ཧཱ་གི་ཚོང་པ་ཅིག་ལུ་ བཙོན་ཁྲིམས་དང་ མི་ཚེ་བསྐྱར་གསོའི་འཁྲུན་ཆོད།

༉ ཆུ་ཁ་རྫོང་ཁག་ཁྲིམས་འདུན་གྱིས་ ཚོང་པ་༡ སྨྱོ་རྫས་ནག་ཚོང་འཐབ་པའི་ བཙོན་ཁྲིམས་ལོ་༥ བཀལ་ནུག།
དེ་ཡང་ ཧཱ་ལས་ སྐྱེས་ལོ་༣༦ ལང་མི་ ཚོང་པ་ཨྱོན་རྡོ་རྗེ་གིས་ བཀག་དམ་ཅན་གྱི་ ཨེསི་པི་པ་ལཱསི་སྨན་ཐུམ་༣༥༢ དང་ ཨེན་ཊེན་སྨན་ཐུམ་་༡༨ ནག་ཚོང་འཐབ་ཡོད་མི་ལུ་ བཙོན་ཁྲིམས་ལོ་༥ བཀལ་ཡོདཔ་མ་ཚད་ མི་ཚེ་བསྐྱར་གསོ་ལྟེ་བའི་ནང་ ཟླ་ངོ་༣ གྱི་རིང་ སྡོད་་དགོ་པའི་ འཁྲུན་ཆོད་གནང་ནུག།
སྤྱི་ཟླ་༥ པའི་ཚེས་༢༢ ལུ་གནང་མི་ འཁྲུན་ཆོད་དང་འཁྲིལཝ་ད་ ཨྱོན་རྡོ་རྗེ་ལུ་ ཟླ་ངོ་གཅིག་གི་རིང་ བསླབ་སྟོན་བྱིན་དགོཔ་མ་ཚད་ མི་ཚེ་བསྐྱར་གསོ་ལྟེ་བའི་ནང་ སྨན་བཅོས་འབད་དགོཔ་བཞིན་དུ་ དེ་ཚུ་ཡང་ ཁོ་ར་ལོ་༥ འི་རིང་ བཙོན་ཁྲིམས་འབག་པའི་སྐབས་ འབད་བཅུག་དགོཔ་ཨིན་པས།
རྟ་ནག་ལུངམ་གི་ ཁྲིམས་སྲུང་འགག་པ་གིས་ གསང་བའི་སྙན་ཞུ་ ཐོབ་མི་དང་འཁྲིལ་ དུས་ཅི་སྤྱི་ཟླ་༢ པའི་ཚེས་༡༠ ལུ་ ཁོ་གི་སྣུམ་འཁོར་ནང་ལས་ ཆུ་ཤོག་གནགཔོ་ཅིག་ནང་ སྤུར་ཡོད་མི་ སྨྱོ་རྫས་ཚུ་ ཐོབ་ཡོདཔ་ལས་ འཛིན་བཟུང་འབད་ཡོདཔ་ད་ དེ་བསྒང་ ཉེས་འཛུགས་ཅན་ཁོ་ར་ ཕུན་ཚོགས་གླིང་ལས་ ཐིམ་ཕུག་ལུ་ འོང་པའི་བསྒང་ཨིན་པས།
རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ཚོང་པ་དེ་ལུ་ འབྲུག་གི་སྨྱོ་རྫས་དང་ སེམས་ཁམས་འཁྲུགས་རྫས་ རྫས་རིགས་ལོག་སྤྱོད་ཀྱི་བཅའ་ཁྲིམས་༢༠༡༥ ཅན་མ་ལས་ འགལ་ཡོདཔ་སྦེ་ སྤྱི་ཟླ་༣ པའི་ཚེས་༦ ལུ་ ཁྲིམས་ཀྱི་འདུན་སར་ ཉེས་འཛུགས་འབད་ནུག།
ཨྱོན་རྡོ་རྗེ་གིས་ སྨྱོ་རྫས་ཚུ་ ཁོ་ར་སྤྱོད་ནི་གི་དོན་ལུ་ འབག་འོང་ཡོདཔ་སྦེ་ ཁྲིམས་འདུན་ལུ་ ཞུ་ཡོདཔ་ཨིན་པས།
རྩོད་ཟླ་ཨྱོན་རྡོ་རྗེ་དེ་ ཨེསི་པི་པ་ལཱསི་སྨན་ཐུམ་༣༥༢ འབག་འོང་ཡོད་པའི་ཐད་ཁར་ བཙོན་ཁྲིམས་ལོ་༥ ལས་༩ གི་བར་ན་ ཕོག་ནི་ཨིན་རུང་ ཁོ་གིས་ ཧེ་མ་ ཉེས་ལས་འཐབ་ཡོད་པའི་ བརྗེད་ཐོ་མེདཔ་ལས་ བཙོན་ཁྲིམས་ཉུང་ཤོས་ལོ་༥ བཀལ་ནུག།
ཨྱོན་རྡོ་རྗེ་གིས་ ཉིན་གྲངས་༢༦ ཁྲིམས་སྲུང་འགག་སྡེའི་ དོ་དམ་འོག་ལུ་ སྡོད་ཡོདཔ་ལས་ ཁོ་གིས་ བཙོན་ཁྲིམས་ལོ་ངོ་༤ དང་ ཟླཝ་༡༡ ཞག་གྲངས་༤ འབག་དགོཔ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

 

About admin

Check Also

རྒྱ་ཚ་སྦིས་ལུ་ ཆུ་རུད་ཐོན་མིའི་ནང་ མི་༢ ལུ་ ཤི་རྐྱེན་དང་༣ འཚོལ་བའི་བསྒང་ཡོདཔ།

༉ ཁ་ཙ་ དྲོ་པའི་ཆུ་ཚོད་༢ དང་ སྐར་མ་༣༠ དེ་ཅིག་ཁར་ ལྷུན་རྩེ་ཀུར་སྟོད་རྒེད་འོག་ རྒྱ་ཚ་སྦིས་གཡུས་ཚན་ནང་ ཆུ་རུད་ཐོན་མི་དེ་གིས་ མི་༧ འཕྱགས་བདའ་ཡོདཔ་བཞིན་དུ་ ཉེན་སྲུང་སྡེ་ཚན་གྱིས་ ཕོ་སྐྱེས་༡ དང་ ཨམ་སྲུ་༢ …

Leave a Reply

Your email address will not be published. Required fields are marked *