འཕྱོག་བཟུང་འབད་མི་ སྨྱོ་རྫས་ཚུ།

སྨྱོ་རྫས་ནག་ཚོང་དང་ འཆང་སྤྱོད་འབད་མི་༢༦ འཛིན་བཟུང་འབད་ཡོདཔ།

༉ ཉིན་གྲངས་༡༢ ཀྱི་ ནང་འཁོད་ནང་ ཐིམ་ཕུག་གི་ ཁྲིམས་སྲུང་འགག་པ་གིས་ སྨྱོ་རྫས་ནག་ཚོང་དང་ འཆང་སྤྱོད་འབད་མིའི་ནང་ འབྲེལ་བ་ཡོད་པའི་ མི་གྲངས་༢༦ འཛིན་བཟུང་འབད་ཡོདཔ་ཨིན་པས།
ཁོང་ཆ་ཁྱབ་ཀྱིས་ སྤྱི་ཟླ་༨ པའི་ཚེས་༢༦ ལས་ འགོ་བཙུགས་ཏེ་ སྤྱི་ཟླ་༩ པའི་ཚེས་༧ ཚུན་ སྨྱོ་རྫས་ནག་ཚོང་དང་ འཆང་སྤྱོད་ནང་ འབྲེལ་གཏོགས་འབད་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་སྡེའི་ ཐོ་བཀོད་དང་འཁྲིལཝ་ད་ མི་གྲངས་༢༦ འཛིན་བཟུང་འབད་མིའི་གྲས་ལས་༡༥ ནག་ཚོང་ནང་ འབྲེལ་གཏོགས་འབད་མི་ཨིནམ་ད་ གཞན་༡༡ པོ་དེ་ འཆང་སྤྱོད་འབད་མི་ཨིན་པས།
སྨྱོ་རྫས་ནག་ཚོང་འཐབ་མི་ཚུ་ ཁྲིམས་སྲུང་འགག་སྡེའི་ དོ་དམ་འོག་ལུ་ བཙུགས་ཡོདཔ་ཨིན་རུང་ འཆང་སྤྱོད་འབད་མི་ཚུ་ སྨན་བཅོས་དང་ བསླབ་བྱ་བྱིན་ནིའི་དོན་ལུ་ འབྲུག་སྨྱོ་རྫས་བཀག་འཛིན་དབང་འཛིན་ལུ་ རྩིས་སྤྲོད་འབད་ནུག།
མི་གྲངས་༢༦ འཛིན་བཟུང་འབད་མི་ཚུ་ སྐྱེས་ལོ་༡༥ ལས་༤༢ ཀྱི་ བར་ན་འབད་མི་ཚུ་ཨིནམ་ད་ དེ་ནང་ལས་ ཨམ་སྲུ་༣ དང་ སློབ་ཕྲུག་༢ ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་པ་གིས་ ཁོང་ཆ་ཁྱབ་ལས་ སྨྱོ་རྫས་ཨིསི་པེས་མོ་པོ་སི་བཱན་དང་ ཨེས་པི་པ་ལཱས་བསྡོམས་ སྨན་ལེབ་༢༢༣༦ དང་ ཨེན་ཊེན་༣༠ དེ་ལས་ ཀེ་ཧང་ག་རམ་༤༢.༢༢༣ ལུ་ འཕྱོག་བཟུང་འབད་ནུག།
སྨྱོ་རྫས་དང་འབྲེལ་བའི་ ཁྲིམས་ལུགས་དེ་ དམ་སྒྲིང་ཡོད་དེ་འབད་རུང་ མི་ཚུ་གིས་ ནག་ཚོང་དང་ འཆང་སྤྱོད་འབད་མི་དེ་ཡང་ ཁྲིམས་སྲུང་འགག་པ་གིས་འབད་བ་ཅིན་ སྨྱོ་རྫས་ཚུ་ ས་མཚམས་ཁྲོམ་སྡེ་ལས་ འཇམ་ཏོང་ཏོ་སྦེ་ ཐོབ་ཚུགས་མི་དང་ རྒྱལ་ཁབ་ནང་ ལྷོད་པའི་བསྒང་ལས་ ཚོང་མགྲོན་པ་ཚུ་ འཇམ་ཏོང་ཏོ་སྦེ་ ཐོབ་ཚུགས་པའི་ཁར་ གོང་ཚད་ལེགས་ཤོམ་སྦེ་ ཐོབ་ཚུགས་ནི་དེ་གིས་ ན་གཞོན་ཚུ་ སེམས་ཤུགས་བསྐྱེད་དེ་ བྱ་ངན་འཐབ་དོ་བཟུམ་སྦེ་ མཐོངམ་མས་ཟེར་ ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

About admin

Check Also

ཕྱི་རྒྱལ་མདའ་གཞུའི་ མདའ་རྩེད་བཀག་ཆ་འབད་མི་གིས་ ཟ་ཁང་ལུ་ ཐོ་ཕོག་ཡོདཔ།

༉ ཐིམ་ཕུག་ལྕང་གླིང་མི་ཐང་གི་ འབའ་སྐྱོར་ཐང་ནང་ ཨ་རྟག་བཟུམ་སྦེ་ ཕྱི་རྒྱལ་མདའ་གཞུའི་ཐོག་ལས་ རྩེད་འགྲན་འབད་ནི་ བཀག་ཆ་འབད་བའི་ཤུལ་ལས་ ས་ཁོངས་ནང་ བཟའ་འཐུང་གི་རིགས་བཙོང་སྡོད་མི་ གནས་སྦྲེལ་ཟ་ཁང་གི་ ཇོ་བདག་ལུ་ གནོད་སྐྱོན་སྦོམ་རྐྱབ་སྟེ་ཡོདཔ་ཨིན་པས། དེ་ཡང་ དུས་ཅི་ སྤྱི་ཟླ་༡ …

Leave a Reply

Your email address will not be published. Required fields are marked *