ཨི་ཡུ་དང་ འབྲུག་གིས་ ཡུན་བརྟན་སོ་ནམ་ཟ་སྤྱོད་ལས་རིམ་ འགོ་བཙུགས་ཡོདཔ།

༉ སྤྱི་ཟླ་༩ པའི་ཚེས་༢༠ ལུ་ ཡུ་རོ་པི་ཡན་ ཡུ་ནི་ཡཱོན་གྱིས་ འབྲུག་གི་ སོ་ནམ་གོང་འཕེལ་གཏང་ནིའི་དོན་ལུ་ ཡུ་རོ་ས་ཡ་༡༥ བྱིན་ཡོདཔ་ཨིན་པས།

དངུལ་རྩིས་བློན་པོ་ རྣམ་རྒྱལ་ཚེ་རིང་དང་ རྒྱ་འབྲུག་གི་ ཡུ་རོ་པི་ཡན་ ཡུ་ནི་ཡཱོན་གྱི་གཞུང་ཚབ་ ཨུ་གོ་ ཨ་ཚུ་ཊོ་༢ ཀྱིས་ ཡུན་བརྟན་སོ་ནམ་ཟ་སྤྱོད་ལས་རིམ་ འགོ་འབྱེད་འབད་ཡོདཔ་ད་ དེ་བསྒང་ སོ་ནམ་དང་ནགས་ཚལ་བློན་པོ་དང་ ཨི་ཡུ་གི་ སྤྱི་ཚོགས་ཀྱི་འཐུས་མི་ཚུ་ ཡོདཔ་ཨིན་པས།

གནམ་གཤིས་འགྱུར་བགྲོད་ཀྱི་ གནས་སྟངས་དང་མཐུནམ་སྦེ་ ཡུན་བརྟན་སོ་ནམ་ཟ་སྤྱོད་ལས་རིམ་ འགོ་བཙུགས་མི་དེ་གིས་ འབྲུག་ལུ་ ལྷན་ཐབས་འབད་ནི་ཨིན་པས།

ལས་འགུལ་དེ་གིས་ རང་བཞིན་སླར་འབྱུང་ཐོན་སྐྱེད་ལས་ཚན་དེ་ སྣ་མང་ཐོག་ལས་ དཔལ་འབྱོར་གྱི་ གོ་སྐབས་བཟོ་ནི་དང་ དེ་གིས་སྦེ་ ཉེན་སྲུང་དང་ལྡན་པའི་བཟའ་འཐུང་ཚུ་ ཟད་བཅུད་ཡོདཔ་སྦེ་ འཛིན་སྐྱོང་འཐབ་ཚུགས་ནི་ཨིན་པས།

དངུལ་རྩིས་བློན་པོ་ རྣམ་རྒྱལ་ཚེ་རིང་གིས་ སླབ་མིའི་ནང་ དུས་ཡུན་རིངམོ་སྦེ་ རྒྱབ་སྐྱོར་འབད་ཡོདཔ་ལས་ བཀྲིན་དགའ་ཚོར་ཡོད་ལུགས་དང་ ཨི་ཡུ་གི་རྒྱབ་སྐྱོར་ཐོག་ལས་ སྣ་མང་བརྡ་དོན་ལས་རིམ་༢༠༢༡ ལས་༢༠༢༧ ཚུན་ཡོད་པའི་གྲས་ལས་ གཙོ་རིམ་སྦེ་ རང་བཞིན་སླར་འབྱུང་ཐོན་སྐྱེད་ལས་ཚན་ནང་ཨིན་ཟེར་ འགོ་འབྱེད་འབད་མི་དེ་གིས་ ཁེ་ཕན་འབྱུང་ཚུགས་ཟེར་ཨིན་པས།

བློན་པོ་དང་འཁྲིལཝ་ད་ ལས་འགུལ་དེ་གིས་ འབྲུག་གི་སོ་ནམ་རིམ་ལུགས་ཚུ་ ཧེང་སྐལ་ར་ གནམ་གཤིས་འགྱུར་བགྲོད་དང་འབྲེལ་མཐུན་སྦེ་ གོང་འཕེལ་གཏང་ཚུགས་ནི་དང་ ན་གཞོན་ དེ་ལས་ རྒྱལ་ཁབ་ཀྱི་ ནད་ཡམས་ཀོ་བིཌ་-༡༩ འི་དཔལ་འབྱོར་ལུ་ ལྷན་ཐབས་འབད་ཚུགས་ཟེར་ཨིན་པས།

དེ་བཟུམ་སྦེ་ གཞུང་ཚབ་ ཨུ་གོ་ ཨ་ཚུ་ཊོ་གིས་ སླབ་མིའི་ནང་ འབྲུག་ལུ་ ལས་རིམ་གྱི་དོན་ལས་ མ་དངུལ་གྱི་རྒྱབ་སྐྱོར་འབད་ཚུགས་ནི་དེ་གིས་ དགའ་ཚོར་ཡོད་ལུགས་དང་ ནད་ཡམས་ཀོ་བིཌ་ལུ་བརྟེན་ ཡུན་བརྟན་བཟའ་འཐུང་རིམ་ལུགས་ཐོག་ལས་ གློ་བུར་དུ་ ལཱ་འབད་ཚུགས་ཏེ་ཡོདཔ་ལས་ མ་འོངས་པའི་ནང་ གློ་བུར་གྱི་གནས་སྟངས་ཚུ་ནང་ དེ་འཕྲོ་ལས་ གྲ་སྒྲིག་འབད་ནི་ལུ་ ཁེ་ཕན་ཡོད་ཟེར་ཨིན་པས།

སོ་ནམ་དང་ནགས་ཚལ་བློན་པོ་ ཡེ་ཤེས་དཔལ་འབྱོར་གྱིས་ སླབ་མིའི་ནང་ འདི་བཟུམ་གྱི་ རྒྱབ་སྐྱོར་དེ་ འགོ་དང་པ་ཨིནམ་ལས་ མ་འོངས་པ་ལུ་ཡང་ རྒྱབ་སྐྱོར་འབད་འོང་མནོ་བའི་ རེ་བ་ཡོད་ཟེར་ཨིན་པས།

ལྷན་ཁག་གིས་ ཐོན་སྐྱེད་ལེགས་ཤོམ་དང་ སྤུས་ཚད་ཅན་གྱི་ བཟའ་འཐུང་རིགས་ཚུ་ལུ་ གཙོ་རིམ་བཟུང་ནི་ཨིནམ་མ་ཚད་ ཚོང་འབྲེལ་གཞི་རྟེན་ཚུ་ཡང་ བལྟ་ནི་ཨིན་ཟེར་ཨིན་པས།

ཨི་ཡུ་གིས་ འབྲུག་ལུ་ སྤྱི་ལོ་༡༩༨༤ ལས་ རྒྱབ་སྐྱོར་འབད་ནི་ འགོ་བཙུགས་ཡོདཔ་ད་ དེ་བསྒང་ མང་ཤོས་ར་ རང་བཞིན་སླར་འབྱུང་འཐོན་སྐྱེད་ལས་ཚན་ཐོག་ལས་ འཐུང་ཆུ་བཀྲམ་སྤེལ་ལས་འགུལ་ཚུ་ནང་ འབད་ཡོདཔ་ཨིན་པས།

འདས་པའི་ལོ་ཚུ་ནང་འབད་བ་ཅིན་ འཛམ་གླིང་གནམ་གཤིས་འགྱུར་བགྲོད་ཀྱི་ གནས་སྟངས་དང་འབྲེལ་མཐུན་ གཙོ་རིམ་བཟུང་ཐོག་ལས་ ཨི་ཡུ་གིས་ འབྲུག་དང་ མཐུན་འབྲེལ་ཐོག་ལས་ སྤྱི་ལོ་༢༠༡༤ ལས་༢༠༢༠ ཚུན་ རྒྱལ་ཁབ་ལུ་ མ་དངུལ་གྱི་ རྒྱབ་སྐྱོར་འབད་ཡོདཔ་ཨིན་པས།

ཨི་ཡུ་གིས་ གོ་རིམ་དང་པའི་ ལོ་བསྟར་སྣ་མང་བརྡ་དོན་ལས་རིམ་༢༠༢༡ ལས་༢༠༢༧ གྱི་དོན་ལུ་ མ་དངུལ་ཡུ་རོ་ས་ཡ་༣༡ བྱིན་ནིའི་ཁས་བླངས་ འབད་ཡོད་པའི་གནས་ཚུལ།

སྐད་སྒྱུར་ བཀྲིས་ཕུན་ཚོགས།

About admin

Check Also

སྤྱི་ལོ་༢༠༤༠ འི་ནང་འཁོད་ལུ་ ནང་འཁོད་གློག་མེའི་སྤྱོད་ཁྲལ་ ཡུ་ནིཊ་རེ་ལུ་ དངུལ་ཀྲམ་༤.༥༡ ལུ་ ལྷོད་ནིའི་དམིགས་གཏད།

༉ ནང་འཁོད་གློག་མེའི་སྤྱོད་ཁྲལ་གྱི་ དམིགས་གཏད་སྙན་ཞུ་དང་འཁྲིལ་བ་ཅིན་ ཆུ་ལུ་བརྟེན་པའི་གློག་མེ་ ཁ་སྐོང་མེ་ག་ཝཱཊ་༢,༠༠༠ ལྷགཔ་ཅིག་ ཐོན་སྐྱེད་འབད་ནིའི་ འཆར་གཞི་ཡོད་མི་དང་བསྟུན་ སྤྱི་ལོ་༢༠༤༠ འི་ནང་འཁོད་ལུ་ ནང་འཁོད་སྤྱོད་ཁྲལ་ཡུ་ནིཊ་རེ་ལུ་ དངུལ་ཀྲམ་༤.༥༡ ལུ་ ལྷོད་ནིའི་དམིགས་གཏད་ཨིན་པས། དཔེ་འབད་བ་ཅིན་ …

Leave a Reply

Your email address will not be published. Required fields are marked *