སློབ་རིམ་༥ པའི་ སློབ་ཕྲུག་བུམོ་ཅིག་ དབང་བཙོང་འདོད་སྤྱོད་འབད་ཡོདཔ།

༉ དར་དཀར་ནང་ལུ་ ཕོ་སྐྱེས་ཅིག་གིས་ སློབ་ཕྲུག་བུམོ་ཅིག་ དབང་བཙོང་འདོད་སྤྱོད་འབད་བའི་ གནད་དོན་ལུ་བརྟེན་ འཛིན་བཟུང་འབད་དེ་ བདུན་ཕྲག་༡ ལང་པའི་ཤུལ་ལས་ ད་རུང་ དར་དཀར་ནང་ཁྲིམས་སྲུང་འགག་པ་གིས་ སྐྱེས་ལོ་༢༦ ལང་མི་ ཕོ་སྐྱེས་ཅིག་གིས་ སྐྱེས་ལོ་༡༤ ལང་མི་བུམོ་ཅིག་ལུ་ དབང་བཙོང་འདོད་སྤྱོད་འབད་ཡོད་པའི་ དོགས་པ་ལུ་བརྟེན་ འཛིན་བཟུང་འབད་ནུག།
ཉམས་རྒུད་བུམོ་དེ་ དར་དཀར་ནང་ ཚང་ཁ་རྒེད་འོག་གི་ སློབ་གྲྭ་ཅིག་ནང་ དཔེ་ཆ་ལྷབ་མི་ སློབ་རིམ་༥ པའི་ སློབ་ཕྲུག་ཨིན་པའི་ཁར་ དོགས་པ་ཅན་ ཕོ་སྐྱེས་དེ་ཡང་ སློབ་གྲྭ་དེ་ནང་གི་ ཁག་འབག་སློབ་དཔོན་ཨིན་པས།
བྱུང་རྐྱེན་དེ་གི་སྐོར་ལས་ སྤྱི་ཟླ་༡༠ པའི་ཚེས་༡༢ ཀྱི་ ཕྱི་རུའི་ཆུ་ཚོད་༨ དེ་ཅིག་ཁར་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་ཡོདཔ་བཞིན་དུ་ དོགས་པ་ཅན་དང་ ཉམས་རྒུདཔ་༢ ཆ་ར་ དར་དཀར་ནང་ལས་ཨིན་པས།
དོགས་པ་ཅན་ སློབ་དཔོན་དེ་གིས་ སྤྱི་ཟླ་༡༠ པའི་ཚེས་༡༢ ཀྱི་དྲོ་པ་ ཉམས་རྒུདཔ་བུམོ་དེ་ རྩི་རང་ལུ་ ཁྱིད་ཞིནམ་ལས་ ཟ་ཁང་ཅིག་ནང་ ཁང་མིག་ཅིག་ལེན་ཏེ་ དབང་བཙོང་འདོད་སྤྱོད་འབད་བའི་ དོགས་པ་ཡོདཔ་ཨིན་པས།
གནས་ཚུལ་འབྱུང་ཁུངས་དང་འཁྲིལཝ་ད་ དེ་ཚེ་དྲོ་པ་ དོགས་པ་ཅན་གྱིས་ སློབ་གྲྭའི་ བུམོ་བདག་འཛིན་པ་ལུ་ ཉམས་རྒུད་པའི་ཨ་པ་དེ་ ཁོ་གི་ ཆ་རོགས་འཆམ་ཤོས་ཨིནམ་ལས་ ཨ་པ་དང་འཕྱད་པར་ འཁྱིད་ནི་ཨིན་ཟེར་ གནང་བ་ལེན་ཏེ་ རྩི་རང་ལུ་ སོང་ནུག་ཟེར་ཨིན་པས།
ཁག་འབགཔ་སློབ་དཔོན་དེ་ ཉམས་རྒུད་པའི་ ཆོས་ཚན་སློབ་དཔོན་ཨིནམ་ད་ ཉམས་རྒུདཔ་བུམོ་དེ་ དེ་ཚེ་ཕྱི་རུ་ ལོག་སློབ་གྲྭ་ནང་ འོང་མི་ལུ་བརྟེན་ བུམོ་བདག་འཛིན་པ་གིས་ དྲི་དཔྱད་འབདཝ་ད་ གནད་དོན་དེའི་སྐོར་ལས་ ཤེས་རྟོགས་བྱུང་ནུག།
གནས་ཚུལ་འབྱུང་ཁུངས་དང་འཁྲིལཝ་ད་ དོགས་པ་ཅན་གྱིས་ འདོད་སྤྱོད་འབད་བའི་ཤུལ་ལས་ ཨ་ལོ་མི་ཆགས་ནིའི་དོན་ལུ་ སྨན་ལེབ་ཨའེ་པཱིལ་ བྱིན་ཡོད་རུང་ ཉམས་རྒུདཔ་བུམོ་དེ་གིས་ བཟའ་མ་བཏུབ་པར་ རྩི་རང་གི་ བཱསི་བཞག་ས་ལུ་ བཀོག་ནུག་ཟེར་ཨིན་པས།
སྤྱི་ཟླ་༡༠ པའི་ཚེས་༡༣ གྱི་ ཉིན་མའི་ཆུ་ཚོད་༢.༣༠ དེ་ཅིག་ཁར་ བརྟག་དཔྱད་ཀྱི་དོན་ལུ་ དར་དཀར་དཔལ་ལ་ སྨན་ཁང་ནང་ བསྐྱལ་བའི་ཤུལ་ལས་ བུམོ་དེ་གི་གནས་སྟངས་ ལེགས་ཤོམ་ཡོདཔ་སྦེ་ མངོན་གསལ་བྱུང་མི་དེ་གིས་ ལོག་ཁྱིམ་ནང་ བཏང་ཡོདཔ་ཨིན་པས།
དོགས་པ་ཅན་ ཕོ་སྐྱེས་དེ་ དེ་ཚེ་ནུབ་མོའི་ཆུ་ཚོད་༡༡ དེ་ཅིག་ཁར་ ཁྲིམས་སྲུང་འགག་པ་གིས་ འཛིན་བཟུང་འབད་ཡོདཔ་ད་ ཁྲིམས་སྲུང་འགག་པ་གིས་འབད་བ་ཅིན་ ཕོ་སྐྱེས་དེ་གིས་ བྱ་ངན་འབད་ཡོད་པའི་ དོགས་པ་ཡོདཔ་བཞིན་དུ་ ད་ལྟོ་ གནད་དོན་དེ་ ཞིབ་དཔྱད་འབད་བའི་བསྒང་ ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

 

About admin

Check Also

གསོ་བའི་ཞབས་ཏོག་ ཡུན་བརྟན་བཞག་ནིའི་དོན་ལུ་ ཞབས་ཏོག་ཚུལ་མཐུན་ལེན་དགོཔ།

༉ འབྲུག་གི་རྩ་ཁྲིམས་ཆེན་མོའི་ དགོངས་དོན་དང་འཁྲིལ་ ད་ལྟོ་ རྒྱལ་ཁབ་ནང་ གསོ་བའི་ཞབས་ཏོག་ཚུ་ བར་མ་ཆད་པར་ རིན་མེད་སྟོང་པར་སྦེ་ སྤྲོད་བཞིན་དུ་ཡོད་རུང་ མ་འོངས་པར་ ཞབས་ཏོག་ཚུ་ ག་དེ་སྦེ་ ཡུན་བརྟན་བཞག་ཚུགས་འོང་ག་ཟེར་བའི་ ཚ་གྱང་ཡོདཔ་ཨིན་པས། མ་གཞི་ …

Leave a Reply

Your email address will not be published. Required fields are marked *