སྨྱོ་རྫས་སྤྱོད་པའི་ བརྟག་དཔྱད་གྲུབ་འབྲས་ཐོན་མི་༢ ལས་༡ གིས་ སྨན་བཅོས་ཡིག་ཆ་བཏོན་ཡོདཔ།

༉ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱིས་ འདས་པའི་ཟླཝ་ནང་ ཞི་གཡོག་ཆོས་རྒྱུགས་མཐར་འཁྱོལ་མི་༣༨༥ ཞི་གཡོག་ཚུ་ནང་ གསར་བཙུགས་འབད་ནིའི་དོན་ལུ་ སྨྱོ་རྫས་བརྟག་དཔྱད་འབད་བའི་སྐབས་ མི་ངོམ་༢ ཀྱིས་ སྨྱོ་རྫས་སྤྱོད་ཡོད་པའི་ ངོས་འཛིན་བྱུང་མིའི་གྲས་ལས་༡ གིས་ ཁོ་ར་ སྨན་བཅོས་འབད་དོ་ཡོད་པའི་ སྒྲུབ་བྱེད་ཚུ་བཏོན་ཡོད་རུང་ གཞན་མི་དེ་ སང་ཕོད་ལོག་སྟེ་ར་ ཞི་གཡོག་ནང་ འཛུལ་འདོད་ཡོད་པ་ཅིན་ སྔོན་འགྲོའི་ཆོས་རྒྱུགས་ལས་ འགོ་བཙུགས་ཏེ་ ལོག་རྐྱབ་དགོཔ་ཨིན་པས།
རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ མི་སྟོབས་འགོ་དཔོན་ འཇིགས་མེད་ནོར་བུ་གིས་ སླབ་མིའི་ནང་ ན་གཞོན་༡ གིས་ ཁོ་ར་ སྨན་བཅོས་འབད་དོ་ཡོད་པའི་ སྨན་ཁང་གི་ཡིག་ཆ་དང་ ཌོག་ཊར་ལས་ སྨན་བཅོས་ཡིག་ཆ་ཚུ་ག་ར་ བཏོན་ཡོདཔ་ལས་ ལྷན་ཚོགས་ཀྱིས་ ངོས་ལེན་འབད་ཡི་ཟེར་ཨིན་པས།
ཨིན་རུང་ གཞན་མི་དེ་གིས་ ལྷན་ཚོགས་ལུ་ སྙན་ཞུ་མ་འབད་བའི་ཁར་ སྨན་ཁང་གི་ འབྲེལ་ཡོད་ཡིག་ཆ་ཚུ་ ག་ཅི་ཡང་ བཏོན་ནི་མེདཔ་ལས་ ཞི་གཡོག་ནང་ འཛུལ་ཞུགས་འབད་ནི་ལས་ ཆ་མེད་བཏངམ་མ་ཚད་ ཁོ་གི་ཚབ་སྦེ་ ཤུལ་ལས་ག་ཨིན་མི་ མི་ངོམ་དེ་ བཙུགས་ནི་ཨིན་ཟེར་ཨིན་པས།
ལྷན་ཚོགས་ཀྱི་ འགོ་དཔོན་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ སྨྱོ་རྫས་ཀྱི་དོན་ལུ་ བརྟག་དཔྱད་འབད་མི་ཚུ་ ག་དེམ་ཅིག་སྦེ་ སྨྱོ་རྫས་སྤྱོད་ཡོདཔ་སྦེ་ འཐོན་སོ་པ་ཅིན་ ཁོང་ར་ མཐོ་གཏུགས་འབད་ཆོགཔ་མ་ཚད་ ག་དེམ་ཅིག་སྦེ་ སྨན་བཅོས་འབད་དེ་ཨིན་པ་ཅིན་ སྨན་ཁང་གི་ཡིག་ཆ་ཚུ་ འབག་འོང་སྟེ་ ལོག་བརྟག་དཔྱད་འབད་ཆོག་ཟེར་ཨིན་པས།
ཨིན་རུང་ ལྷན་ཚོགས་ཀྱིས་ ན་གཞོན་ཚུ་གི་ མིང་གཏམ་ལུ་ ཐོ་ཕོག་ནི་ཨིནམ་ལས་ ངོ་སྤྲོད་གསལ་སྟོན་འབད་ནི་ལས་ འཛེམ་ཡོདཔ་ཨིན་པས།
འགོ་དཔོན་ཚུ་གིས་ བཤད་མི་དང་འཁྲིལཝ་ད་ དེ་བཟུམ་མའི་ བརྟག་དཔྱད་འབད་དགོ་མི་དེ་ཡང་ མ་འོངས་པར་ གཞུང་གཡོག་ནང་ སྨྱོ་རྫས་སྤྱོད་མི་མེདཔ་བཟོ་ནི་དང་ སྨྱོ་རྫས་སྤྱོད་ནི་ལས་ བཀག་ཐབས་འབད་ནིའི་དོན་ལུ་ ཨིན་ཟེར་ཨིན་པས།
འབྲུག་སྨྱོ་རྫས་བདག་འཛིན་དབང་འཛིན་གྱི་ འགོ་དཔོན་ཚུ་གིས་འབད་བ་ཅིན་ སྨྱོ་རྫས་བརྟག་དཔྱད་འབད་དགོ་མི་དེ་ཡང་ ན་གཞོན་ལ་ལོ་ཅིག་ བཀག་དམ་ཅན་གྱི་ སྨྱོ་རྫས་ལག་ལེན་འཐབ་མི་ཚུ་ལུ་ སྨན་བཅོས་དུས་མཐུན་སྦེ་ བྱིན་ཐབས་ལུ་ཨིན་ཟེར་ཨིན་པས།
སྨྱོ་རྫས་བརྟག་དཔྱད་དོན་ལུ་ ཆབ་གསང་བསྡུསཔ་གི་ དཔེ་ཚད་ཚུ་ བརྟག་དཔྱད་འཕྲུལ་ཆས་ཐོག་ལས་ དེ་འཕྲོ་ལས་ བརྟག་དཔྱད་འབད་དེ་ གྲུབ་འབྲས་ཡང་ དུས་ཡུན་སྐར་མ་༣ དང་༥ འི་བར་ན་ གསལ་སྟོན་འབད་དེ་ བྱིནམ་ཨིན་པས།
བརྟག་དཔྱད་དོན་ལུ་ ན་གཞོན་ཚུ་གིས་ དངུལ་ཀྲམ་༤༠༠ རེ་ སྤྲོད་དགོཔ་ད་ འབྲུག་སྨྱོ་རྫས་བདག་འཛིན་དབང་འཛིན་གྱི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ དངུལ་ཀྲམ་༤༠༠ བསྡུ་ལེན་འབད་མི་དེ་ཡང་ དངུལ་ཀྲམ་༣༨༥ པོ་དེ་ བརྟག་དཔྱད་འཕྲུལ་ཆས་ཀྱི་གོང་ཚད་དང་ དངུལ་ཀྲམ་༡༤ པོ་དེ་ ཆབ་གསང་བསྡུསཔ་བླུགས་ནིའི་ པོ་ཏོ་གི་དོན་ལུ་ ཨིན་ཟེར་ཨིན་པས།
དེ་བཟུམ་མའི་ སྨྱོ་རྫས་བརྟག་དཔྱད་དེ་ ལོ་བསྟར་བཞིན་དུ་ འབད་ནི་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

About admin

Check Also

མོང་སྒར་ལུ་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་ མཐར་འཁྱོལ་བྱུང་ཡོདཔ།

༉ དུས་ཅི་ མོང་སྒར་ལུ་ མོ་བཏབ་ཀྱི་དོན་ལས་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་འབད་མི་དེ་ མཐར་འཁྱོལ་བྱུང་ཡོདཔ་ཨིན་པས། དེ་ཡང་ ལས་རིམ་དེ་གི་འོག་ལུ་ རྫོང་ཁག་གི་ ས་གནས་ཁག་དག་པ་ཅིག་ནང་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་འབད་མིའི་གྲས་ལས་ ཙ་ཀ་གླིང་རྒེད་འོག་ གཏོར་མ་གཞོང་སྤྱི་འོག་གི་ སོ་ནམ་པ་སྡེ་ཚན་ཅིག་གིས་ ས་གནས་གླི་ཏི་གཞོང་ཟེར་སར་ …

Leave a Reply

Your email address will not be published. Required fields are marked *