སྨྱོ་རྫས་དང་ ཁྲིམས་འགལ་གཞན་ཚུ་ནང་ མི་ངོ་༣༠ འཛིན་བཟུང་འབད་ཡོདཔ།

༉ ཐིམ་ཕུག་གི་ ཁྲིམས་སྲུང་འགག་པ་གིས་ སྤྱི་ཟླ་༡༡ པའི་ཚེས་༩ ལུ་ ཀེ་ཧང་ག་རམ་༤༧༠ འཆང་སྤྱོད་འབད་མི་ ཕོ་སྐྱེས་༢ འཛིན་བཟུང་འབད་ཡོདཔ་ད་ སྐྱེས་ལོ་༣༤ དང་ སྐྱེས་༢༩ ལང་མི་ ཕོ་སྐྱེས་གཉིས་ཆ་ར་ བཀྲིས་སྒང་སག་སྟེང་ལས་ཨིན་པས།
སོ་ནམ་པ་ཨིན་མི་ ཕོ་སྐྱེས་དེ་གཉིས་ ཁྲིམས་སྲུང་འགག་པ་གིས་ གསང་བའི་སྙན་ཞུ་ཐོབ་མི་དང་འཁྲིལ་ ཕྱི་རུའི་ཆུ་ཚོད་༧:༥༠ དེ་ཅིག་ཁར་ ལུང་བསྟན་ཟམ་པ་ལས་ འཛིན་བཟུང་འབད་ནུག།
ཁྲིམས་སྲུང་འགག་པ་གིས་ སྤྱི་ཟླ་༡༡ པའ་ིཚེས་༡ ལས་ ཁ་ཙ་ཚུན་ སྨྱོ་རྫས་ནག་ཚོང་དང་ ལོག་སྤྱོད་འབད་ཡོད་མིའི་ནང་ གྲལ་གཏོགས་ཡོད་མི་ མི་ངོ་༢༧ འཛིན་བཟུང་འབད་མི་ལས་༡ ཨམ་སྲུ་ཡོདཔ་ཨིན་པས།
མི་ངོ་༢༧ ལས་༡༣ ལཱ་གཡོག་མེད་མི་དང་༨ སློབ་ཕྲུག་ཨིནམ་ད་ གཞན་༥ པོ་དེ་ སྒེར་སྡེ་ནང་ ལཱ་འབད་མི་ཨིན་པས།
ཁྲིམས་སྲུང་འགག་པ་གིས་ སྨྱོ་རྫས་ཨེསི་པཱསི་མོ་ པོ་སི་བཱན་སྨན་ལེབ་༡༧༦ དང་ ཏམ་ཁུ་ག་རམ་༤༥ བཱ་བ་ག་རམ་༤༠ དེ་ལས་ ཀེ་ཧང་ག་རམ་༤༧༥ འཕྱོག་བཟུང་འབད་ནུག།
ད་རུང་ ཁྲིམས་སྲུང་འགག་པ་གིས་ སྤ་རོ་ནཱ་རྒྱ་ལས་ སྐྱེས་ལོ་༣༥ ལང་མི་ ཕོ་སྐྱེས་ཅིག་གིས་ སྐྱེས་ལོ་༧༠ ལང་མི་ ཨམ་སྲུ་ཅིག་ལུ་ སྤྱི་ཟླ་༡༡ པའི་ཚེས་༡༣ ལུ་ མགུ་སྐོར་རྐྱབ་མི་ལུ་བརྟེན་ འཛིན་བཟུང་འབད་ནུག།
ཁྲིམས་སྲུང་འགག་པ་གིས་ འབད་བ་ཅིན་ ཉམས་རྒུདཔ་ཨམ་སྲུ་དེ་གིས་ དོགས་ཅན་དེ་ ཐིམ་ཕུག་ཆུ་རྩལ་ས་ཁོངས་ནང་ ཕྱད་པའི་སྐབས་ ཁོ་གིས་ ཨམ་དེ་གི་བུ་གི་ ཆ་རོགས་ཨིན་ཟེར་ ངོ་སྤྲོད་འབདཝ་མ་ཚད་ མོ་གི་དོན་ལུ་ ག་ཅི་གུ་ཅི་ ཉོ་འབག་འོང་གེ་ཟེར་སླབ་སྟེ་ དངུལ་ཀྲམ་༡,༠༠༠ ལེན་འབག་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་པ་ལུ་ ཉིནམ་དག་པ་ཅིག་གི་ཧེ་མར་ སྙན་ཞུ་ཐོབ་མི་དང་འཁྲིལཝ་ད་ སྐྱེས་ལོ་༨༤ ལང་མི་ ཕོ་སྐྱེས་ཅིག་ལུ་ གུར་ཉོ་འབག་འོང་གེ་ཟེར་སླབ་སྟེ་ དངུལ་ཀྲམ་༡༢,༥༠༠ མགུ་སྐོར་རྐྱབ་སྟེ་འབག་ཡོདཔ་ད་ གནད་དོན་གཉིས་ཆ་རའི་ནང་ གྲལ་གཏོགས་ཡོད་མི་དེ་ ཕོ་སྐྱེས་ཅིག་ཨིན་པའི་ ཤེས་རྟོགས་བྱུང་ཡོད་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

About admin

Check Also

མོང་སྒར་ལུ་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་ མཐར་འཁྱོལ་བྱུང་ཡོདཔ།

༉ དུས་ཅི་ མོང་སྒར་ལུ་ མོ་བཏབ་ཀྱི་དོན་ལས་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་འབད་མི་དེ་ མཐར་འཁྱོལ་བྱུང་ཡོདཔ་ཨིན་པས། དེ་ཡང་ ལས་རིམ་དེ་གི་འོག་ལུ་ རྫོང་ཁག་གི་ ས་གནས་ཁག་དག་པ་ཅིག་ནང་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་འབད་མིའི་གྲས་ལས་ ཙ་ཀ་གླིང་རྒེད་འོག་ གཏོར་མ་གཞོང་སྤྱི་འོག་གི་ སོ་ནམ་པ་སྡེ་ཚན་ཅིག་གིས་ ས་གནས་གླི་ཏི་གཞོང་ཟེར་སར་ …

Leave a Reply

Your email address will not be published. Required fields are marked *