དཔེ་དེབ་ལྷག་ནིའི་ ལས་རིམ་ཅིག་ནང་ གྲལ་གཏོགས་འབད་མི་ སློབ་ཕྲུག་ཚུ།

སློབ་ཕྲུག་༢༣༠ དེ་ཅིག་གིས་ དཔེ་དེབ་ལྷག་ནིའི་ ལས་རིམ་ནང་ གྲལ་གཏོགས་འབད་ཡོདཔ།

༉ སྤུ་ན་ཁ་དང་ ཐིམ་ཕུག་ ཧཱ་ དབང་འདུས་ཕོ་བྲང་ དེ་ལས་ བསམ་རྩེའི་སློབ་གྲྭ་ཚུ་ནང་ལས་ སློབ་ཕྲུག་༢༣༠ དེ་ཅིག་གིས་ སྤུ་ན་ཁ་ ལོད་སྦིས་ས་འབྲིང་རིམ་སློབ་གྲྭ་འོག་མའི་ནང་སྦེ་ དཔེ་དེབ་ལྷག་ནིའི་ ལས་རིམ་ཅིག་ནང་ གྲལ་གཏོགས་འབད་དོ་ཡོདཔ་ཨིན་པས།
ཉིན་གྲངས་༥ འི་རིང་ འགོ་འདྲེན་འཐབ་མི་ གནམ་བྱཱར་གྱི་ དཔེ་དེབ་ལྷག་ནིའི་ ལས་རིམ་དེ་ཡང་ ང་བཅས་དཔེ་དེབ་ལྷག་དོ་ཟེར་བའི་ བརྗོད་དོན་ཐོག་ལུ་ འགོ་འདྲེན་འཐབ་དོ་ཡོདཔ་ཨིན་པས།
དཔེ་དེབ་ལྷག་ནི་དེ་ སྤྲོ་སྣང་ཅན་བཟོ་ནིའི་ ལས་རིམ་དེ་ཡང་ ལོད་སྦིས་ས་འབྲིང་རིམ་སློབ་གྲྭ་འོག་མའི་ སློབ་དཔོན་ཚུ་གིས་ ཁས་བླངས་ཐོག་ལས་ འགོ་འདྲེན་འཐབ་དོ་ཡོདཔ་ཨིན་པས།
འགོ་འདྲེན་འཐབ་མི་ཚུ་གིས་ སླབ་མིའི་ནང་ ལས་རིམ་འགོ་འདྲེན་འཐབ་དགོ་མི་དེ་ཡང་ སློབ་ཕྲུག་ཚུ་ གནམ་བྱཱར་གྱི་ངལ་གསོ་སྐབས་ འབྲེལ་འཛིན་ཅན་སྦེ་ བཞག་ནི་དང་ འབྲུག་མི་ཚུ་གི་གྲངས་སུ་ དཔེ་དེབ་ལྷག་ནི་དེ་ སྒོམ་སྦྱང་ཅན་ བཟོ་ནིའི་དོན་ལུ་ ཨིན་ཟེར་ཨིན་པས།
ལས་རིམ་དེ་ སྤྱི་ཟླ་༧ པའི་ཚེས་༢༤ ལས་ འགོ་བཙུགས་ཡོདཔ་ཨིན་པས།


འགོ་འདྲེན་འཐབ་མི་ སྡེ་ཚན་དེ་གིས་ ན་ཧིང་ མོ་བཏབ་ཀྱི་དོན་ལུ་ ལས་རིམ་ཅིག་ འགོ་འདྲེན་འཐབ་པའི་སྐབས་ སློབ་ཕྲུག་ཚུ་ དཔེ་དེབ་ལྷག་ནི་ལུ་ སྤྲོ་བ་ཡོདཔ་སྦེ་ མཐོང་ཡོདཔ་ལས་ དུས་ཅི་ འགོ་འདྲེན་འཐབ་ཅི་ཟེར་ཨིན་པས།
དུས་ཅི་གི་ ལས་རིམ་ནང་ ལྷན་ཐབས་འབད་མི་ ཁས་བླངས་པ་༣༠ དེ་ཅིག་ཡོདཔ་ད་ སློབ་ཕྲུག་ཚུ་ཡང་ སློབ་རིམ་༤ པ་ལས་༨ པ་ཚུན་ཡོདཔ་བཞིན་དུ་ འཐུས་དངུལ་ཀྲམ་༢༥༠ རེ་ སྤྲོད་ཡོདཔ་ཨིན་པས།
ལས་རིམ་འགོ་འདྲེན་པ་དང་ བརྡ་བརྒྱུད་མགྲིན་ཚབ་ སློབ་གྲྭའི་སློབ་དཔོན་ བསོད་ནམས་ནོར་བུ་གིས་ སླབ་མིའི་ནང་ དཔེ་དེབ་ལྷག་ནིའི་སྒོམ་སྦྱང་ ཡར་དྲགགཏང་ནིའི་དོན་ལུ་ ཨིན་ཟེར་ཨིན་པས།
ལས་རིམ་དེ་གི་སྐབས་ལུ་ སློབ་ཕྲུག་ཚུ་གིས་ རང་སོ་གིས་དགའ་མི་ སྲུང་དང་ རྩོམ་ དེ་ལས་ ཞབས་ཁྲའི་ཚིག་ཚུ་ ལྷག་དོ་ཡོདཔ་ཨིན་པས།
ལས་རིམ་དེ་ ཨིང་ལིཤི་ལྷག་ནི་ རྐྱངམ་གཅིག་མེན་པར་ རྫོང་ཁའི་ མཁས་མཆོག་ཚུ་གིས་ རྫོང་ཁའི་བློ་ཟས་ཚུ་ཡང་ ལྷག་ནིའི་ལས་རིམ་སྦེ་ འགོ་འདྲེན་འཐབ་སྟེ་ ཡོད་ཟེར་ཨིན་པས།
བསོད་ནམས་ནོར་བུ་གིས་ བཤད་མིའི་ནང་ ལས་རིམ་དེ་ འགོ་འདྲེན་འཐབ་ནིའི་དོན་ལུ་ སྤུ་ན་ཁ་ རྫོང་ཁག་བདག་སྐྱོང་ལས་ མ་དངུལ་ དངུལ་ཀྲམ་༣༠,༠༠༠ དང་ འབྲུག་གོང་འཕེལ་དངུལ་ཁང་ལས་ དངུལ་ཀྲམ་༢༣,༠༠༠ དེ་ལས་ འབྲུག་གི་དངུལ་ཁང་དང་ ཕམ་ཚུ་ལས་ དངུལ་ཀྲམ་༡༠,༠༠༠ ཐོབ་སྟེ་ཡོད་ཟེར་ཨིན་པས།
མི་སྡེ་བརྡ་བརྒྱུད་ ཕེསི་བུག་གིས་ དཔེ་དེབ་ལྷག་ནིའི་ ལས་རིམ་སྐོར་ལས་ གོ་བརྡ་སྤེལ་ནི་ལུ་ ཕན་ཐོགས་སྦོམ་སྦེ་ར་ བྱུང་སྟེ་ཡོད་ཟེར་ བསོད་ནམས་ནོར་བུ་གིས་ སླབ་ཡོད་པའི་གནས་ཚུལ།

སྐད་སྒྱུར་ ཉི་མ་དབང་འདུས།

About admin

Check Also

བོང་ཟམ་ཚུན་ འཁོར་ལམ་བསལ་ཡོད་རུང་ ཟམ་མེདཔ།

༉ ཀྲོང་གསར་ ནུབ་སྦིས་རྒེད་འོག་ལྟེ་བ་ལས་ ཆུའི་ཕར་ཁ་དང་ ཚུར་ཁར་སྡོད་མི་ཚུ་ རྒེད་འོག་ལྟེ་བའི་ནང་འོང་པའི་སྐབས་ སྟབས་བདེ་ཏོག་ཏོ་བཟོ་ནིའི་དོན་ལུ་ བསྐོར་ལམ་མཐུད་སྦྲེལ་འབད་ནི་དེ་ བོང་ཟམ་ཚུན་ བསལ་ཡོདཔ་ཨིན་རུང་ མང་སྡེ་ཆུའི་གུ་ལས་ ཟམ་མེདཔ་ཨིན་པས། ཟམ་བཟོ་སྐྲུན་འབད་བའི་ཤུལ་ལས་ མང་སྡེ་ཕུག་དང་ ལྗོངས་ཐང་ …

Leave a Reply

Your email address will not be published. Required fields are marked *