ན་གཞོན་སློབ་ཕྲུག་ཚུ་གིས་ བཱསི་ཀེཊི་བཱོལ་གྱི་ སྦྱང་བ་འབད་བའི་བསྒང་།

སློབ་ཕྲུག་ཚུ་གིས་ གནམ་དགུན་གྱི་ངལ་གསོ་ དོན་སྨིན་ཅན་ཅིག་སྦེ་ ལག་ལེན་འཐབ་དོ་ཡོདཔ།

༉ ན་གཞོན་མང་ཤོས་ཅིག་གིས་ གནམ་དགུན་གྱི་ངལ་གསོའི་སྐབས་ རང་སོའི་ ཕམ་ཚུ་དང་གཅིག་ཁར་ ཁྱིམ་ནང་གི་ ལཱ་འབད་དོ་ཡོདཔ་ཨིན་རུང་ ཐིམ་ཕུག་ རྒྱལ་ས་ལྟེ་བ་ལུ་འབད་བ་ཅིན་ ན་གཞོན་ཚུ་གིས་ རིག་རྩལ་དང་འབྲེལ་བའི་ ལས་རིམ་ཚུ་ནང་ བཅའ་མར་གཏོགས་དོ་ཡོདཔ་ཨིན་པས།
ན་གཞོན་སློབ་ཕྲུག་ ལ་ལོ་ཅིག་གིས་ ཐིམ་ཕུག་ན་གཞོན་དཔལ་རིའི་ ས་ཁོངས་ནང་སྦེ་ སྙན་ཆ་དང་ ཞབས་ཁྲ་ ལྷ་བྲིས་ དེ་ལས་ རྩེདམོ་རྩེ་སྡོདཔ་ཨིན་པས།
ལྷ་བྲིས་ཀྱི་ རིག་རྩལ་ལྷབ་མི་ཅིག་ དཔལ་ལྡན་མཚོ་མོ་ཨིནམ་ད་ མོ་གིས་ སླབ་མིའི་ནང་ ཨ་རྟག་འབད་བ་ཅིན་ དཔེ་དེབ་ལྷག་ནི་དང་ ཁྱིམ་ནང་རྒྱང་མཐོང་བལྟ་སྟེ་ ངལ་གསོའི་དུས་ཚོད་རྫོགས་དོ་ཡོདཔ་ཨིན་རུང་ ད་རེས་ དེ་བཟུམ་མའི་ ལས་རིམ་ནང་བཅའ་མར་གཏོགས་ནིའི་ གོ་སྐབས་ཐོབ་ནི་དེ་གིས་ སེམས་དགའ་ཡི་ཟེར་ཨིན་པས།
ལས་རིམ་ནང་ སྐྱེས་ལོ་༨ དང་༡༨ ཀྱི་བར་ན་འབད་མི་ སློབ་ཕྲུག་༡༥༠ དེ་ཅིག་གིས་ དྲོ་པའི་ཆུ་ཚོད་ ཕྱེད་དང་༡༡ ལས་ ཕྱི་རུའི་ཆུ་ཚོད་༤ ཚུན་ གྲལ་གཏོགས་འབད་དོ་ཡོདཔ་ཨིན་པས།
ལས་རིམ་དེ་ཡང་ ཤེས་རིག་ལྷན་ཁག་ ན་གཞོན་དང་རྩེད་རིགས་ལས་ཁུངས་འོག་གི་ ན་གཞོན་སྡེ་ཚན་གྱི་རྒྱབ་སྐྱོར་ཐོག་ལས་ འཐུས་མི་༡༠༠ དེ་ཅིག་འབད་མི་ ན་གཞོན་ཁས་བླངས་པའི་སྡེ་ཚན་ ཧར་མོ་ནི་ན་གཞོན་ཁས་བླངས་ཚོགས་པ་གིས་ འགོ་འདྲེན་འཐབ་དོ་ཡོདཔ་ཨིན་པས།
པདྨ་གཡང་སྐྱིད་ཀྱིས་ སླབ་མིའི་ནང་ བཱསི་ཀེཊི་བཱོལ་གྱི་ སྦྱོང་བརྡར་ལས་རིམ་ མཇུག་བསྡུ་བའི་ཤུལ་ལས་ ཞབས་ཁྲ་རྐྱབ་ནིའི་སྦྱང་བ་ འབད་ནི་ཨིན་ཟེར་ཨིན་པས།
འབྲུག་བཱསི་ཀེཊི་བཱོལ་ཚོགས་སྡེ་གིས་ འགོ་འདྲེན་འཐབ་མི་ གནམ་དགུན་གྱི་ བཱསི་ཀེཊི་བཱོལ་སྦྱོང་བརྡར་ནང་ སློབ་ཕྲུག་༥༠ དེ་ཅིག་གིས་ བཅའ་མར་གཏོགས་དོ་ཡོདཔ་ད་ བདུན་ཕྲག་༢ འབད་མི་ ལས་རིམ་དེ་ནང་ སློབ་ཕྲུག་རེ་ལས་ འཛུལ་འཐུས་དངུལ་ཀྲམ་༥༠ རེ་ བསྡུ་ལེན་འབད་དོ་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ ཧཱར་མོ་ནི་ན་གཞོན་ཁས་བླངས་ཚོགས་པའི་ ཁས་བླངས་པ་༡༣༠ དེ་ཅིག་གིས་ སྤྱི་ཟླ་༡ པའི་ཚེས་༧ ལུ་ གཞལམ་སྒང་བུ་ལི་ལུ་སྦེ་ འགོ་དང་པ་ འགོ་འདྲེན་འཐབ་མི་ ཆེ་རིམ་ན་གཞོན་ལས་རིམ་ནང་ བཅའ་མར་གཏོགས་ཡོདཔ་ད་ ལས་རིམ་དེ་ རྒྱལ་ཁབ་ནང་ཡོད་པའི་ ན་གཞོན་ལྟེ་བ་༡༡ གིས་ འགོ་འདྲེན་འཐབ་ཡོད་པའི་གནས་ཚུལ།

ཚེ་རིང་རྣམ་རྒྱལ།

About admin

Check Also

ཝང་ལིང་གཡུས་ཚན་ནང་ ཆུ་གཡུར་ཉམས་བཅོས་འབད་མ་ཚུགས་མི་ལུ་བརྟེན་ ལྕང་ལཱ་རྐྱབ་མ་ཚུགས་པའི་དཀའ་ངལ།

༉ ཀྲོང་གསར་གླང་མཐིལ་རྒེད་འོག་ ཝང་ལིང་གཡུས་ཚན་གྱི་ མི་སེར་ཚུ་ ཆུ་གཡུར་ཉམས་བཅོས་འབད་མ་ཚུགས་མི་ལུ་བརྟེན་ ན་ཧིང་ འབྱ་ལཱ་རྐྱབ་མ་ཚུགས་པར་ལུས་ཡོདཔ་ད་ དུས་ཅི་ཡང་ ག་དེ་སྦེ་ འབྱ་ལཱ་རྐྱབ་ཚུགས་ག་ཟེར་ ཚ་གྱང་ལང་སྟེ་འདུག། ཆུ་གཡུར་དེ་ ལོ་གསུམ་གྱི་ཧེ་མར་ ས་རུད་ཆད་མི་ལུ་བརྟེན་ འཕྱགས་བདའ་ཡོདཔ་ཨིན་རུང་ …

Leave a Reply

Your email address will not be published. Required fields are marked *