
དེ་མ་ཚད་ ཁྲིམས་རྩམ་མི་ཚུ་གིས་འབད་རུང་ ཟུར་དེབ་ནང་མ་ཚུད་མི་ སྨྱོ་རྫས་དེ་ མི་སྡེ་ནང་ གནོད་པ་ཡོད་མི་ཚུ་ ཚུད་ནིའི་དོན་ཚན་ཚུ་ མ་བཙུགས་མི་དེ་ སྤྱི་ཚོགས་ཀྱི་ འཛོལ་བ་སྦོམ་ཅིག་ ཨིན་མས་ཟེར་བཀོད་ནུག།
འཁྲུན་ཆོད་ཀྱིས་ འབྲུག་གི་སེམས་ཁམས་འཁྲུགས་རྫས་དང་ རྫས་རིགས་ཚུ་ བཅའ་ཁྲིམས་དེའི་ ཟུར་དེབ་ནང་ གསལ་བཀོད་འབད་ཡོད་མི་ལུ་བརྟེན་ བསྒྱུར་བཅོས་འབད་དགོ་རུང་ སྤྱི་ཚོགས་ཀྱིས་རྐྱངམ་གཅིག་ འབད་ཚུགས་ནི་ཨིནམ་ལས་ སྨྱོ་རྫས་དེ་ཚུ་ ཟུར་དེབ་ནང་མེན་པར་ སྒྲིག་གཞི་ནང་ བཙུགས་ཆོག་པའི་དབང་ཚད་ སྤྲོད་དགོཔ་འདུག་ཟེར་ཨིན་པས།
མངོན་མཐོ་ཁྲིམས་འདུན་གྱིས་ སྨྱོ་རྫས་ཨིས་པཱསི་མོ་ པོ་རོག་སི་བཱོན་ པ་ལཱསི་གི་ཐད་ཁར་ ཁྲིམས་བཟོ་མི་ཚུ་གི་ འཛོལ་བ་སྦོམ་ཅིག་ཨིན་པའི་ཁར་ ཁྲིམས་བསྟར་སྤྱོད་འབད་མི་ཚུ་གིས་འབད་རུང་ གོ་ཡངས་དྲགས་སྦེ་ བཞག་པ་ཅིན་ མ་འོངས་པ་ལུ་ ན་གཞོན་ཚུ་གིས་ སྨྱོ་རྫས་དེ་ལུ་ ཤུགས་ཐལ་ནིའི་ ཉེན་ཁ་ཡོདཔ་ལས་ སྔོན་འགོག་འབད་ནི་དེ་ གལ་ཆེ་བས་ཟེར་ཨིན་པས།
ད་རེས་ཀྱི་ འཁྲུན་ཆོད་དང་འཁྲིལཝ་ད་ ཁྲིམས་འཐུས་བཏབ་ཆོག་ནི་ཨིན་རུང་ སྨྱོ་རྫས་དེ་ལུ་བརྟེན་ བཙོན་ཁྲིམས་ཕོག་མི་ཚུ་ལུ་ ཉུང་ཤོས་ལོ་༥ ལས་ མཐོ་ཤོས་ལོ་༨ ཀྱི་བར་ན་ བཀལ་དོ་ཡོདཔ་ལས་ རྒྱལ་ཡོངས་ལས་མིའི་ གླ་ཆ་གུ་ རྩིས་རྐྱབ་པ་ཅིན་ བཙོན་ཁྲིམས་ཉུང་ཤོས་ཕོག་མི་ཚུ་གིས་ ཁྲིམས་འཐུས་དངུལ་ཀྲམ་༤༠༠,༠༠༠ དེ་ཅིག་ སྤྲོད་དགོ་པའི་ཁར་ མཐོ་ཤོས་ཕོག་མི་ཚུ་གིས་ དངུལ་ཀྲམ་༦༠༠,༠༠༠ ལྷགཔ་ཅིག་ སྤྲོད་དགོཔ་འཐོན་ནི་ཨིན་པས།
འབྲུག་གི་ སྨན་གྱི་བཅའ་ཁྲིམས་༢༠༠༣ ཅན་མའི་ དོན་ཚན་༢༦ པ་དང་འཁྲིལཝ་ད་ སྨན་རིགས་ག་ཅི་ཨིན་རུང་ དྲུང་འཚོ་གིས་སྨན་བཅོས་བཀོད་འཛིན་ནང་ གསལ་བཀོད་འབད་བའི་ ཚད་གཞི་ལས་ལྷག་པའི་སྨན་ འཆང་སྤྱོད་འབད་མ་ཆོགཔ་ཨིནམ་ད་ དེ་ལས་ལྷག་སྟེ་ འཆང་མི་ཚུ་གིས་ དོན་ཚན་༢༩ པའི་ ཇ་པ་དང་འཁྲིལ་ བཙོན་ཁྲིམས་ཕོག་ཟེར་ འཁོད་ཡོད་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

About admin

Check Also

ད་རུང་ འབྲུག་མི་ཕུཊ་བཱོལ་རྩེད་འགྲན་པ་ཅིག་གིས་ ཕྱི་ཁའི་སྡེ་ཚན་ནང་གྲལ་གཏོགས།

༉ སྐྱེས་ལོ་༢༣ ལང་མི་ སྐལ་བཟང་གིས་ ད་ལྟོ་ རྒྱ་གར་ལུ་ འགོ་འདྲེན་འཐབ་པའི་བསྒང་ཡོད་མི་ ལྡི་ལི་རྐང་རྩེད་ལིག་འགྲན་བསྡུར་༢༠༢༡ ནང་ Garhwal Heroes Football Club ཟེར་ ཕུཊ་བཱོལ་སྡེ་ཚོགས་ …

Leave a Reply

Your email address will not be published. Required fields are marked *