ཇའི་ཀ་མཉམ་འབྲེལ་ལས་སྡེའི་ བཀོད་ཁྱབ་གཙོ་འཛིན་འོག་མ་ ཀ་ཟུ་ཧི་ཀོ་ ཀོ་ཤི་ཀ་ཝ་གིས་ འགྲེམས་སྟོན་འགོ་འབྱེད་འབད་བའི་བསྒང་།

ཨ་ལོའི་དམིགས་སྣང་ཚུ་ ཤོག་རྩལ་དང་ རི་མོའི་ཐོག་ལས་གསལ་སྟོན།

བདུན་མཐའི་སྐབས་ལུ་ ཁྱུང་བདུད་དྲག་དམག་སློབ་གྲྭའི་ ཚོགས་ཁང་ཆུང་ཀུ་དེ་ནང་ ཧཱ་གི་སློབ་ཕྲུག་དང་ སློ་དཔོན་ཚུ་གིས་ ཤོག་རྩལ་དང་ རི་མོའི་འགྲེམས་སྟོན་ཅིག་ འབད་ཡོདཔ་ད་ འགྲེམས་སྟོན་དེ་ཡང་ སློབ་ཕྲུག་ཚུ་གི་ སྣང་འཆར་ཚུ་ གསལ་སྟོན་འབད་བའི་ ཚུལ་ཨིན་པས།

སློབ་ཕྲུག་ཚུ་གི་ དམིགས་སྣང་ཚུ་ནང་ ཚལ་མ་དང་ ཤིང་ སེམས་ཅན་ དེ་ལས་ ནགས་དང་ ཁྱིམ་ནང་གི་ ཅ་ཆས་ཚུ་གི་ བརྗོད་དོན་ཐོག་ལས་ གསལ་སྟོན་འབད་ཡོདཔ་ད་ སྒྱུ་རྩལཔ་དང་ རི་མོ་བྲིས་མི་ཚུ་ཡང་ སློབ་གྲྭ་དེ་གི་ བློ་གསར་སློབ་རིམ་ལས་ སློབ་རིམ་༩ པ་ཚུན་གྱི་ སློབ་ཕྲུག་ཚུ་ཨིན་པས།

ང་གིས་ སྒྱུ་རྩལ་དང་ རི་མོ་ལུ་དགའ་ཟེར་བའི་ བརྗོད་དོན་ཐོག་ལུ་ ཤོག་གུ་བཏོག་ཐངས་དང་ ལག་ཐོག་པར་སྐྲུན་ ཤོག་རྩལ་ཚུ་གུ་ རགས་རིས་བྲིས་མི་ལ་སོགས་པའི་ འཛམ་གླིང་ནང་ མིང་གཏམ་ཅན་ཚུ་གི་ རི་མོ་ཚུ་ སློབ་ཕྲུག་ཚུ་གི་ ཐོན་སྐྱེད་ཨིན་ཟེར་ ཇ་པཱན་གྱི་ཁས་བླངས་པ་ རིའོ་ཡ་མ་མོ་ཏོ་དང་ ནང་འཁོད་ཀྱི་ སློབ་དཔོན་ཚུ་གིས་ བཤདཔ་ཨིན་པས།

རི་མོའི་འགྲེམས་སྟོན་དེ་ སློབ་གྲྭ་དེ་གི་སློབ་དཔོན་ རིའོ་ཡ་མ་མོ་ཏོ་དང་ ཇའི་ཀ་ལས་སྡེའི་ཁས་བླངས་པ་ ཐིམ་ཕུག་ཟིལ་གནོན་རྣམ་རྒྱལ་སློབ་གྲྭ་ཆུང་བའི་ རི་མི་དང་འབྲེལ་བའི་ ནང་རིག་སློབ་དཔོན་ ཨི་རི་ ཆི་བ་དང་ མོང་སྒར་རྒྱལ་པོའི་ཞིང་སློབ་གྲྭ་ལྟེ་བའི་ ནང་རིག་སློབ་དཔོན་ ས་ཅི་ཡ་ ཧ་ར་ད་གིས་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།

རི་མོ་ལུ་བརྟེན་ རིག་རྩལ་ཡར་དྲག་བཏངམ་མ་ཚད་ རང་སོའི་བློ་སྟོབས་ཡང་ བཏགསཔ་ཨིན་ཟེར་ རྒྱལ་ཁབ་ནང་ ཁས་བླངས་པའི་ ལཱ་འབད་དེ་ ལོ་ངོ་༢ དེ་ཅིག་ལང་མི་ ཡ་མ་མོ་ཏོ་གིས་ བཤད་པའི་ཁར་ རི་མོ་ལུ་ སྤྲོ་བ་ཡོད་མི་ སློབ་ཕྲུག་ཚུ་གིས་ གཙོ་བོ་ར་ རང་སོའི་མཐའ་འཁོར་དང་ བཟའ་ཚང་ ཆ་རོགས་ཚུ་གི་སྐོར་ལས་ པར་དང་ལི་མོ་ཚུ་ འབྲི་སྲོལ་ཡོད་མི་དེ་ ཁྱབ་ཆེ་དྲགས་འདུག་ཟེར་ བཤདཔ་ཨིན་པས།

རི་མོའི་བརྗོད་དོན་ ག་ཅིའི་ཐོན་ལས་འབྲི་རུང་ སློབ་ཕྲུག་ཚུ་གི་ རིག་རྩལ་གོང་འཕེལ་གཏང་ནི་ལུ་མཁོ་བའི་ རང་སོའི་བརྩི་མཐོང་དང་ དམིགས་སྣང་ཚུ་ ཡར་དྲག་བཟོ་ནི་ལུ་ ལྷན་ཐབས་འབདཝ་ཨིན་ཟེར་ ཁས་བླངས་སློབ་དཔོན་གཞན་ཚུ་གིས་ བཤདཔ་ཨིན་པས།

རྒྱལ་ཁབ་ནང་ ཉིན་གྲངས་༣ གྱི་རིང་ ལྟ་སྐོར་ལུ་ལྷོད་མི་ ཇའི་ཀ་མཉམ་འབྲེལ་ལས་སྡེའི་ བཀོད་ཁྱབ་གཙོ་འཛིན་འོག་མ་ ཀ་ཟུ་ཧི་ཀོ་ ཀོ་ཤི་ཀ་ཝ་གིས་ འགྲེམས་སྟོན་དེ་ འགོ་འབྱེད་འབད་ཡོད་པའི་གནས་ཚུལ།

About admin

Check Also

མོང་སྒར་ལུ་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་ མཐར་འཁྱོལ་བྱུང་ཡོདཔ།

༉ དུས་ཅི་ མོང་སྒར་ལུ་ མོ་བཏབ་ཀྱི་དོན་ལས་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་འབད་མི་དེ་ མཐར་འཁྱོལ་བྱུང་ཡོདཔ་ཨིན་པས། དེ་ཡང་ ལས་རིམ་དེ་གི་འོག་ལུ་ རྫོང་ཁག་གི་ ས་གནས་ཁག་དག་པ་ཅིག་ནང་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་འབད་མིའི་གྲས་ལས་ ཙ་ཀ་གླིང་རྒེད་འོག་ གཏོར་མ་གཞོང་སྤྱི་འོག་གི་ སོ་ནམ་པ་སྡེ་ཚན་ཅིག་གིས་ ས་གནས་གླི་ཏི་གཞོང་ཟེར་སར་ …

Leave a Reply

Your email address will not be published. Required fields are marked *