ཧམ་འཛུལ་འབད་མི་ རྒྱ་གར་གྱི་མི་ཅིག་ དོ་དམ་འོག་ལུ་བཞག་ཡོདཔ།

༉ སྤྱི་ཟླ་༨ པའི་ཚེས་༢༢ ལུ་ བཟོ་སྐྲུན་ནང་ ལཱ་འབད་མི་ རྒྱ་གར་གྱི་ ཕོ་སྐྱེས་ཅིག་གིས་ བུམོ་ཅིག་གི་ཁྱིམ་ནང་ ཧམ་འཛུལ་འབད་མི་ལུ་བརྟེན་ ཐིམ་ཕུག་ཁྲིམས་སྲུང་འགག་པ་གིས་ མི་དེ་ དོ་དམ་འོག་ལུ བཞག་ཡོདཔ་ཨིན་པས།
བྱ་ངན་དེ་ཡང་ སྡེཔ་སྲིད་ལུ་ དེ་ཚེ་དྲོ་པ་ ཆུ་ཚོད་༥ དེ་ཅིག་ཁར་ བྱུང་ཡོདཔ་ད་ གནས་ཚུལ་གོ་མི་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ དོགས་ཅན་དེ་གིས་ ཆུ་དུང་གུ་ལས་འཛེགས་ཏེ་ ཉམས་རྒུད་པའི་ སྡོད་ཁྱིམ་གྱི་ སྒོ་སྒྲིག་ནང་ལས་སྦེ་ སྐྱེས་ལོ་༡༥ ལང་མི་ བུམོ་གི་ཁང་མིག་ནང་ འཛུལ་ནུག་ཟེར་ཨིན་པས།
དེ་བསྒང་ ཉམས་རྒུདཔ་དེ་ ཨ་ལོ་༢ དང་ ཉལ་སྡོད་ཡོདཔ་ད་ དོགས་ཅན་ཕོ་སྐྱེས་དེ་ ཁྱིམ་ནང་མཐོང་པའི་ཤུལ་ལས་ རྒྱབ་སྐྱོར་གྱི་དོན་ལུ་ སྐད་རྐྱབ་པའི་སྐབས་ ཕོ་སྐྱེས་དེ་ བྱོག་སོང་ཡོདཔ་ད་ བུམོ་དེ་ མོ་རའི་སྤུན་ཆ་དང་ སྡོད་ཡོདཔ་ཨིན་པས།
གནདདོན་དེའི་སྐོར་ལས་ ཉམས་རྒུད་པའི་ སྤུན་ཆ་གིས་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་ཡོདཔ་བཞིན་དུ་ ཁྲིམས་སྲུང་འགག་པ་གིས་ ཞིབ་དཔྱད་འབད་དོ་ཡོད་པའི་ཁར་ དོགས་ཅན་དེ་ རྒྱ་གར་ ཀུཆ་བི་ཧར་ལས་ཨིན་པས།
དོགས་ཅན་དེ་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་དང་འཁྲིལ་ཏེ་ ཧམ་འཛུལ་གྱི་ ཉེས་པ་བཀལ་ནི་ཨིནམ་ད་ དོན་ཚན་༢༣༧ པ་དང་འཁྲིལཝ་ད་ གལ་སྲིད་ རྩོད་ཟླ་ཅིག་གིས་ གཞན་གྱི་རྒྱུ་དངོས་སམ་ཁང་ཁྱིམ་ བདག་གིར་ཡོད་པའི་ཁྱིམ་ཆས་དེ་ཚུ་ སོ་སོར་ལག་ཏུ་ ལོན་པའི་ཁང་ཁྱིམ་ནང་ འཛུལ་ནི་དང་ སྡོད་ནིའི་དམིགས་བསལ་དབང་ཆ་མེད་པ་ ཡང་ན་ སྡོད་ཆོག་པའི་ འཕྲོ་མཐུད་མེད་པའི་སྐོར་ལས་ ཤེས་རྟོགས་ཡོད་རུང་ ཤེས་བཞིན་དུ་ འཛུལ་བ་དང་ སྡོད་པ་ཡིན་ཚེ་ རྩོད་ཟླ་དེ་ ཧམ་འཛུལ་གནོད་འགེལ་གྱི་ ཉེན་སྐྱོན་ཡིན་པར་ བརྩི་དགོཔ་ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

 

About admin

Check Also

ཟ་ཆས་ཉེན་སྲུང་ཆོག་ཐམ་མེད་པར་ ཀེ་བ་དོས་འབག་མི་ཊག་ རྒྱ་གར་ལུ་ བཀག་བཞག་ཡོདཔ།

༉ རྒྱ་གར་གྱི་ ཅ་དམ་འགོ་དཔོན་ཚུ་གིས་ ཟ་ཆས་ཉེན་སྲུང་གི་ ཆོག་ཐམ་མེད་པར་ ཀེ་བ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊག་ཚུ་ བཀག་བཟུང་འབད་དོ་ཡོདཔ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ ཀེ་བ་ཕྱིར་ཚོང་འཐབ་མི་དང་ རིན་བསྡུར་འབད་མི་ཚུ་ལུ་ ཀེ་བ་ཕྱིར་ཚོང་འཐབ་ནིའི་ནང་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས། ཀུན་དགའ་དོན་གྲུབ་ནང་འདྲེན་དང་ ཕྱིར་ཚོང་གི་ཇོ་བདག་ …

Leave a Reply

Your email address will not be published. Required fields are marked *