སློབ་དཔོན་ཅིག་གིས་ སྐྱེས་ལོ་༦ ལང་མི་བུམོ་ཅུང་དྲངས་ཡོདཔ།

༉ བསམ་རྩེ་ནོར་བུ་སྒང་རྒེད་འོག་ དི་ཕུ་ཇོ་ར་རྒྱ་སྐྱེད་སློབ་ཁང་ལྟེ་བའི་ནང་ སློབ་རིམ་དང་པའི་ སློབ་ཕྲུག་བུམོ་ སྐྱེས་ལོ་༦ ལང་མི་དེ་ སྤྱི་ཟླ་༤ པའི་ཚེས་༦ གི་ཉིན་མར་ མོ་རའི་སློབ་དཔོན་གྱིས་ དྲངས་ཡོདཔ་ཨིན་པས།

བྱུང་རྐྱེན་དེ་ཡང་ ཉིན་མའི་ཆུ་ཚོད་༢ དེ་ཅིག་ཁར་ དུས་ཐེབས་སློབ་སྟོན་འབད་བའི་སྐབས་ལུ་ བྱུང་ཡོདཔ་ད་ ཉམས་རྒུདཔ་བུམོ་དེ་ དི་པུ་ཇོ་ར་བི་གཡུས་ཚན་ལས་ཨིན་པས།

གནད་དོན་དེ་ ཁ་ཙ་ ཁྲིམས་སྲུང་འགག་སྡེ་ནང་ ལྷོད་པའི་ཤུལ་ལས་ བདེ་སྒྲིག་ཐོག་ བསལ་ཡོདཔ་ཨིན་པས།

བུམོ་དེ་གི་ ཨ་པ་གིས་ སླབ་མིའི་ནང་ བྱུང་རྐྱེན་གྱི་སྐོར་ལས་ ཁོ་ར་ ལཱ་ས་ལས་ ཁྱིམ་ནང་ལོག་ལྷོདཔ་ད་རྐྱངམ་གཅིག་ ཤེས་རྟོགས་བྱུང་ཡི་ཟེར་ཨིནམ་ད་ བུམོ་དེ་ དྲན་མེད་བརྒྱལ་ཡོད་པའི་སྐོར་ བུམོ་རོགས་ཚུ་གིས་ ཁོ་རའི་གནས་ཚང་ལུ་ སླབ་ནུག་ཟེར་ཨིན་པས།

བུམོ་དྲངས་ཡོད་པའི་སྐོར་ ཁ་ཙ་ཉིན་མར་ རྒེད་འོག་ཡིག་ཚང་ལུ་ སྙན་ཞུ་འབད་བའི་ཤུལ་ལས་ ཁྲིམས་སྲུང་འགག་སྡེ་འབད་སར་ བཏང་ཡོདཔ་ཨིན་པས།

བུམོ་དེ་གི་ ཨ་པ་གིས་འབད་བ་ཅིན་ གནད་དོན་དེ་ རྩ་ཕན་ཚུ་གི་བར་ན་ མོས་མཐུན་ཐོག་ལས་ བསལ་ཡོདཔ་བཞིན་དུ་ སློབ་དཔོན་གྱིས་ཡང་ ཁྲིམས་སྲུང་འགག་པ་ལུ་ ངག་བརྗོད་བྱིན་ཡི་ཟེར་ཨིན་པའི་གནས་ཚུལ།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *