གྲོས་འཛོམས་འཚོགས་པའི་བསྒང་།

སློབ་སྟོན་པ་ཚུ་གི་དོན་ལུ་ ལཱ་གཡོག་གཏན་འཁེལ་མེད་པའི་ ཚ་གྱང་།

༉ རྒྱལ་ཁབ་ཀྱི་ ས་གནས་ཐདམ་ཐད་ཁ་ལས་ཕར་ གཞི་རྟེན་ཤེས་ཡོན་དང་ ཨ་ལུ་གཅེས་སྐྱོང་ལྟེ་བའི་ སློབ་སྟོན་པ་ཚུ་གིས་ གཞུང་དང་མི་སེར་ལུ་ ཞབས་ཏོག་གང་དྲག་ཞུ་ཡོད་རུང་ ལཱ་གཡོག་གཏན་འཁེལ་མེད་མི་ལུ་བརྟེན་ དཀའ་ངལ་བྱུང་དོ་ཡོདཔ་ཨིན་པས།
དེ་འབདཝ་ལས་ སློབ་སྟོན་པ་ཚུ་ ལཱ་གཡོག་གི་གནས་ཚད་ གཏན་འཁེལ་བཟོ་ཐབས་ལུ་ རྫོང་ཁག་ཤེས་རིག་སྡེ་ཚན་གྱིས་ གྲོས་འབུལ་ཕུལ་མིའི་གུ་ གསུང་གྲོས་རྒྱས་པར་གནང་སྟེ་ རྒྱབ་སྐྱོར་གྱི་ཐབས་ལམ་དང་ ཤེས་རིག་གི་སྲིད་བྱུས་དང་ལམ་སྟོན་ དེ་ལས་ ཞི་གཡོག་ལྷན་ཚོགས་ཀྱི་བཅའ་ཁྲིམས་ཚུ་ བསྟར་སྤྱོད་འབད་ཞིནམ་ལས་ རྒྱབ་སྐྱོར་གྱི་ འོས་འབབ་ཡོད་མེད་ཀྱི་ གྲོས་ཆོད་བཏོན་མི་དེ་ ཤེས་རིག་ལྷན་ཁག་ལུ་ གྲོས་གཞི་སྦེ་ ཕུལ་ནི་ཨིན་པས།
ཤེས་རིག་འགོ་དཔོན་ཨྱོན་པདྨ་གིས་ ཨ་ལུ་ཆུང་ཀུ་ཚུ་ བདག་འཛིན་འཐབ་ནི་དང་ རིག་རྩལ་གོང་འཕེལ་གཏང་ནི་ཚུ་ གཅེས་སྐྱོང་གི་ སློབ་སྟོན་པའི་འབྲས་བུ་ཨིན་པའི་ཁར་ གཞི་རྟེན་ཤེས་ཡོན་གྱི་ སློབ་སྟོན་པ་ཚུ་གིས་ རྒྱལ་ཁབ་ཀྱི་ ས་གནས་ཐདམ་ཐད་ཁ་ཕར་ དཀའཝ་སྤྱད་དེ་ གཡུས་མི་ཚུ་ལུ་ གཞི་རྟེན་ཤེས་ཡོན་སྟོན་མི་ལུ་བརྟེན་ ད་རེས་ ཤེས་རིག་སྤུས་ཚད་དེ་ རྒྱལ་ཡོངས་ནང་ གྲུབ་འབྲས་ཅན་ཅིག་ བྱུང་སྟེ་ཡོད་ཟེར་ཨིན་པས།
ཨིན་རུང་ ཁོང་སློབ་སྟོན་པ་ཚུ་ གཡོག་གི་གནས་ཚད་དེ་ ག་ཅི་ཨིན་ན་དང་ གཏན་འཁེལ་གྱི་ ལཱ་གཡོག་མེན་པའི་ཁར་ གནས་སྐབས་ཀྱི་ ལཱ་གཡོག་འབད་མི་ཡང་ མེན་མི་ལུ་བརྟེན་ གཞི་རྟེན་ཤེས་ཡོན་གྱི་ སློབ་སྟོན་པ་འབད་དེ་ ལོ་ངོ་༡༠ དང་༢༠ གི་བར་ན་ སྡོད་པའི་ཤུལ་ལུ་ དགོངས་ཞུ་སྦེ་འགྱོཝ་ད་ འཐོབ་ནི་ག་ནི་ཡང་ མིན་འདུག་ཟེར་ཨིན་པས།
དེ་འབདཝ་ལས་ རྫོང་ཁག་ཤེས་རིག་སྡེ་ཚན་གྱི་ཧོངས་ལས་ སློབ་སྟོན་པ་ཚུ་ལུ་ གཏན་འཁེལ་གྱི་ ལཱ་གཡོག་དང་ ཐོབ་ཚད་ཚུ་ གནས་ཚད་ག་ཅི་ལུ་ ལྷོད་ནི་ཨིན་ན་ཚུ་ ཤེས་རིག་ལྷན་ཁག་ནང་ སྙན་ཞུ་ཚུ་ ཕུལ་ཡོད་རུང་ ངོས་ལེན་འབད་ཐབས་མ་འབྱུང་ནི་དེ་གིས་ རྫོང་ཁག་ཚོགས་འདུ་ལས་བརྒྱུད་དེ་ སྙན་ཞུ་ཕུལ་ནི་དང་ རྒཔོ་ཚུ་གིས་ གཞུང་ལུ་ ཞུ་དགོཔ་གལ་ཆེ་བས་ཟེར་ ཨིན་པས།
ཤེས་རིག་འགོ་དཔོན་གྱིས་ ཞུ་མིའི་ནང་ སྤྱི་ལོ་༢༠༡༦ ཚུན་ ཨ་ལུ་གཅེས་སྐྱོང་ལྟེ་བ་༡༢ དང་ གསརཔ་༥ གཞི་བཙུགས་འབད་ཡི་ཟེར་ཨིན་པས།
ཨ་ལུ་གཅེས་སྐྱོང་ལྟེ་བ་དེ་ ཤེས་རིག་གི་སྲིད་བྱུས་ནང་ མེད་ཐབས་མེདཔ་ཅིག་སྦེ་ཨིནམ་ལས་ ཨ་ལུ་ཚུ་གི་ ཤེས་རིག་གི་གཞི་འགྱམ་དང་ ཤེས་རིག་སྤུས་ཚད་གོང་འཕེལ་གཏང་དགོ་པ་ཅིན་ ཨ་ལུ་གཅེས་སྐྱོང་དེ་ ངེས་པར་དུ་ དགོཔ་ཡོད་ཟེར་ཨིན་པས།
བློན་ཆེན་ཚེ་རིང་སྟོབས་རྒྱས་མཆོག་གིས་ཡང་ སྤྱི་འོག་རེའི་ནང་ ཨ་ལུ་གཅེས་སྐྱོང་ལྟེ་བ་རེ་ བཙུགས་དགོ་པའི་དམིགས་གཏད་དང་འཁྲིལ་ འཆར་གཞི་དང་ ལས་རིམ་བརྩམས་ཏེ་ ལཱ་འབད་བའི་སྐབས་ མ་དངུལ་མེད་པའི་ དཀའ་ངལ་འབྱུང་ནི་འདུག་ཟེར་ཨིན་པས།
གཅེས་སྐྱོང་གཞི་བཙུགས་ཀྱི་དོན་ལུ་ གཡུས་ཚན་ཚུ་ནང་ དགོཔ་ངེས་ཏིག་དང་ ཨ་ལུ་མངམ་ཡོད་མེད་ཚུ་ ཞིབ་དཔྱད་འབད་བའི་ཤུལ་ལས་ རྫོང་ཁག་ཤེས་རིག་སྡེ་ཚན་གྱིས་ ཤེས་རིག་ལྷན་ཁག་ལུ་ སྙན་ཞུ་ཕུལཝ་བཞིན་དུ་ འོས་འབབ་ཡོད་མེད་གཟིགས་ཏེ་ འཛམ་གླིང་ཡུ་ནི་སེབ་ལས་ མ་དངུལ་གྱི་རྒྱབ་སྐྱོར་དང་འཁྲིལ་ ལཱ་འབད་དོ་ཟེར་ཨིན་པས།
དེ་བཟུམ་སྦེ་ རྫོང་ཁག་ནང་ ཨ་ལུ་གཅེས་སྐྱོང་ལྟེ་བ་༥ གསརཔ་གཞི་བཙུགས་ཀྱི་དོན་ལུ་ སྙན་ཞུ་ཚུ་ ཤེས་རིག་ལྷན་ཁག་ལུ་ཕུལ་ཡོད་རུང་ ད་ལྟོ་ མ་དངུལ་གྱི་རྒྱབ་སྐྱོར་ཚུ་ མ་འཐོབ་པར་ཡོདཔ་ལས་ འཆར་གཞི་དང་བསྟུན་ བཟོ་སྐྲུན་གྱི་ལཱ་ཚུ་ འགོ་བཙུགས་ཚུགས་ཟེར་ ཨིན་པས།
དེ་མ་ཚད་ རྒེད་འོག་གི་རྒཔོ་ཚུ་གིས་ ཨ་ལུའི་ཐོ་བཀོད་ཚུ་ བསྡུ་ལེན་འབད་ནི་དང་ ལྷག་པར་དུ་ ཨ་ལུ་གཅེས་སྐྱོང་ལྟེ་བ་རྒྱ་བསྐྱེད་འབད་ནིའི་དོན་ལུ་ མ་དངུལ་གྱི་རྒྱབ་སྐྱོར་ཚུ་ཡང་ གནང་དགོཔ་ཡོད་ཟེར་ཨིན་པས།
ཤེས་རིག་འགོ་དཔོན་གྱིས་ སླབ་མིའི་ནང་ གཞི་རྟེན་ཤེས་ཡོན་སློབ་སྟོན་ འབད་ནི་འགོ་བཙུགས་མི་ལུ་བརྟེན་ འབྲུག་མི་ག་ར་ ཤེས་ཡོན་ཐོབ་ཚར་ཚརཝ་བཟུམ་གྱི་ གནས་ཚད་ནང་ལྷོད་དེ་ཡོདཔ་ལས་ ད་ལས་ཕར་ འཇིག་རྟེན་ཤེས་ཡོན་ སློབ་སྟོན་འབད་ནི་ལུ་ སྒོ་ཕྱེ་ནི་མེད་རུང་ ཤེས་རིག་ལྷན་ཁག་གིས་ མི་སྡེ་སློབ་གྲྭ་ལུ་ ཤུགས་བཏོན་དོ་ཟེར་ཨིན་པས།
མི་སྡེ་སློབ་གྲྭ་དེ་ ཨ་ལུ་ཚུ་གི་ ལག་རྩལ་དང་ རིག་རྩལ་ཚུ་ ཡར་རྒྱས་གཏང་ནིའི་དོན་ལུ་ཨིནམ་ད་ དེ་ཡང་ གཞི་རྟེན་ཤེས་ཡོན་བསྡུ་མི་དང་ ཨ་ནེམོ་ དགེ་སློང་ གཡུས་ཁའི་གྲོང་ཆོསཔ་ ཞི་གཡོགཔ་དང་ སྒེར་སྡེའི་ཨམ་ སློབ་གྲྭ་ལས་འཐོན་མི་ བུཚ་དང་བུམོ་ དེ་ལས་ ཞི་གཡོགཔ་ཚུ་གིས་ཡང་ བཅའ་མར་གཏོགས་ནིའི་གོ་སྐབས་ཡོདཔ་ཨིན་པས།
རྫོང་ཁག་ནང་ མི་སྡེ་སློབ་གྲྭ་གཅིག་ལས་བརྒལ་མེད་ཟེར་ཨིནམ་ད་ དེ་ཡང་ ལྕམ་མཁར་ལ་ལུ་ གཞི་བཙུགས་འབདཝ་བཞིན་དུ་ དེ་ཁའི་མི་སེར་ཚུ་གིས་ གོ་ལའི་རིགས་ཚུ་ བཙེམ་ནིའི་སྦྱོང་བརྡར་མཐར་འཁྱོལ་བའི་ཤུལ་ལས་ ད་རེས་ནངས་པར་ ཟངས་མཁར་གཡུས་ཚན་ནང་ སྤོ་བཤུད་འབད་དེ་ཡོདཔ་ཨིན་པས།
དེ་དང་འདྲཝ་སྦེ་ རྒེད་འོག་༨ ཀྱི་ མི་སེར་ཚུ་གིས་ གོ་སྐབས་ལེན་ཚུགས་ནི་ཨིན་རུང་ ལས་རིམ་ཚུ་ གཞི་བཙུགས་འབད་ནིའི་དོན་ལས་ རྒེད་འོག་ཚུ་གིས་ སྡོད་ཁྱིམ་གྱི་ རྒྱབ་སྐྱོར་གནང་དགོ་མི་དེ་ སྦྱོང་བརྡར་གྱི་འཕྲུལ་ཆས་དང་ གོ་ལ་བཙེམ་ནི་ འབྲི་ལྷག་གི་དོན་ལུ་ དཔེ་མཛོད་ཁང་ཚུ་ བཞག་དགོཔ་ཨིན་པའི་གནས་ཚུལ།

ལྷུན་རྩེ་ལས་ བཀྲིས་ཕུན་ཚོགས།

About admin

Check Also

མདའ་རྩེད་དེ་ སྲོས་ཀྱི་མི་སེར་ཚུ་གི་དོན་ལུ་ སྤྲོ་སྟོན་འབད་ནིའི་ དུས་ཚོད་ཅིག་ཨིནམ།

༉ ལ་གོང་གསུམ་གྱི་ མི་སེར་ཚུ་གི་དོན་ལུ་ ཕམ་སྤུན་ཆ་འཛོམས་ཏེ་ སྤྲོ་བ་སྟོན་ནིའི་ དུས་ཚོད་བཟང་པོ་ཅིག་ མདའ་རྩེད་འགྲན་བསྡུར་འབད་ནི་དེ་ཨིན་པས། དེ་འབདཝ་ལས་ ཁ་ཙ་ ཐིམ་ཕུག་སྲོས་རྒེད་འོག་ནང་ ཁཝ་འགོ་དང་པ་རྐྱབ་ཡོདཔ་ལས་ གྱང་ཤུགས་ཆེ་བའི་ཁར་ ཆརཔ་གིས་སྦང་རུང་ མདའ་རྩེདཔ་ཚུ་ལུ་ ཧེང་སྐལ་ར་ …

Leave a Reply

Your email address will not be published. Required fields are marked *