ཨ་ལོ་ལོག་སྤྱོད་འབད་བའི་ཞིབ་དཔྱད།

རྒྱལ་ཡོངས་ཨམ་སྲུ་དང་ཨ་ལོ་ལྷན་ཚོགས་ཀྱིས་ བུམ་ཐང་ལུ་ ཨ་ལོ་ཅིག་ལུ་ རྩུབ་སྤྱོད་འབད་བའི་ ཁ་ཉེས་བཀལ་ཡོད་མི་ལུ་ ཁྲིམས་སྲུང་འགག་སྡེ་ལས་ ཞིབ་དཔྱད་སྙན་ཞུ་ལྷོད་ནི་ལུ་ སྒུག་སྟེ་ཡོདཔ་ཨིན་པས།

ལྷན་ཚོགས་ཀྱི་མདོ་ཆེན་ ཀུན་བཟང་ལྷ་མོ་གིས་ བཤད་མིའི་ནང་ གནད་དོན་དེ་ལུ་ བརྟག་དཔྱད་ལེ་ཤ་འབད་དགོཔ་ཡོདཔ་ལས་ ད་ལྟོ་ ག་ནི་ཡང་ སླབ་མི་ཚུགས་ནི་ཨིན་རུང་ ཨ་ལོ་དེ་ བདག་འཛིན་འཐབ་མི་ལས་ སོ་སོར་བཏོན་ཡོད་པའི་ཁར་ ཁྲིམས་སྲུང་འགག་སྡེ་གིས་ ཨ་ལོ་དེ་ གནས་སྟངས་སྐྱོ་དྲགས་ནང་ ཡོདཔ་བཟུམ་མའི་ ཚོར་སྣང་འདུག་ཟེར་ཨིན་པས།

བུམ་ཐང་གི་ ཁྲིམས་སྲུང་འགག་སྡེའི་སྡེ་འཛིན་ དམག་སྲིད་འོག་མ་ དབང་འདུས་ཚེ་རིང་གིས་ སླབ་མིའི་ནང་ ཁོང་གིས་ ཞིབ་དཔྱད་འབད་བའི་བསྒང་ཡོད་རུང་ ད་ཚུན་ གྲུབ་འབྲས་ཅན་གྱི་ མངོན་རྟགས་ཅིག་ ག་ནི་ཡང་ མ་ཐོན་ཟེར་ཨིན་པས།

ཨིན་རུང་ ཨ་ལོ་དེ་ ད་ལྟོ་ སྨན་བཅོས་འབད་དོ་ཡོདཔ་ལས་ ཨ་ལོའི་དོན་ལུ་ གཙོ་རིམ་བཟུང་དགོཔ་དེ་ གལ་ཆེ་བས་ཟེར་ སྡེ་འཛིན་གྱིས་ བཤདཔ་ཨིན་པས།

བྱུང་རྐྱེན་དེ་གི་སྐོར་ལས་ སྤྱི་ཟླ་༤ པའི་ནང་ བུམ་ཐང་ལུ་ ལས་སྡེ་ཅིག་ནང་ ལཱ་འབད་མི་གིས་ སྐྱེས་ལོ་༨ ལང་མི་བུམོ་ཅུང་དེ་ རྨ་སྐྱོན་སྦོམ་བཏོན་ཡོདཔ་སྦེ་ སྨན་ཁང་ནང་ འཁྱིད་འོང་པའི་ཤུལ་ལས་ གསོ་བའི་འགོ་དཔོན་གྱིས་ ཁྲིམས་སྲུང་འགག་སྡེ་ལུ་ སྙན་ཞུ་འབད་ཡོདཔ་ཨིན་པས།

ཨ་ལོ་བདག་འཛིན་འཐབ་མི་གིས་ ཁྲིམས་སྲུང་འགག་སྡེ་ལུ་ ཨ་ལོ་དེ་ ཁོང་དང་གཅིག་ཁར་ ལོ་གཉིས་ཀྱི་རིང་ གཅིག་ཁར་སྡོད་ཡོད་རུང་ རྨ་སྐྱོན་དེ་ཚུ་ ག་དེ་སྦེ་ ཐོན་ཐོནམ་ཨིན་ན་ མི་ཤེས་པས་ཟེར་ སླབ་ཡོདཔ་ཨིན་པས།

གནས་ཚུལ་བཤད་མི་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ས་གནས་ནང་ སྡོད་མི་ཚུ་གིས་ ཨ་ལོ་དེ་ སྨན་ཁང་ནང་ ཁྱིད་འགྱོཝ་ད་ ལམ་ཡང་ལེགས་ཤོམ་སྦེ་ འགྱོ་མ་ཚུགས་པར་འདུག་ཟེར་ཨིནམ་ད་ ཨ་ལོ་མཐོང་མི་ཚུ་གིས་ རྨ་སྦོམ་ཡོདཔ་ལས་ རྐང་མར་སྐྱོན་ཞུགས་ཏེ་ར་ ལུས་ནི་བཟུམ་འདུག་ཟེར་ བཤད་ཡོད་པའི་གནས་ཚུལ།

About admin

Check Also

བདེ་ཆེན་གླིང་ལུ་ གླངམོ་ཆེ་དང་འབྲེལ་བའི་དཀའ་ངལ།

༉ པདྨ་དགའ་ཚལ་ བདེ་ཆེན་གླིང་མཁོ་ལོམ་རི་དང་ དགོན་པ་འུང་སྤྱི་འོག་༢ ནང་ གླངམོ་ཆེ་དང་འབྲེལ་བའི་ གནོད་ཉེན་དེ་ ཆེ་སུ་ཅིག་སྦེ་ཐོན་ཡོདཔ་ལས་ ས་གནས་ཀྱི་མི་སེར་ཚུ་ ཚ་གྱང་ལང་སྟེ་ ཡོདཔ་ཨིན་པས། མ་གཞི་ ནགས་ཚལ་འགོ་དཔོན་དང་ གཡུས་ཁའི་མི་ཚུ་གིས་ གླངམོ་ཆེ་ཚུ་ …

Leave a Reply

Your email address will not be published. Required fields are marked *