༉ ཁྲིམས་འདུན་ཁག་ཚུ་ལས་གནང་བའི་ འཁྲུན་ཆོད་ཚུ་ནང་ སྨྱོ་རྫས་ཨེསི་པི་པ་ལསི་(SP+) རྫས་སྦྱོར་ཊཱ་མ་ཌཱོལ་ཟེར་ ཚུད་ཡོད་མི་ཚུ་ བཀག་དམ་ཅན་གྱི་ ཐོ་ནང་ཚུད་ཡོད་པའི་ སྨྱོ་རྫས་ཨེསི་པི་འབད་ཚུད་དེ་ ཉེས་ཁྲིམས་ཕོག་མི་ཚུ་གིས་ ཁྲིམས་འཐུས་བཏབ་འདོད་ཡོད་པ་ཅིན་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་དང་ ཁྲིམས་སྲུང་འགག་སྡེ་གིས་ བདེན་སྦྱོར་འབད་དེ་ ངོས་ལེན་འབད་དགོཔ་ཨིན་པས།
དེ་ཡང་ སྤྱི་ཟླ་༨ པའི་ཚེས་༡༦ ལུ་ མངོན་མཐོ་ཁྲིམས་འདུན་ཀྱིས་ ཁྱབ་བསྒྲགས་ཁ་སྐོང་ཅིག་ གནང་མི་དང་འཁྲིལ་ཏེ་ཨིན་པས།
སྤྱི་ཟླ་༧ པའི་ཚེས་༢༦ ལུ་ མངོན་མཐོ་ཁྲིམས་འདུན་གྱིས་ སྨྱོ་རྫས་ཨེསི་པི་པ་ལཱསི་ འཆང་སྤྱོད་འབད་མི་དང་ ནག་ཚོང་འཐབ་མི་ལུ་བརྟེན་ མི་གྲང་༥༥༤ དོ་དོམ་འོག་ལུ་ བཞག་མི་ཚུ་ ཁྲིམས་འཐུས་བཏབ་ཆོག་པའི་ འཁྲུན་ཆོད་གནང་ཡོདཔ་ད་ ཤུལ་ལས་ ཉེས་ཁྲིམས་ཕོག་མི་ གཞན་ཚུ་གིས་ཡང་ སྨྱོ་རྫས་ཨེསི་པི་པ་ལཱསི་ འཆང་སྤྱོད་འབད་ཡོད་རུང་ ཨེསི་པི་གྲངས་སུ་བཙུགས་ཏེ་ བཙོན་ཁྲིམས་བཀལ་ཡོདཔ་སྦེ་ ཉོགས་བཤད་བཀོད་མི་ལུ་བརྟེན་ ད་རེས་ ཁྱབ་བསྒྲགས་ཁ་སྐོང་གནང་ཡོད་པའི་གནས་ཚུལ།
Check Also
དངུལ་ཁང་ཚུ་གིས་ རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ ཆ་མེད་བཏང་དོ་ཡོདཔ།
༉ ལྟ་བཤལཔ་ཚུ་གིས་ ཚར་ལེ་ཤ་ཅིག་ཁར་ འབྲུག་ལུ་ རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ཐོག་ལས་ སྐྱོད་ཐམ་དང་ ཡུན་བརྟན་གོང་འཕེལ་གྱི་འཐུས་ བཏབ་ནིའི་དོན་ལུ་ དཔའ་བཅམ་ཡོད་རུང་ བརྗེ་སོར་འབད་མི་བཏུབ་དོ་ཡོདཔ་ལས་ ལྟ་བཤལཔ་ཚུ་ རྣམ་རྟོག་ལང་རུང་ འབད་ཐབས་གཞན་མེདཔ་ཨིན་པས། རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ཐོག་ལས་ དངུལ་བརྒྱ་ཆ་༥༠ …