ཧཱ་ལུ་ འདེམས་ངོ་༢ གདམ་འཐུ་འབད་ཡོདཔ།

༉ ཧཱ་ཁྲོམ་ལས་ གདམ་ངོ་སྟོབས་རྒྱས་དང་ གསང་སྦས་ཁ་ལས་ ཨོ་རྒྱན་རྣམ་རྒྱལ་༢ ཀྱིས་ མཐའ་བཅད་ཀྱི་ རྒྱལ་ཡོངས་ཚོགས་སྡེའི་བཙག་འཐུ་ནང་ བཅའ་མར་གཏོགས་ཆོག་ནི་ཨིན་པས།

སློབ་དཔོན་བགྲེསཔ་དང་ ཚོང་པ་ཨིན་མི་སྟོབས་རྒྱས་ཀྱིས་ དགོ་དང་མི་དགོའི་ ཚོགས་རྒྱན་བཙུགས་ཐོག་ བཙག་འཐུ་འབད་བའི་སྐབས་ དགོ་༡༡༨ དང་ མི་དགོ་༡༥ ཐོབ་ཡོདཔ་ད་ དེ་ལས་ ལས་དོན་འཛིན་སྐྱོང་ཡིག་ཚང་གི་ དབྱེ་ཞིབ་པ་བགྲེསཔ་ ཨོ་རྒྱན་རྣམ་རྒྱལ་གྱིས་ ཁ་ཙ་ དགོ་གི་ཚོགས་རྒྱན་༢༢༠ དང་ མི་དགོ་༢༣ ཐོབ་ཡོདཔ་ཨིན་པས།

ཚོགས་རྒྱན་བཙུགས་མི་ རིག་འཛིན་དབང་མོ་གིས་ མོ་དང་གཅིག་ཁར་ ཚོགས་རྒྱན་བཙུགས་པར་ མོ་རའི་ཨའི་ཡང་ ཁྱིད་འོང་ཡོདཔ་ད་ མོ་གིས་ སླབ་མིའི་ནང་ གཞུང་སྒྲིང་སྒྲི་དང་ རྒྱལ་ཁབ་གོང་འཕེལ་འགྱོ་དགོ་པ་ཅིན་ ལྕོགས་གྲུབ་ཅན་གྱི་འགོ་ཁྲིདཔ་ གདམ་འཐུ་འབད་དགོ་ཟེར་ཨིན་པས།

མོ་གིས་ སླབ་མིའི་ནང་ མི་ལ་ལོ་ཅིག་གིས་ འཛོམས་འདུ་དེ་ སྣང་མེད་སྐྱུར་བཞག་ཡོདཔ་ལས་ གདམ་ངོ་ཚུ་ ལེགས་ཤོམ་སྦེ་ ཤེས་དགོ་པ་ཅིན་ འཛོམས་འདུ་དེ་ ཁག་ཆེ་ཟེར་ཨིན་པས།

མོ་གིས་ སླབ་མིའི་ནང་ གདམ་ངོ་དེ་ ག་ཅི་བཟུམ་ཡོདཔ་ཨིན་ན་ ཐ་ན་ ཁོང་གི་ གསལ་བཤད་ལས་ཡང་ ཧ་གོ་ནི་ཨིནམ་ལས་ འཛོམས་འདུ་དེ་ ཁག་ཆེ་ཟེར་ཨིན་པས།

བཙག་འཐུ་འགོ་དཔོན་ཚུ་གིས་ མི་ངོམ་༩ ལུ་ ངོས་འཛིན་འདྲ་པར་ཚུ་ བཀྲམ་སྤེལ་འབད་ཡོདཔ་ཨིན་པས།

ཧཱ་ཁྲོམ་ཁར་ ཚོགས་རྒྱན་བཙུགས་པར་ འོང་མི་ཅིག་གིས་ སླབ་མིའི་ནང་ གདོང་ཁར་འཐོན་ཏེ་ བཙག་འཐུ་ནང་ བཅའ་མར་གཏོགས་མི་ཡོད་པ་ཅིན་ གོ་སྐབས་བྱིན་དགོ་ཟེར་ཨིན་པས།

བཙག་འཐུ་འགོ་དཔོན་ཚུ་གིས་ སླབ་མིའི་ནང་ གསང་སྦས་ཁ་རྒེད་འོག་ནང་ ཐོ་བཀོད་ཅན་གྱི་ ཚོགས་རྒྱན་བཙུགས་མི་༡,༠༦༠ དང་ ཧཱ་ཁྲོམ་ཁར་༤༨༠ ཡོདཔ་ཨིན་པས།

རྫོང་ཁག་ནང་ ས་དམར་རྒེད་འོག་གི་ གདམ་ངོའི་འཛོམས་འདུ་དེ་ མཇུག་ཨིན་པའི་གནས་ཚུལ།

སྐད་སྒྱུར་ ཚེ་རིང་རྣམ་རྒྱལ།

About admin

Check Also

བདེ་ཆེན་གླིང་ལུ་ གླངམོ་ཆེ་དང་འབྲེལ་བའི་དཀའ་ངལ།

༉ པདྨ་དགའ་ཚལ་ བདེ་ཆེན་གླིང་མཁོ་ལོམ་རི་དང་ དགོན་པ་འུང་སྤྱི་འོག་༢ ནང་ གླངམོ་ཆེ་དང་འབྲེལ་བའི་ གནོད་ཉེན་དེ་ ཆེ་སུ་ཅིག་སྦེ་ཐོན་ཡོདཔ་ལས་ ས་གནས་ཀྱི་མི་སེར་ཚུ་ ཚ་གྱང་ལང་སྟེ་ ཡོདཔ་ཨིན་པས། མ་གཞི་ ནགས་ཚལ་འགོ་དཔོན་དང་ གཡུས་ཁའི་མི་ཚུ་གིས་ གླངམོ་ཆེ་ཚུ་ …

Leave a Reply

Your email address will not be published. Required fields are marked *