སྲས་ཕུགཔ་ཚུ་གིས་ འབྲུག་གོང་འཕེལ་དངུལ་ཁང་དེ་ རྒེད་འོག་ས་ཁོངས་ནང་དགོ་པའི་ཞུ་བ།

༉ སྲས་ཕུག་རྒེད་འོག་གི་ མི་སེར་ཚུ་གིས་ དངུལ་ཁང་གི་ ཞབས་ཏོག་དེ་ སྒང་སྟེང་ཡན་ལག་ཡིག་ཚང་ལས་མེན་པར་ ནོརབུ་སྡིང་ཡིག་ཚང་ནང་ལས་ ཐོབ་ཚུགསཔ་སྦེ་ བཟོ་གནང་ཟེར་ དབང་འདུས་ཕོ་བྲང་ འབྲུག་གོང་འཕེལ་དངུལ་ཁང་གི་ ཡན་ལག་ཡིག་ཚང་ནང་ ཞུ་བ་ འབད་ཡོདཔ་ཨིན་པས།

ཧེ་མ་འབད་བ་ཅིན་ སྲས་ཕུག་གི་ མི་སེར་ཚུ་གིས་ དངུལ་ཁང་གི་ ཞབས་ཏོག་དེ་ ནོརབུ་སྡིང་ལས་ ལེན་དོ་ཡོདཔ་ཨིན་པས།

དབང་འདུས་- ཀྲོང་གསར་གཞུང་ལམ་བདའ་སྟེ་ ནོརབུ་སྡིང་ལུ་ཡོད་མི་ འབྲུག་གོང་འཕེལ་དངུལ་ཁང་དེ་ སྒང་སྟེང་དང་ རྒེད་འོག་ས་ཁོངས་ཡིག་ཚང་དེ་ ནོརབུ་སྡིང་ལུ་ སྤོ་བཤུད་འབད་བའི་སྐབས་ མི་སེར་ཚུ་གིས་ དངུལ་ཁང་གི་ ཞབས་ཏོག་དེ་ སྒང་སྟེང་ལས་ ལེན་དགོཔ་སྦེ་ སླབ་ཡོདཔ་ཨིན་པས།

དེ་བཟུམ་མའི་ གྲོས་ཆོད་དེ་ དྭངས་ཆུ་དང་ སྲས་ཕུག་རྒེད་འོག་གི་ མི་སེར་ཚུ་ལུ་ གསལ་བསྒྲགས་མ་འབད་བར་ བྱུང་བྱུངམ་ཨིན་པས།

ཡིག་ཚང་ཚུ་ སྤྱི་ཟླ་༤ པའི་ནང་ སྤོ་བཤུད་འབད་བའི་ཤུལ་ལུ་ གནད་དོན་དེ་ སྤྱི་ཟླ་༤ པའི་ཚེས་༣༠ ལུ་འཚོགས་མིའི་ རྫོང་ཁག་ཚོགས་འདུ་ནང་ གྲོས་བསྡུར་འབད་ཡོདཔ་ཨིན་པས།

སྲས་ཕུག་དམངས་མི་ རིན་ཆེན་མཁའ་འགྲོ་དང་འཁྲིལཝ་ད་ སྲས་ཕུག་གི་ མི་སེར་ཚུ་གིས་ དངུལ་ཁང་གི་ ཞབས་ཏོག་དེ་ སྒང་སྟེང་ལས་མེན་པར་ ནོརབུ་སྡིང་ལས་ལེན་པ་ཅིན་ སྟབས་བདེ་ནི་མས་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ ནོརབུ་སྡིང་དེ་ གཞུང་ལམ་ཁར་ཡོད་ནི་དེ་གིས་ ཞབས་ཏོག་ལེན་པ་འགྱོ་རུང་ སྣུམ་འཁོར་གྱི་དཀའ་ངལ་མེདཔ་ད་ གལ་སྲིད་ སྒང་སྟེང་ལུ་འགྱོ་བ་ཅིན་ སྣུམ་འཁོར་གྱི་ དཀའ་ངལ་ཡོདཔ་མ་ཚད་ གླ་འཁོར་གྱི་ གླ་ཆ་ཡང་  སྦོམ་སྤྲོད་དགོ་ཟེར་ཨིན་པས།

སྲས་ཕུག་ཚོགས་པ་ཡང་ ནོརབུ་སྡིང་ལུ་ ཡོད་པའི་ཡིག་ཚང་དེ་ སྒང་སྟེང་ལུ་ སྤོ་བཤུད་འབད་བའི་སྐོར་ ཤེས་རྟོགས་མེདཔ་ལས་ ཞབས་ཏོག་ལེན་པར་ ནོརབུ་སྡིང་ལུ་ སོང་ནུག་ཟེར་ རིན་ཆེན་མཁའ་འགྲོ་གིས་ བཤདཔ་ཨིན་པས།

དེ་བཟུམ་མའི་ ཚ་གྱང་ཡོད་ལུགས་དེ་ དྭངས་ཆུ་རྒེད་འོག་གི་ འགོ་དཔོན་ཚུ་གིས་ ཞུ་བ་འབད་ཡོདཔ་ད་ སྒང་སྟེང་གི་འབྲུག་གོང་འཕེལ་གྱི་ ཡན་ལག་ཡིག་ཚང་གི་ འཛིན་སྐྱོང་འགོ་དཔོན་ འཕྲིན་ལས་རྣམ་རྒྱལ་གིས་ སླབ་མིའི་ནང་ ནོརབུ་སྡིང་ས་ཁོངས་ཡིག་ཚང་དང་ ཡན་ལག་ཡིག་ཚང་ བརྗེ་སོར་འབད་མི་དེ་ སྒང་སྟེང་དང་ ཕོབ་སྦྱིས་ཁ་ལུ་ ཚོང་མགྲོན་པ་ ལེ་ཤ་ཡོད་མི་ལུ་བརྟེན་ཨིན་ཟེར་ཨིན་པས།

ཧེ་མ་ ནོརབུ་སྡིང་ས་ཁོངས་ཡིག་ཚང་གིས་ ཞབས་ཏོག་ཚུ་ སྒང་སྟེང་དང་ ཕོབ་སྦྱིས་ཁ་གི་ མི་སེར་དང་ ཡན་ལག་ཡིག་ཚང་གིས་ སྲས་ཕུག་དང་ དྭངས་ཆུ་གི་ མི་སེར་ཚུ་ལུ་ བྱིན་ཡོདཔ་ཨིན་པས།

འཕྲིན་ལས་རྣམ་རྒྱལ་གྱིས་ སླབ་མིའི་ནང་ མ་གཞི་ ནོརབུ་སྡིང་ས་ཁོངས་ཡིག་ཚང་དང་ ཡན་ལག་ཡིག་ཚང་༢ བརྗེ་སོར་འབད་ཡོད་རུང་ ཞབས་ཏོག་ནང་ ཁྱད་པར་དེ་ཅིག་ར་ མེད་ཟེར་ཨིནམ་ད་ ཡིག་ཚང་༢ ཡང་ ལས་བྱེད་པའི་ གྱངས་ཁ་དང་འཁྲིལ་ཏེ་ བརྗེ་སོར་འབད་ཡི་ཟེར་ཨིན་པས།

ནོརབུ་སྡིང་ས་ཁོངས་ཡིག་ཚང་ནང་ ལས་བྱེདཔ་༣ དང་ ཡན་ལག་ཡིག་ཚང་ནང་ ལས་བྱེདཔ་༦ ཡོདཔ་ཨིན་པས།

འཛིན་སྐྱོང་འགོ་དཔོན་གྱིས་ སླབ་མིའི་ནང་ སྲས་ཕུག་གི་ མི་སེར་ཚུ་གིས་ དངུལ་ཁང་ནང་ ཞབས་ཏོག་ཚུ་ ནོརབུ་སྡིང་ལས་ ལེན་ནི་སྦེ་སླབ་མི་ལུ་ འོས་འབབ་འདུག་ཟེར་ཨིནམ་ད་ གནད་དོན་དེ་ འཛིན་སྐྱོང་དང་ གྲོས་བསྟུན་འབད་འོང་ཟེར་ ཨིན་པའི་གནས་ཚུལ།

སྐད་སྒྱུར་ ཨོ་རྒྱན་རྡོ་རྗེ།

About admin

Check Also

རང་འབྱུང་ལུ་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་ གནང་པའི་བསྒང་ཡོདཔ།

༉ བཀྲིས་སྒང་ རང་འབྱུང་འོད་གསལ་ཆོས་གླིང་དགོན་པ་ལུ་ གདུང་སྲས་ དགའ་རབ་རིན་པོ་ཆེ་མཆོག་གིས་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་གནང་སར་ ཤར་ཕྱོགས་རྫོང་ཁག་དང་ ས་གནས་སོ་སོ་ལས་ དད་ཅན་སྐྱ་སེར་ཕོ་མོ་༡༠,༠༠༠ ལྷགཔ་ཅིག་འཛོམས་ནུག། གསུང་འབུམ་པོ་ཏི་༢༡ འབད་མིའི་ལྗགས་ལུང་དེ་ ཉིན་བསྟར་བཞིན་དུ་ དྲོ་པ་ཆུ་ཚོད་༨ …

Leave a Reply

Your email address will not be published. Required fields are marked *