བསོད་ནམས་ལས་སྐྱིད།

སློབ་དཔོན་བགྲེསཔ་ཅིག་གིས་ ནང་སྐོར་རྒེད་འོག་ལས་ ཚོགས་སྡེའི་འདེམས་ངོ་སྦེ་ ཐོན་ཡོདཔ།

༉ བསོད་ནམས་ལས་སྐྱིད་ཀྱིས་ ཁོ་རའི་རྫོང་ཁག་ གཞལམ་སྒང་ལུ་ ལོ་ངོ་བཅུ་ཕྲག་༡ དེ་ཅིག་ སློབ་དཔོན་སྦེ་ ཕྱག་ཞུ་ཡོད་པའི་ཁར་ ད་རེས་ འདེམས་ངོ་སྦེ་ཐོན་མི་ལུ་བརྟེན་ ལྷག་པར་དུ་ གཞལམ་སྒང་དང་ ཁེངས་རིགས་རྣམ་གསུམ་གྱི་ མི་སེར་ཚུ་ལུ་ ཕྱག་ཕྱིད་གང་དྲག་ ཞུ་ཚུགས་པའི་ རེ་བ་བསྐྱེདཔ་ཨིན་པས།
ནང་སྐོར་རྒེད་འོག་ ཚྭའི་མདངས་ལས་ ཨ་ལོ་༣ ཡོད་མི་ འདེམས་ངོ་དེ་གིས་ གིས་ འཆར་གཞི་ལེ་ཤ་བརྩམས་ཐོག་ལས་ དགོངསམ་ཞུ་ཡོདཔ་བཞིན་དུ་ འདེམས་ཁོངས་ཀྱི་ མི་ཚུ་གིས་ འཆར་གཞི་ཚུ་ འགྲུབ་ཐབས་ལུ་ བསྐྱར༌ཞིབ༌ཚོགས༌ ཁང༌གི༌ འདེམས་ངོ་སྦེ་ བཙག་འཐུ་འགྲུབ་པའི་ རེ་བ་བསྐྱེདཔ་ཨིན་པས།
བསོད་ནམས་ལས་སྐྱིད་ཀྱིས་ ད་རེས་ནངས་པར་ རྒེད་འོག་ཁག་ལས་ཕར་ སྒོ་བཤལ་རྐྱབ་སྟེ་ གོམས་འདྲིས་ལྟ་སྐོར་འབད་དོ་ཡོདཔ་ཨིན་པས།
འདེམས་ངོ་དེ་གིས་ གཞལམ་སྒང་རྫོང་ཁག་གི་ སློབ་གྲྭ་ཚུ་ལས་ ཤེས་ཡོན་མཐར་འཁྱོལ་བའི་ཤུལ་ལས་ སྤྱི་ལོ་༢༠༠༦ ལུ་ བསམ་རྩེ་ཤེས་རིག་སྤེལ་ཁང་ལས་ གསོ་རིག་དང་ རྫས་ཁམས་རིག་པའི་ཆོས་ཚན་ནང་ སློབ་དཔོན་སློབ་སྦྱོང་མཐར་འཁྱོལ་ནུག།
བསོད་ནམས་ལས་སྐྱིད་ཀྱིས་ ཡེ་སྦིས་ལབ་རྩ་སློབ་གྲྭ་ནང་ཡང་ སློབ་སྟོན་འབད་སྡོད་ཡོདཔ་བཞིན་དུ་ སྤྱི་ཟླ་༩ པའི་ནང་ སྤ་རོ་ འབྲུག་རྒྱལ་སློབ་གྲྭ་ལྟེ་བ་ལས་ འདེམས་ངོ་སྦེ་ ཐོན་ནི་ལུ་ དགོངས་ཞུ་འབད་ཡོདཔ་ད་ ཁོ་གིས་འབད་བ་ཅིན་ མི་སེར་ཚུ་ལུ་ གདམ་ཁ་བྱིན་ནི་དང་ མི་སེར་ལུ་ ཕྱག་ལེགས་ཤོམ་ཞུ་མི་ གདམ་འཐུ་འབད་ནིའི་དོན་ལུ་དམིགས་ཏེ་ འདེམས་ངོ་སྦེ་ ཐོན་ནི་ལུ་ ཐག་བཅད་ཅི་ཟེར་ཨིན་པས།
སློབ་དཔོན་བགྲེསཔ་དེ་གིས་ སླབ་མིའི་ནང་ བཅའ་ཁྲིམས་ཚུ་ བསྐྱར་ཞིབ་འབད་དེ་ ཡར་དྲག་གཏང་ནི་དང་ ཁོ་ར་ སློབ་དཔོན་གྱི་ ཉམས་མྱོང་ཡོད་མི་ལུ་བརྟེན་ ཤེས་རིག་དང་ ལྷག་པར་དུ་ བརྡ་དོན་ནང་ གཙོ་རིམ་བཟུང་ནི་ཨིན་ཟེར་ཨིན་པས།
དེ་མ་ཚད་ གཙོ་རིམ་གཞན་མི་དེ་ ན་གཞོན་ལཱ་གཡོག་མ་ཐོབ་པའི་ དཀའ་ངལ་དང་ ས་གནས་གཞུང་གི་ མི་མང་ཞབས་ཏོག་ཚུ མཁོ་སྤྲོད་འབད་ནི་དང་ མི་སྡེ་ནང་ ལྟ་བཤལ་ཡར་དྲག་གཏང་ནི་ དེ་ལས་ ས་ཆ་འཛིན་སྐྱོང་འབད་ནི་ལུ་ སེམས་་ཤུགས་བསྐྱེད་བཅུག་ནི་ཚུ་ཨིན་པས།
བསོད་ནམས་ལས་སྐྱིད་ཀྱིས་ སླབ་མིའི་ནང་ རྒྱལ་ཁབ་ནང་ གཞལམ་སྒང་དེ་ སོ་ནམ་ཐོན་སྐྱེད་ཚུ་ ཚོང་འབྲེལ་འཐབ་མ་ཚུགས་པའི་ རྫོང་ཁག་ཅིག་འབདཝ་ལས་ སོ་ནམ་ཐོན་སྐྱེད་ཚུ་ ཡར་དྲག་གཏང་དགོཔ་ འདུག་ཟེར་ཨིན་པས།
བསོད་ནམས་ལས་སྐྱིད་ཁོ་ར་ ཡེ་སྦིས་ལབ་རྩ་སློབ་གྲྭ་ནང་ སློབ་དཔོན་སྦེ་ སྡོད་པའི་སྐབས་ རྫོང་ཁག་གི་ རྒེད་འོག་མང་ཤོས་ཅིག་ནང་ འགྱོ་ནིའི་གོ་སྐབས་ཐོབ་མི་ལུ་བརྟེན་ རྒེད་འོག་རེ་རེ་བཞིན་དུ་གི་ གོང་འཕེལ་གྱི་དགོས་མཁོ་ཚུ་ ཤེས་རྟོགས་བྱུང་ཚུགས་ཅི་ཟེར་ ཨིན་པའི་གནས་ཚུལ།

སྐད་སྒྱུར་ ཨོ་རྒྱན་རྡོ་རྗེ།

About admin

Check Also

ཕུན་ཚོགས་གླིང་ལུ་ མི་མང་བརྟག་དཔྱད་ཐེངས་༣ པ་འབད་བའི་བསྒང་ཡོདཔ།

༉ ད་རེས་ནངས་པར་ ཕུན་ཚོགས་གླིང་ལུ་ ནད་ཡམས་ཀོ་བིཌ་-༡༩ ཐོབ་མི་ཡོད་མེད་ཀྱི་ མི་མང་བརྟག་དཔྱད་ཐེངས་༣ པ་དེ་ འགོ་བཙུགས་ཏེ་ཡོདཔ་བཞིན་དུ་ སྤྱི་ཟླ་༦ པའི་ཚེས་༡༠ ལས་ དཔག་བསམ་ཁ་དང་ ཨ་ལེ་-པད་དཀར་ཞིང་ཚུད་མི་ རྒྱ་ཁྱབ་ས་ཁོངས་༣ པ་ལས་ …

Leave a Reply

Your email address will not be published. Required fields are marked *