ཧཱ་ལུ་ ཨར་རྐུན་ནང་འབྲེལ་བ་ཡོད་མི་ ཕོ་སྐྱེས་༣ འཛིན་བཟུང་འབད་ཡོདཔ།

༉ སྤ་རོ་ཁྲིམས་སྲུང་འགག་སྡེ་གིས་ སྐྱེས་ལོ་༢༩ ལས་༣༥ འབད་མི་ ཕོ་སྐྱེས་གསུམ་ དོ་དམ་འོག་ལུ་བཙུགས་མི་དེ་ཡང་ ཧཱ་ཁྲིམས་སྲུང་འགག་སྡེའི་ འགོ་དཔོན་གྱི་ཁྱིམ་ནང་འཛུལ་ཏེ་ ཁག་ཆེ་བའི་ཅ་ཆས་ཚུ་ ཨར་རྐུན་འབད་ནི་དེ་གིས་ཨིན་པས།

བྱ་ངན་དེ་ཡང་ སྤྱི་ཟླ་༣ པའི་ བདུན་ཕྲག་དང་པའི་ནང་ ཧཱ་ཁྲིམས་སྲུང་འགག་སྡེའི་ འགོ་དཔོན་མེད་པའི་སྐབས་ བྱུང་ཡོདཔ་ད་ སྤ་རོ་ཁྲིམས་སྲུང་འགག་སྡེ་གིས་ སྤྱི་ཟླ་༤ པའི་ བདུན་ཕྲག་དང་པའི་ནང་ དོགས་ཅན་ཚུ་ འཛིན་བཟུང་འབད་ཡོདཔ་མ་ཚད་ ཅ་ཆས་ཚུ་ཡང་ ལོག་ཐོབ་ཡོདཔ་ཨིན་པས།

ཁྲིམས་སྲུང་འགག་སྡེ་ལས་ གནས་ཚུལ་བྱིན་མི་དང་འཁྲིལ་བ་ཅིན་ དོགས་ཅན་ཚུ་གིས་ རྒྱན་ཆ་དང་མཛེས་བཀོད་ དེ་ལས་ གཟི་དང་ གསེར་སྒྲོན་ཀོ་མ་དང་ ཕྱི་དངུལ་ཚུ་ ཨརཝ་རྐུ་ནུག་ཟེར་ཨིན་པས།

དོགས་པ་ཅན་ཚུ་གིས་ ཁག་ཆེ་བའི་ཅ་ཆས་ཚུ་ གདམ་ཁ་རྐྱབ་ཞིནམ་ལས་ གཞན་མི་ཚུ་ དབུས་སུ་ནང་ཟམ་པ་ལས་ སྤ་ཆུ་ནང་བཀོག་ནུག་ཟེར་ཨིན་པས།

ཁྲིམས་སྲུང་འགག་སྡེའི་ འགོ་དཔོན་སྡེ་ཚན་ཚུ་གིས་ གཟའ་ཉི་མ་ལུ་ གསེར་གྱི་མཛུབ་དཀྱི་དང་ གདོབ་ཅུ་ ཟབ་ཕྱི་ཕོརཔ་ དེ་ལས་ གསེར་གྱི་ཀོ་མ་ཚུ་ ལོག་ཐོབ་ཡོདཔ་ཨིན་པས།

དོགས་པ་ཅན་ཚུ་ཡང་ སྤ་རོ་ལས་༢ དང་ ཧཱ་ལས་༡ ཨིནམ་ད་ ཁོང་ག་ར་ ལཱ་གཡོག་མེད་པའི་ཁར་ ཁོང་གསུམ་ལས་༢ ཀྱིས་ ཧེ་མ་ལས་ ཨར་རྐུན་འབད་ཡོད་པའི་ དྲན་ཐོ་ཡོདཔ་ད་ ཅ་ཆས་ཚུ་ ཨརཝ་རྐུ་ཡི་ཟེར་ ཁ་བཟེད་ཡོདཔ་ཨིན་པས།

ཧཱ་ཁྲིམས་སྲུང་འགག་སྡེའི་ འགོ་དཔོན་དེ་ བྱ་ངན་དང་འབྲེལ་བ་ཡོདཔ་ལས་ སྤ་རོ་ཁྲིམས་སྲུང་འགག་པ་གིས་ ཞིབ་དཔྱད་འབད་ཡོདཔ་ད་ ཅ་ཆས་ཚུ་ ཐིམ་ཕུག་ལས་ ལོག་ཐོབ་ཡོདཔ་ཨིན་པས།

བྱ་ངན་དང་འབྲེལ་གཏོགས་ཡོད་མི་ ཅ་ཆས་ཉོ་མི་ཚུ་དང་བར་ན་ འཆམ་ཁ་བཟོ་མི་ཚུ་ གློད་གྲོལ་བཏང་ཡོད་པའི་གནས་ཚུལ།

སྐད་སྒྱུར་ གནས་བརྟན་རྡོ་རྗེ།

About admin

Check Also

ལྕང་རྒེད་འོག་ནང་ མཇུག་བསྡུ་ནི་མེད་པའི་ སའི་རྩོད་རྙོགས་ཐོན་བཞིན་དུ་ཡོདཔ།

༉ ཧེ་མའི་འབྱ་ཞིང་ཚུ་ གནས་གོང་ཅན་གྱི་ རྒྱུ་དངོས་ཅིག་ལུ་ གྱུར་ཡོད་མི་ ཐིམ་ཕུག་ལྕང་རྒེད་འོག་ནང་ ས་ཆ་དང་འབྲེལ་བའི་ རྩོད་རྙོགས་སྐོར་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ལོ་བསྟར་སྙན་ཞུ་ནང་ གསལ་བཀོད་འབད་མི་དེ་གིས་ རྩོད་གཞི་ལེ་ཤ་ཡོད་པའི་ བརྡ་མཚོན་སྟོནམ་ཨིན་པས། དེ་ཡང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ …

Leave a Reply

Your email address will not be published. Required fields are marked *