རིག་འཛིན་བསྟན་འཛིན།

སློབ་ཕྲུག་༢ ཀྱིས་ ར་ཤི་ཡ་ལུ་ འཛམ་གླིང་ཨ་ལོའི་ལས་རིམ་ནང་གྲལ་གཏོགས།

༉ དགེ་ལེགས་ཕུག་ལས་ སྐྱེས་ལོ་༡༢ ལང་མི་ སློབ་ཕྲུག་རིག་འཛིན་བསྟན་འཛིན་དང་ སྤུ་ན་ཁ་ལོད་པའི་ས་འབྲིང་རིམ་སློབ་གྲྭ་འོག་མ་ལས་ སྐྱེས་ལོ་༡༢ ལང་མི་ ཀུན་ལེགས་བདེ་སྐྱིད་གཡང་འཛོམས་ཀྱིས་ ར་ཤི་ཡའི་རྒྱལ་ས་ མོསི་ཀོ་ལུ་ ཨེཕ་ཕོར་ཨེཕ་ཟེར་མི་ གཱཟ་པོ་རོམ་ཕུཊ་བཱོལ་མཐུན་འབྲེལ་ནང་ འབྲུག་ལས་ ན་གཞོན་ངོ་ཚབ་སྦེ་ བཅའ་མར་གཏོགས་ནི་ཨིན་པས།
ན་ཆུང་༢ འབྲུག་ལས་ སྤྱི་ཟླ་༦ པའི་ཚེས་༨ ལུ་ མོསི་ཀོ་ལུ་ འགྱོ་ནི་ཨིནམ་ད་ གཱཟ་པོ་རོམ་ཨེཕ་ཕོར་ཨེཕ་ལས་རིམ་ནང་ འཛམ་གླིང་རྒྱལ་ཁབ་༢༡༠ ལས་ ན་གཞོན་ཚུ་གིས་ ངོ་ཚབ་སྦེ་ གྲལ་གཏོགས་འབད་ནི་ཨིན་པས།

ཀུན་ལེགས་བདེ་སྐྱིད་གཡང་འཛོམས།

དེ་ཡང་ འཛམ་གླིང་ཨ་ལོའི་སྤྲོ་སྟོན་ལས་རིམ་ནང་ རིག་འཛིན་བསྟན་འཛིན་གྱིས་ འབྲུག་རྒྱལ་ཁབ་ལས་ ཕུཊ་བཱོལ་རྩེད་འགྲན་པ་ཅིག་སྦེ་ བཅའ་མར་གཏོགས་ནི་ཨིན་པས།
ཀུན་ལེགས་བདེ་སྐྱིད་གཡང་འཛོམས་ཀྱིས་ རྒྱལ་སྤྱི་ཨ་ལོའི་གསར་འགོད་ལྟེ་བ་ལས་ ལས་རིམ་དེ་གི་སྐོར་ གནས་ཚུལ་བསྡུ་བཀོད་འབད་མི་ བརྡ་བརྒྱུདཔ་ཅིག་གི་ འགན་ཁུར་འབག་ནི་ཨིན་པའི་གནས་ཚུལ།

About admin

Check Also

རྩི་རང་གི་ ས་གནས་གཞུང་གི་བཙག་འཐུའི་ནང ཁས་བླངས་གཙོ་བོ་ ཆུའི་དཀའ་ངལ་སེལ་ཐབས་འབད་ནི།

༉ རྩི་རང་སྟོད་ཀྱི་ ས་གནས་གཞུང་གི་འདེམས་ངོ་སྦེ་ གདམ་འཐུ་གྲུབ་མི་༡༡ ཡོདཔ་བཞིན་དུ་ ག་རང་གིས་ ཆུའི་དཀའ་ངལ་བསལ་ནི་ལུ་ གཙོ་རིམ་བཟུང་ཡོདཔ་མ་ཚད་ ཞིང་ཆུ་ལངམ་སྦེ་ མཁོ་སྤྲོད་འབད་ནི་ཨིན་པས། ཨིན་རུང་ ཚོགས་རྒྱན་བཙུགས་མི་ཚུ་གིས་འབད་བ་ཅིན་ ཧེ་མ་ཡང་ འདེམས་ངོ་ཚུ་ བཙག་འཐུ་གྲུབ་ཞིནམ་ལས་ …

Leave a Reply

Your email address will not be published. Required fields are marked *