སློབ་རིམ་༡༢ པའི་ཆོས་རྒྱུགས་གྲུབ་འབྲས་གསལ་སྟོན།

༉ སྤྱི་ལོ་༢༠༡༧ གྱི་ འབྲུག་སློབ་གྲྭ་གོང་མའི་ལག་ཁྱེར་ཆོས་རྒྱུགས་ཀྱི་ སྤྱིར་བཏང་མཐར་འཁྱོལ་དེ་ བརྒྱ་ཆ་༩༡.༤༧ ཨིནམ་སྦེ་ ད་རིས་ འབྲུག་གི་སློབ་གྲྭའི་ཆོས་རྒྱུགས་དང་ བརྟག་ཞིབ་ཚོགས་སྡེ་གིས་ གསལ་བསྒྲགས་འབད་ཡི།

སྤྱི་ལོ་༢༠༡༦ གི་ ཆོས་རྒྱུགས་གྲུབ་འབྲས་དང་ཕྱདཔ་ད་ སྤྱིར་བཏང་མཐར་འཁྱོལ་ཚད་གཞི་དེ་ བརྒྱ་ཆ་༦.༦༥ ཡར་སེང་སོང་ནུག་ཟེར་ཨིན་པས།

སློབ་རིམ་༡༢ པའི་ཆོས་རྒྱུགས་ཀྱི་ ཚན་རིག་ནང་ལས་ དབྱངས་ཅན་ཕུག་འབྲིང་རིམ་སློབ་གྲྭ་གོང་མའི་སློབ་ཕྲུག་ བདེ་ཆེན་ལྷ་མོ་རྒྱལ་མཚན་གྱིས་ སྐུགས་བསྡོམས་༣༥༣ འབདཝ་ད་ བརྒྱ་ཆ་༨༨.༢༥ ཐོབ་སྟེ་ རྒྱལ་ཡོངས་ནང་ལས་ ཨང་དང་པ་ཐོན་ནུག།

དེ་ལས་ ཨང་གཉིས་པ་དང་ གསུམ་པ་དེ་ ཨྱོན་རིག་པའི་འབྱུང་གནས་སློབ་གྲྭ་ལས་ ཐོན་མི་དེ་ཡང་ ངག་དབང་ཡེ་ཤེས་ཀྱིས་ སྐུགས་བསྡོམས་༣༤༨ (བརྒྱ་ཆ་༨༧) དང་ བཀྲིས་བསྟན་རྒྱས་ཀྱིས་ སྐུགས་༣༤༧ འབདཝ་ད་ བརྒྱ་ཆ་༨༦.༧༥ ཐོབ་ཡོདཔ་ཨིན་པས།

ཚོང་རིག་ཆོས་རྒྱུགས་ནང་ ཨང་དང་པ་དང་ གཉིས་པ་དེ་ ད་རུང་ ཨྱོན་རིག་པའི་འབྱུང་གནས་སློབ་གྲྭ་ལས་ ཐོན་ཡོདཔ་ད་ དེ་ཡང་ པདྨ་ཆོས་སྒྲོན་གྱིས་ སྐུགས་༣༤༡ བརྒྱ་ཆ་༨༥.༢༥ ཐོབ་སྟེ་ ཨང་དང་པ་དང་ འཕྲིན་ལས་དོན་གྲུབ་ཀྱིས་ སྐུགས་༣༣༤ བརྒྱ་ཆ་༨༣.༥༠ ཐོབ་སྟེ་ ཨང་༢ པ་ཐོན་ཡོདཔ་བཞིན་དུ་ ཨང་གསུམ་པ་དེ་ འགྲམ་ཕུག་སློབ་གྲྭ་ལྟེ་བ་ལས་ ཡེ་ཤེས་གཡུ་སྒྲོན་གྱིས་ སྐུགས་༣༢༩ བརྒྱ་ཆ་༨༢.༢༥ ཐོབ་ཡོདཔ་ཨིན་པས།

ནང་རིག་ཆོས་ནང་ སྐུགས་འདྲན་འདྲ་ཐོབ་སྟེ་ ཨང་དང་པ་ཐོབ་མི་༢ ཡོད་མི་དེ་ཡང་ ཆུ་ཁ་སློབ་གྲྭ་ལྟེ་བ་ལས་ པ་སངས་དབང་མོ་དང་ མོང་སྒར་འབྲིང་རིམ་སློབ་གྲྭ་གོང་མ་ལས་ བསྟན་པ་ཚེ་རིང་གིས་ སྐུགས་༣༤༡ འབདཝ་ད་ བརྒྱ་ཆ་༨༥.༢༥ འདྲན་འདྲ་ཐོབ་ལས་ ཨང་དང་པ་ཐོན་ནུག།

ཨང་གཉིས་པ་དེ་ དབྱངས་ཅན་ཕུག་འབྲིང་རིམ་སློབ་གྲྭ་གོང་མ་ལས་ ཆོས་དབྱིངས་ཨུཏྤལ་གྱིས་ སྐུགས་༣༣༨ བརྒྱ་ཆ་༨༤.༥༠ ཐོབ་ཡོདཔ་ད་ བྱ་དཀར་འབྲིང་རིམ་སློབ་གྲྭ་གོང་མ་ལས་ ཨོ་རྒྱན་མཚོ་མོ་གིས་ སྐུགས་༣༣༦ བརྒྱ་ཆ་༨༤ ཐོབ་སྟེ་ ཨང་གསུམ་པ་ཐོན་ནུག།

དེ་ལས་ སྐད་ཡིག་དང་ ལམ་སྲོལ་འབྲིང་སློབ་གྲྭ་གོང་མའི་ ཆོས་རྒྱུགས་ནང་རས་ སྟག་རྩེ་སློབ་གྲྭ་ལྟེ་བ་ལས་ རྡོ་རྗེ་རྒྱལ་མཚན་གྱིས་ སྐུགས་༣༡༨ བརྒྱ་ཆ་༧༩.༥༠ ཐོབ་སྟེ་ ཨང་དང་པ་ཐོན་ཡོདཔ་ད་ སྡེ་སྲིད་སློབ་གྲྭ་ཆེ་བ་ལས་ རྡོ་རྗེ་ཕུན་ཚོགས་ཀྱིས་ སྐུགས་༣༡༣ བརྒྱ་ཆ་༧༨.༢༥ དང་ རྫོང་ཁ་གོང་འཕེལ་སྦྱོང་བརྡར་སྤེལ་ཁང་ལས་ འཇམ་དབྱངས་རྡོ་རྗེ་གིས་ སྐུགས་༣༡༢ བརྒྱ་ཆ་༧༨ ཐོབ་སྟེ་ ཨང་༢ པ་དང་༣ པ་ཐོན་ཡོད་པའི་གནས་ཚུལ།

About admin

Check Also

གསར་སྤང་ཊཱར་ལུ་ ལོ་༢ དེ་ཅིག་གི་རྒྱབ་ལས་ ཁྱིམ་ཚུ་ བཟོ་སྐྲུན་འབད་ཆོག་ནི།

༉ ཁ་ཙ་ རྒྱལ་ཡོངས་ཚོགས་འདུའི་དྲི་བཀོད་ལས་རིམ་ འགོ་འདྲེན་འཐབ་པའི་སྐབས་ ཞབས་ཏོག་བློན་པོ་ རྡོ་རྗེ་ཚེ་རིང་གིས་ ད་རེས་ འགོ་འདྲེན་འཐབ་པའི་བསྒང་ཡོད་མི་ གསར་སྤང་ཊཱར་གྱི་ ས་གནས་གོང་འཕེལ་ས་ཁོངས་ནང་ ལོ་༢ དེ་ཅིག་གི་རྒྱབ་ལས་ ཁྱིམ་ཚུ་ བཟོ་སྐྲུན་འབད་ཚུགས་ཟེར་ཨིན་པས། ད་རེས་ …

Leave a Reply

Your email address will not be published. Required fields are marked *