ཨམ་སྲུའི་ཕུཊ༌བཱོལ་འགྲན་བསྡུར་ནང་ དྲག་ཤོས་ཐོན་མི་ བ་ཁཱཤ་སྡེ་ཚན།

ཨམ་སྲུའི་ཕུཊ༌བཱོལ་འགྲན་བསྡུར་ནང་ བ་ཁཱཤ་སྡེ་ཚན་གྱིས་ རྒྱལ་ཁ་ཐོབ་ཡོདཔ།

༉ ཟླཝ་༡ དེ་ཅིག་གི་རིང་ འགོ་འདྲེན་འཐབ་མི་ ཨམ་སྲུའི་ཕུཊ༌བཱོལ་འགྲན་བསྡུར་ འགོ་འདྲེན་འཐབ་མི་ལས་ བ་ཁཱཤ་སྡེ་ཚན་གྱིས་ ཝ་ན་ཁ་སྡེ་ཚན་ལས་ རྒྱལ་ཁ་ཐོབ་ཡོདཔ་ལས་ སྤྱི་ལོ་༢༠༢༡ ལོའི་ ཨམ་སྲུ་སྡེ་ཚན་དྲག་ཤོས་ཐོན་ཡི།

ཁ་ཙ་ ཐིམ་ཕུག་ལྕང་ཇི་ཇི་ཕུཊ་བཱོལ་རྩེད་ཐང་གི་ ཉེ་འདབས་ལུ་ཡོད་པའི་ ཕུཊ་སཱལ་ཐང་ནང་སྦེ་ མཐའ་བཅད་རྩེད་འགྲན་འབད་ཡོདཔ་ད་ བ་ཁཱཤ་སྡེ་ཚན་གྱིས་ ཝ་ན་ཁ་སྡེ་ཚན་ལུ་ གཱོལ་༢ བཙུགས་ཏེ་ རྒྱལ་ཁ་ཐོབ་ཡོད་རུང་ སྤྱིར་བཏང་སྡེ་ཚན་༢ ཆ་རའི་ ཨམ་སྲུ་ཚུ་གིས་ དོ་འགྲན་ཅན་སྦེ་ རྩེད་འགྲན་འབད་ཡི།

མཐའ་བཅད་འོག་མའི་ རྩེད་འགྲན་ནང་ བ་ཁཱཤ་སྡེ་ཚན་གྱིས་ ཨེ་བར་གི་རིན་ལུ་ གཱོལ་༥ བཙུགས་ཏེ་ རྒྱལ་ཁ་ཐོབ་པའི་སྐབས་ བྱང་ཕྱད་སྡེ་ཚན་གྱིས་ གཱོལ་༡ ཡང་ བཙུགས་མ་ཚུགས་པས།

དེ་བཟུམ་སྦེ་ དྲག་ཤོས་ཨང་༢ པ་ཐོན་མི་ ཝ་ན་ཁ་གིས་ བི་ཌི་བི་ཨེལ་ལས་ གཱོལ་༡ གིས་ རྒྱལ་ཁ་ཐོབ་ཡོདཔ་ད་ དེ་ཡང་ བི་ཌི་བི་ཨེལ་གྱིས་ གཱོལ་༢ བཙུགས་མི་ལུ་ ཝ་ན་ཁ་སྡེ་ཚན་གྱིས་ གཱོལ་༣ བཙུགས་ཡོདཔ་ཨིན་པས།

རྒྱལ་ཁ་ཐོབ་མི་ བ་ཁཱཤ་སྡེ་ཚན་གྱིས་ དངུལ་རྐྱང་གི་གསོལ་རས་ དངུལ་ཀྲམ་༥༠,༠༠༠ དང་ རྒྱལ་རྟགས་ཐོབ་ཡོདཔ་བཞིན་དུ་ ཨང་༢ པ་ཐོན་མི་ ཝ་ན་ཁ་སྡེ་ཚན་གྱིས་ གསོལ་རས་དངུལ་ཀྲམ་༣༠,༠༠༠ དང་ རྒྱལ་རྟགས་ དེ་ལས་ སྡེ་ཚན་ལེགས་ཤོམ་རྩེད་མི་ལུ་ གསོལ་རས་དངུལ་ཀྲམ་༥༠༠༠ ཐོབ་ཡོདཔ་ཨིན་པས།

སྤྱི་ཟླ་༢ པའི་ཚེས་༢༡ ལུ་ འགོ་བཙུགས་མི་ ཨམ་སྲུའི་ཕུཊ༌སཱལ་ནང་ སྡེ་ཚན་༡༠ གྱིས་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ འབྲུག་ཕུཊ་བཱོལ་ཚོགས་སྡེ་གིས་ ནད་ཡམས་ཀོ་བིཌ་-༡༩ འི་ བྱ་སྒོའི་ལམ་ལུགས་དང་འཁྲིལ་ ཉེན་སྲུང་དང་ལྡནམ་སྦེ་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།

སྤྱི་ལོ་༢༠༢༡ ཨམ་སྲུའི་ཕུཊ༌སཱལ་རྩེད་འགྲན་དེ་ འབྲུག་ཕུཊ༌བཱོལ་ཚོགས་སྡེ་དང་འཁྲིལཝ་ད་ ཕུཊ༌བཱོལ་རྩེད་མི་ ཨམ་སྲུ་སྡེ་ཚན་དང་ རྩེད་འགྲན་པ་ཚུ་ཡར་དྲག་གཏང་ནི་ ཕན་ཚུན་མཐུན་འབྲེལ་གོང་འཕེལ་གཏང་ནི་ དེ་ལས་ རྒྱལ་ཁབ་ནང་ ཨམ་སྲུའི་ཕུཊ༌བཱོལ་རྩེད་འགྲན་ ཡར་རྒྱས་གཏང་ནིའི་དོན་ལུ་ ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

About admin

Check Also

རང་འབྱུང་ལུ་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་ གནང་པའི་བསྒང་ཡོདཔ།

༉ བཀྲིས་སྒང་ རང་འབྱུང་འོད་གསལ་ཆོས་གླིང་དགོན་པ་ལུ་ གདུང་སྲས་ དགའ་རབ་རིན་པོ་ཆེ་མཆོག་གིས་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་གནང་སར་ ཤར་ཕྱོགས་རྫོང་ཁག་དང་ ས་གནས་སོ་སོ་ལས་ དད་ཅན་སྐྱ་སེར་ཕོ་མོ་༡༠,༠༠༠ ལྷགཔ་ཅིག་འཛོམས་ནུག། གསུང་འབུམ་པོ་ཏི་༢༡ འབད་མིའི་ལྗགས་ལུང་དེ་ ཉིན་བསྟར་བཞིན་དུ་ དྲོ་པ་ཆུ་ཚོད་༨ …

Leave a Reply

Your email address will not be published. Required fields are marked *