བསོད་ནམས་རྒྱ་མཚོ།

སློབ་དཔོན་བགྲེསཔ་ཅིག་གིས་ བསམ་རྩེ་ལས་ རྒྱལ་ཡོངས་ཚོགས་སྡེའི་བཙག་འཐུ་ནང་ དོ་འགྲན་འབད་ནི།

༉ ལོ་ངོ་༣༠ འི་རིང་ ཤེས་རིག་ལས་སྡེ་ནང་ ལཱ་འབད་སྡོད་མི་ བསོད་ནམས་རྒྱ་མཚོ་གིས་ སྤྱི་ལོ་༢༠༡༨ ཀྱི་ རྒྱལ་ཡོངས་ཚོགས་སྡེའི་བཙག་འཐུ་ནང་ འདེམས་ངོ་སྦེ་ དོ་འགྲན་འབད་ནི་ལུ་ ཐོ་བཀོད་འབད་ཡོདཔ་ཨིན་པས།
སྐྱེས་ལོ་༥༣ ལང་མི་ འདེམས་ངོ་དེ་ བསམ་རྩེ་ ནོར་བུ་གླིང་ལས་ཨིནམ་ད་ བཙག་འཐུ་ལས་གྲུབ་པའི་ འགོ་ཁྲིདཔ་ཚུ་ལུ་ རྒྱལ་ཁབ་ཡར་རྒྱས་གཏང་ནི་ལུ་ གལ་གནད་ཆེ་བའི་ འགན་འཁྲི་ཡོད་པའི་ ཡིད་ཆེས་ཡོད་མི་ལུ་བརྟེན་ དོ་འགྲན་འབད་ནི་ལུ་ ཐག་བཅད་ཅི་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ རྒྱལ་ཁབ་ནང་ སྲིད་དོན་དང་ མི་སྡེ་དཔལ་འབྱོར་གྱི་ གནད་དོན་ལེ་ཤ་ཡོདཔ་ལས་ ཁྲིམས་དང་ སྲིད་བྱུས་ཚུ་ སྒྲིང་སྒྲི་བཟོ་དགོཔ་འདུག་ཟེར་ཨིནམ་ད་ བསོད་ནམས་རྒྱ་མཚོ་གིས་ བསམ་རྩེ་ཅེང་མ་རི་དང་ རྡོ་རོ་ཁ་ སིབ་སུ་རྒེད་འོག་ཚུ་ནང་ སློབ་དཔོན་དང་ དབུ་འཛིན་ དེ་ལས་ རྫོང་ཁག་ཤེས་རིག་འགོ་དཔོན་ལས་རོགསཔ་སྦེ་ ཕྱག་ཞུ་ནུག།
སློབ་དཔོན་འགྲེཔས་གིས་འབད་བ་ཅིན་ བསམ་རྩེ་རྫོང་ཁག་གི་ མི་སེར་གྱི་དཀའ་ངལ་ཚུ་ ལེགས་ཤོམ་སྦེ་ར་ ཤེས་རྟོགས་བྱུང་ཡོདཔ་ལས་ ཁོ་ར་ མི་སེར་ཚུ་ལུ་ འཇོན་ཐངས་ཅན་གྱི་ འཐུས་མི་འབད་ནིའི་ འོས་འབབ་མཐོང་ཡི་ཟེར་ཨིནམ་ད་ ཁོ་གིས་ རྒྱལཔོ་དང་ མི་སེར་ དེ་ལས་ རྒྱལ་ཁབ་ནང་ ཁོ་རའི་ ལྕོགས་གྲུབ་དང་འཁྲིལ་ཏེ་ ཕྱག་ཕྱིད་གང་དྲག་ ཞུ་ནི་ལུ་ ཁས་བླངས་འབད་ཡོདཔ་ཨིན་པས།
འདེམས་ངོ་དེ་ལུ་ ཌེན་མཱག་གི་ ཨ་རུསི་གཙུག་ལག་སློབ་སྡེ་ལས་ སྲིད་བྱུས་དང་ འཛིན་སྐྱོང་ནང་ མཐོ་རིམ་གོང་མའི་ ཤེས་ཚད་ཡོད་པའི་ཁར་ ཨཱསི་ཊེ་ལི་ཡ་ ཏའི་མ་ནི་ཡ་གཙུག་ལག་སློབ་སྡེ་ལས་ ཤེས་རིག་གི་ ཞིབ་འཚོལ་ནང་ མཐོ་རིམ་གོང་མའི་ ཤེས་ཚད་ཡོདཔ་བཞིན་དུ་ སློབ་དཔོན་སློབ་སྦྱོང་དེ་ བསམ་རྩེ་རྒྱལ་ཡོངས་ཤེས་རིག་སྦྱོང་བརྡར་སྤེལ་ཁང་ལས་ མཐར་འཁྱོལ་ནུག།
བསོད་ནམས་རྒྱ་མཚོ་གིས་ རྒྱལ་ཡོངས་ཚོགས་སྡེའི་ དྲུང་ཆེན་ཡིག་ཚང་གི་ བདག་སྐྱོང་དང་ དངུལ་རྩིས་ལས་སྡེའི་གོངམ་སྦེ་ ཕྱག་ཞུ་ཡོདཔ་ལས་ ཚོགས་སྡེ་གི་ བྱ་སྒོའི་ལམ་ལུགས་དང་ འགན་འཁྲི་ཚུ་ ལེགས་ཤོམ་སྦེ་ར་ ཧ་གོ་སྟེ་ཡོད་ཟེར་ བཤདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ མི་སྡེ་དཔལ་འབྱོར་ཡར་དྲག་གཏང་ནི་དང་ ན་གཞོན་ལཱ་གཡོག་མ་འཐོབ་པའི་ གནད་དོན་དང་འབྲེལ་བའི་དཀའ་ངལ་ དེ་ལས་ ལུང་ཕྱོགས་ལྟ་བཤལ་ གོང་འཕེལ་གཏང་ནི་ལུ་ གཙོ་རིམ་བཟུང་ནི་ཨིན་ཟེར་ཨིནམ་ད་ མི་སྡེའི་གྲལ་གཏོགས་དང་ རྫོང་ཁག་དང་ རྒེད་འོག་གི་ མི་སེར་ཚུ་གི་ གནད་དོན་ག་ཅི་ར་ཨིན་རུང་ གུས་ཞབས་དང་ བརྩི་བཀུར་ཡོད་ཟེར་ཨིན་པས།
དེ་མ་ཚད་ བསོད་ནམས་རྒྱ་མཚོ་གིས་ གཞུང་ལྟེ་བ་དང་ ས་གནས་གཞུང་ དེ་ལས་ སྒེར་སྡེ་ཚུ་དང་གཅིག་ཁར་ གྲོས་སྟོན་དང་ མཉམ་འབྲེལ་ཐོག་ལས་ ལཱ་འབད་ནི་ཨིན་ཟེར་ སླབ་པའི་གནས་ཚུལ།

སྐད་སྒྱུར་ ཨོ་རྒྱན་རྡོ་རྗེ།

 

 

 

About admin

Check Also

མོང་སྒར་ལུ་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་ མཐར་འཁྱོལ་བྱུང་ཡོདཔ།

༉ དུས་ཅི་ མོང་སྒར་ལུ་ མོ་བཏབ་ཀྱི་དོན་ལས་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་འབད་མི་དེ་ མཐར་འཁྱོལ་བྱུང་ཡོདཔ་ཨིན་པས། དེ་ཡང་ ལས་རིམ་དེ་གི་འོག་ལུ་ རྫོང་ཁག་གི་ ས་གནས་ཁག་དག་པ་ཅིག་ནང་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་འབད་མིའི་གྲས་ལས་ ཙ་ཀ་གླིང་རྒེད་འོག་ གཏོར་མ་གཞོང་སྤྱི་འོག་གི་ སོ་ནམ་པ་སྡེ་ཚན་ཅིག་གིས་ ས་གནས་གླི་ཏི་གཞོང་ཟེར་སར་ …

Leave a Reply

Your email address will not be published. Required fields are marked *