སྨན་གཡོགམོ་ཅིག་གིས་ བློན་ཆེན་ཌོག་ཊར་བློ་གྲོས་ཚེ་རིང་ལུ་ མོ་ཌར་ན་སྨན་ཁབ་བཙུགས་པའི་བསྒང་།

སྨན་ཁབ་ཐེངས་༢ པ་ རང་སོའི་ས་ཁོངས་ནང་ལས་ བཙུགས་དགོཔ།

༉ རྒྱལ་ཁབ་ནང་ ནད་ཡམས་ཀོ་བིཌ་-༡༩ སྨན་ཁབ་ཐེངས་༢ པ་དེ་ སྤྱི་ཟླ་༧ པའི་ཚེས་༢༠ ལས་༢༦ ཚུན་ བཙུགས་ནི་ཨིནམ་བཞིན་དུ་ ཐིམ་ཕུག་ལུ་ སྨན་ཁབ་བཙུགས་སའི་ས་ཁོངས་ཚུ་ ངོས་འཛིན་འབད་དེ་ གྲ་སྒྲིག་སོང་ཡོདཔ་ཨིན་པས།

དེ་ཡང་ སྨན་ཁབ་ཐེངས་དང་པའི་སྐབས་ལུ་བཟུམ་སྦེ་ ཐིམ་ཕུག་འདི་ ལྷོ་ཕྱོགས་དང་ དབུས་ཕྱོགས་དང་པ་དང་ གཉིས་པ་ དེ་ལས་ བྱང་ཕྱོགས་འབདཝ་ད་ ཕྱོགས་༤ ལུ་ དབྱེ་སྟེ་ཡོདཔ་ད་ ཕྱོགས་རེ་རེའི་ནང་ འོས་འབབ་ཅན་དང་ བྱ་སྟབས་བདེ་ཏོག་ཏོ་འབད་མི་ སྨན་ཁབ་བཙུགས་སའི་ས་ཁོངས་ཚུ་ ངོས་འཛིན་འབད་དེ་ ཡོདཔ་ཨིན་པས།

ལྷོ་ཐིམ་ཕུག་ལུ་འབད་བ་ཅིན་ བར་སྦིས་ས་དང་ སེམས་རྟོགས་ཁ་ དེ་ལས་ ཉེ་འདབས་ས་ཁོངས་ཚུ་གི་དོན་ལུ་ སྨན་ཁབ་བཙུགས་ས་དེ་ བར་སྦིས་ས་སློབ་གྲྭ་ཆུང་བ་དང་ ཌོག་ཊར་སྟོབས་རྒྱས་འབྲིང་རིམ་སློབ་གྲྭ་བར་མ་ རྒྱལ་འཛིན་འཛིན་སྐྱོང་སློབ་སྡེ་ སྡེ་སྲིད་སློབ་གྲྭ་ཆེ་བ་ དེ་ལས་ ཐིམ་ཕུག་རྒྱལ་འཛིན་མཐོ་རིམ་སློབ་གྲྭ་འབདཝ་ད་ ས་ཁོངས་༥ ངོས་འཛིན་འབད་ཡོདཔ་ཨིན་པས།

དབུས་ཕྱོགས་ལྟེ་བ་གཉིས་པའི་དོན་ལུ་འབད་བ་ཅིན་ ལྕང་རིག་འཕེལ་སློབ་གྲྭ་ཆུང་བ་དང་ དཔལ་འཁྱིལ་འབྲིང་རིམ་སློབ་གྲྭ་གོང་མ་ བློ་གསལ་གླིང་འབྲིང་རིམ་སློ་གྲྭ་བར་མ་ འཕྲུལ་རིག་སྤྱོང་བརྡར་གཙུག་སྡེ་ འབྲུག་འབྲིང་རིམ་སློབ་གྲྭ་གོང་མ་ དེ་ལས་ ཁྲིམས་སྲུང་འགག་པའི་ཐང་ནང་ཡོད་པའི་ ཚ་རིམས་སྨན་བཅོས་ཁང་ཚུ་ནང་ སྨན་ཁབ་བཙུགས་ནི་དང་ དབུས་ཕྱོགས་གཉིས་པའི་ ས་ཁོངས་ཀྱི་འོག་ལུ་ ལུང་བསྟན་ཕུག་དང་ ལྕང་བང་གྲུ་ ལྕང་ཟམ་ཏོག་ཚུ་ ཚུདཔ་ཨིན་པས།

ཨིན་རུང་ གསོ་བ་ལྷན་ཁག་གིས་ ཞུ་བ་འབད་མི་དང་འཁྲིལཝ་ད་ ཧེ་མ་གི་ བར་སྦིས་ས་འབྲིང་རིམ་སློབ་གྲྭ་གོང་མའི་ནང་ཡོད་མི་ སྨན་ཁབ་བཙུགས་སའི་ ས་ཁོངས་དེ་ བར་སྦིས་ས་སློབ་གྲྭ་ཆུང་བ་དང་གཅིག་ཁར་ བསྡོམས་ཡོདཔ་ལས་ མི་སེར་ཚུ་གིས་ མཁྱེན་དགོཔ་ཡོད་ཟེར་ཨིན་པས།

དེ་བཟུམ་སྦེ་ ཧེ་མར་ ལྕང་ཟམ་ཏོག་སློབ་གྲྭ་ནང་ གཞི་བཙུགས་འབད་མི་ སྨན་ཁབ་བཙུགས་སའི་ ས་ཁོངས་དེ་ཡང་ ད་རེས་ ཐིམ་ཕུག་སློབ་གྲྭ་ཆུང་བའི་ རྩ་བར་ཡོད་པའི་ འཕྲུལ་རིག་སྦྱོང་བརྡར་སྤེལ་ཁང་ནང་ སྤོ་བཤུད་འབད་ཡི་ཟེར་ཨིན་པས།

དེ་དང་འཁྲིལ་ མི་སེར་ཚུ་གིས་ སྨན་ཁབ་ཚུ་ རང་སོའི་ས་ཁོངས་ནང་ལས་སྦེ་ བཙུགས་དགོཔ་དེ་ ཁག་ཆེ་ནི་ཨིན་པས།

བྱང་ཐིམ་ཕུག་གི་ ས་ཁོངས་ནང་འབད་བ་ཅིན་ མདའི་འབའ་སྐྱོར་དང་ འབྲུག་ཨོ་ལིམ་པིག་གི་ སྤྱི་དོན་ཁང་ འབྱུང་བཞི་ནང་སློབ་གྲྭ་ཆུང་བ་ ཉི་མ་འབྲིང་རིམ་སློབ་གྲྭ་གོང་མ་ རྟ་བབ་འབྲིང་རིམ་སློབ་གྲྭ་འོག་མ་ བདེ་ཆེན་ཆོས་གླིང་འབྲིང་རིམ་སློབ་གྲྭ་གོང་མ་ སྐུ་བཞུགས་ཅན་འབྲིང་རིམ་སློབ་གྲྭ་འོག་མ་ དེ་ལས་ འབྲུག་གློག་མེ་ལས་འཛིན་གྱི་ སྡོད་ཁྱིམ་ས་ཁོངས་ཚུ་ ངོས་འཛིན་འབད་ནུག།

བྱང་ཐིམ་ཕུག་གི་འོག་ལུ་འབད་བ་ཅིན་ ཧས་འཇོ་དང་ བསམ་གཏན་གླིང་ རྟ་བབ་ བདེ་ཆེན་ཆོས་གླིང་ དེ་ལས་ དེ་གི་ཉེ་འདབས་ཀྱི་ ས་ཁོངས་ཚུ་ཚུདཔ་ཨིན་པས།

དབུས་ཕྱོགས་ལྟེ་བ་དང་པའི་ནང་འབད་བ་ཅིན་ སྨན་ཁབ་ས་ཁོངས་ཚུ་ཡང་ ལུང་བསྟན་ཟམ་པ་འབྲིང་རིམ་སློབ་གྲྭ་བར་མ་ འཇིགས་མེད་བློ་གསལ་སློབ་གྲྭ་ཆུང་བ་ སྐལ་སྐྱིད་འབྲིང་རིམ་སློབ་གྲྭ་གོང་མ་ ན་གཞོན་དང་རྩེད་རིགས་ལས་ཁུངས་ཀྱི་ས་ཁོངས་ ལྕང་སྒང་ཁ་འབྲིང་རིམ་སློབ་གྲྭ་བར་མ་ འཇིགས་མེད་རྣམ་རྒྱལ་འབྲིང་རིམ་སློབ་གྲྭ་འོག་མ་ བཟོ་རིག་བཅུ་གསུམ་སྤེལ་ཁང་ དེ་ལས་ གཟི་ལུང་ཁ་འབྲིང་རིམ་སློབ་གྲྭ་བར་མ་ཚུ་ ངོས་འཛིན་འབད་ནུག།

དབུས་བྱོགས་ལྟེ་བ་དང་པའི་ནང་ དབྱངས་ཅན་ཕུག་འབྲིང་རིམ་སློབ་གྲྭ་ཆེ་བ་དང་ ཐིམ་ཁྲོམ་ལྟེ་བ་ ལྕང་སྒང་ཁ་ མུ་ཏིག་ཐང་ དེ་ལས་ གཟི་ལུང་ཁ་ཚུ་ ཚུདཔ་ཨིན་པས།

རྒྱལ་ཁབ་ནང་ ཀོ་བིཌ་-༡༩ གྱི་སྨན་ཁབ་ སླ་བསྲེས་བཙུགས་ནི་ལུ་ གྲོས་ཐག་བཅད་ཡོདཔ་བཞིན་དུ་ སྤྱི་ཟླ་༧ པའི་ཚེས་༡༧ ལུ་ ཁྲིམས་སྲུང་འགག་སྡེའི་ རྩེད་ཐང་ནང་སྦེ་ བློན་ཆེན་ཌོག་ཊར་བློ་གྲོས་ཚེ་རིང་གིས་ དབུ་གཙོས་པའི་མི་གྲངས་༦༡༣ ལུ་ མོ་ཌར་ན་སྨན་ཁབ་ བཙུགས་ཡོད་པའི་གནས་ཚུལ།

ཉི་མ་དབང་འདུས།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *