ཨ་ནེམོ་དམ་ཆོས་ དོ་དམ་འོག་ལུ་བཞག་ཡོདཔ།

༉ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ཡོངས་གྲགས་ལུ་ ཨ་ནེམོ་དམ་ཆོས་ཟེར་སླབ་མི་ དམ་ཆོས་ཆོས་སྒྲོན་དེ་ ཁྲིམས་མཐུན་འོང་འབབ་ཀྱི་ འབྱུང་ཁུངས་ཚུ་དང་ ཆ་ཚད་མ་མཉམ་པའི་ འཚོ་བའི་གནས་ཚད་ རྒྱུན་སྐྱོང་འཐབ་པའི་ དོགས་པ་ལུ་བརྟེན་ ཞིབ་དཔྱད་ཀྱི་དོན་ལུ་ དོ་དམ་འོག་ལུ་ བཞག་ཡོདཔ་ཨིན་པས།
ཨ་ནེམོ་དེ་ སྤྱི་ཟླ་༦ པའི་ཚེས་༡༡ ལས་ དོ་དམ་འོག་ལུ་ བཞག་མི་དེ་ཡང་ ངན་ལྷད་བཀག་སྡོམ་བཅའ་ཁྲིམས་༢༠༡༡ ཅན་མའི་ དོན་ཚན་༦༠ པའི་དགོངས་དོན་དང་འཁྲིལ་ ར་གསལ་ཁུངས་དག་མེད་པའི་ རྒྱུ་ནོར་གྱི་བདག་དབང་ཚུ་ ཞིབ་དཔྱད་རྐྱབ་ནི་དང་ ཁུངས་སྐྱེལ་བཅུག་ཐབས་ལུ་ཨིན་པའི་གནས་ཚུལ།

About admin

Check Also

སྤྱི་ལོ་༢༠༤༠ འི་ནང་འཁོད་ལུ་ ནང་འཁོད་གློག་མེའི་སྤྱོད་ཁྲལ་ ཡུ་ནིཊ་རེ་ལུ་ དངུལ་ཀྲམ་༤.༥༡ ལུ་ ལྷོད་ནིའི་དམིགས་གཏད།

༉ ནང་འཁོད་གློག་མེའི་སྤྱོད་ཁྲལ་གྱི་ དམིགས་གཏད་སྙན་ཞུ་དང་འཁྲིལ་བ་ཅིན་ ཆུ་ལུ་བརྟེན་པའི་གློག་མེ་ ཁ་སྐོང་མེ་ག་ཝཱཊ་༢,༠༠༠ ལྷགཔ་ཅིག་ ཐོན་སྐྱེད་འབད་ནིའི་ འཆར་གཞི་ཡོད་མི་དང་བསྟུན་ སྤྱི་ལོ་༢༠༤༠ འི་ནང་འཁོད་ལུ་ ནང་འཁོད་སྤྱོད་ཁྲལ་ཡུ་ནིཊ་རེ་ལུ་ དངུལ་ཀྲམ་༤.༥༡ ལུ་ ལྷོད་ནིའི་དམིགས་གཏད་ཨིན་པས། དཔེ་འབད་བ་ཅིན་ …

Leave a Reply

Your email address will not be published. Required fields are marked *