སྲུང་སྐྱོབ་ས་ཁོངས་ཚུ་གི་དོན་ལུ་ ལོ་རེ་ལུ་ མ་དངུལ་ས་ཡ་༣༢.༥༠༠ འཛིན་གྲོལ་འབད་ནི།

༉ ད་རིས་ ཐིམ་ཕུག་ལུ་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་དང་ འབྲུག་རང་བཞིན་གནས་སྟངས་ཉམས་སྲུང་བློ་གཏད་མ་དངུལ་༢ ཀྱི་བར་ན་ གྲོགས་རམ་མ་དངུལ་ ཡུ་ཨེསི་ཌོ་ལར་ས་ཡ་༧ ཚུན་འབད་མིའི་ གོ་བརྡའི་ཆིངས་ཡིག་གུ་ མཚན་རྟགས་བཀོད་ནི་ཨིན་པས།
མ་དངུལ་དེ་ཡང་ བྷུ་ཊཱན་ཕོར་ལ་ཡེཕ་ཟེར་ འབྲུག་རིགས་དྭགས་དང་ མཐའ་འཁོར་སྲུང་སྐྱོབ་ཀྱི་དོན་ལུ་ འབྲུག་གི་ སྲུང་སྐྱོབ་ས་ཁོངས་ཚུ་ནང་ གཏན་འཇགས་སྲུང་སྐྱོབ་ལས་འགུལ་གྱི་ མ་དངུལ་གྲོགས་རམ་སྦེ་ འབྲུག་རང་བཞིན་གནས་སྟངས་ཉམས་སྲུང་བློ་གཏད་མ་དངུལ་གྱིས་ བྱིན་ནི་ཨིན་པས།
མ་དངུལ་དེ་ཡང་ འབྲུག་གཞུང་ལུ་ ལོ་༡༤ གི་རིང་ རྒྱབ་སྐྱོར་འབད་འོང་ཟེར་ འབྲུག་རང་བཞིན་གནས་སྟངས་ཉམས་སྲུང་བློ་གཏད་མ་དངུལ་ཡིག་ཚང་ལས་ གནས་ཚུར་གསར་བཏོན་ནང་བཀོད་ནུག།
ཡིག་ཚང་དེ་གིས་ ལས་འགུལ་མཉམ་འབྲེལ་སྡེ་ཕྲན་གྱི་ ལོ་བསྟར་ལས་སྣའི་འཆར་གཞི་ཚུ་ གྲ་སྒྲིག་འབད་དེ་ བཙུགས་མི་དང་འཁྲིལ་ ལོ་བསྟར་བཞིན་དུ་ མ་དངུལ་ས་ཡ་༣༢.༥༠༠ རེ་ འཛིན་གྲོལ་འབད་ནི་ཨིན་པས།
ད་རིས་ གོ་བརྡའི་ཆིངས་ཡིག་གུ་ མཚན་རྟགས་བཀོད་མི་དང་འཁྲིལ་ གོ་རིམ་དང་པའི་ནང་ འབྲུག་གཞུང་ལུ་ དངུལ་ཀྲམ་ས་ཡ་༣༢.༥༠༠ འཛིན་གྲོལ་འབད་ནི་ཨིནམ་ད་ ལས་སྣ་ཚུ་ཡང་ དུས་ཅི་ སྤྱི་ཟླ་༧ པའི་ཚེས་༡ ལས་ སྤྱི་ལོ་༢༠༢༠ ཟླ་༧ པའི་ཚེས་༣༡ ཚུན་ ལག་ལེན་འཐབ་ནི་ཨིན་པས།
མ་དངུལ་དེ་ཡང་ སྲུང་སྐྱོབ་ས་ཁོངས་དང་ དེ་གི་བར་ལམ་ཚུ་ནང་ ལག་ལེན་འཐབ་ནི་ ཨིན་པའི་གནས་ཚུལ།

 

ཨོ་རྒྱན་རྡོ་རྗེ།

 

About admin

Check Also

ཟ་ཆས་ཉེན་སྲུང་ཆོག་ཐམ་མེད་པར་ ཀེ་བ་དོས་འབག་མི་ཊག་ རྒྱ་གར་ལུ་ བཀག་བཞག་ཡོདཔ།

༉ རྒྱ་གར་གྱི་ ཅ་དམ་འགོ་དཔོན་ཚུ་གིས་ ཟ་ཆས་ཉེན་སྲུང་གི་ ཆོག་ཐམ་མེད་པར་ ཀེ་བ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊག་ཚུ་ བཀག་བཟུང་འབད་དོ་ཡོདཔ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ ཀེ་བ་ཕྱིར་ཚོང་འཐབ་མི་དང་ རིན་བསྡུར་འབད་མི་ཚུ་ལུ་ ཀེ་བ་ཕྱིར་ཚོང་འཐབ་ནིའི་ནང་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས། ཀུན་དགའ་དོན་གྲུབ་ནང་འདྲེན་དང་ ཕྱིར་ཚོང་གི་ཇོ་བདག་ …

Leave a Reply

Your email address will not be published. Required fields are marked *