སྨན་ཁང་ནང་ ཨ་ལོ་སྐྱེས་མིའི་གྱངས་ཁ་ ཡར་སེང་འགྱོ་དོ་ཡོདཔ།

༉ ཐིམ་ཕུག་འཇིགས་མེད་རྡོ་རྗེ་དབང་ཕྱུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་གི་ ལོ་བསྟར་སྙན་ཞུ་དང་འཁྲིལཝ་ད་ སྨན་ཁང་ནང་ ཨ་ལོ་སྐྱེས་མིའི་གྱངས་ཁ་ ཡར་སེང་འགྱོ་དོ་ཡོདཔ་སྦེ་ཨིན་པས།
དེ་ཡང་ ཉིནམ་རེ་ལུ སྨན་ཁང་ནང་ ཨ་ལོ་༡༢ དེ་རེ་ སྐྱེས་དོ་ཡོདཔ་ད་ སྤྱི་ལོ་༢༠༠༠ གི་སྙན་ཞུ་དང་འཁྲིལཝ་ད་ ཨ་ལོ་༡,༦༦༥ སྐྱེས་མི་དེ་ ན་ཧིང་གི་ལོ་ནང་ ཨ་ལོ་སྐྱེས་མིའི་གྱངས་ཁ་༤,༥༥༣ ལུ་ ཡར་སེང་སོང་ཡོདཔ་ད་ སྤྱི་ལོ་༢༠༡༦ ལུ་འབད་བ་ཅིན་ ཨ་ལོ་༤,༥༢༣ སྐྱེས་ཡོདཔ་ཨིན་པས།
ན་ཧིང་གི་ལོ་ནང་ ཨ་ལོ་༤,༥༥༣ སྐྱེས་མིའི་གྲས་ལས་ ཨ་ལོ་༣,༡༧༢ རང་བཞིན་གྱིས་སྐྱེས་ཡོདཔ་ཨིན་རུང་ ཨ་ལོ་༩༨ སྨན་ཁང་གི་ ཨ་ལོ་བཏོན་ནིའི་ ཅ་ཆས་ལག་ལེན་འཐབ་སྟེ་སྐྱེས་ཡོདཔ་ཨིན་པས།
ན་ཧིང་ གཤག་བཅོས་འབད་ཐོག་ལས་ ཨ་ལོ་སྐྱེས་མི་༡,༢༨༣ ཐོན་མིའི་ནང་ལས་ ཨའི་༣༣༨ ལུ་ གདམ་ཁ་བྱིན་པའི་སྐབས་ གཤག་བཅོས་འབད་ནི་ལུ་ ངོས་ལེན་འབད་ཡོདཔ་ད་ གཞན་མི་ཚུ་ གློ་བུར་གྱི་ གཤག་བཅོས་འབད་དེ་ ཨ་ལོ་བཏོན་གཏང་དགོཔ་བྱུང་ཡོདཔ་ཨིན་པས།
ཐིམ་ཕུག་རྒྱལ་ཡོངས་སྨན་ཁང་གི་ མོ་ནད་མཁས་མཆོག་ ཌོག་ཊར་ཨྱོན་མཚོ་མོ་གིས་ སླབ་མིའི་ནང་ སྨན་ཁང་ནང་ ཨ་ལོ་སྐྱེས་མིའི་གྱངས་ཁ་ ཡར་སེང་འགྱོ་མི་དེ་ཡང་ སྨན་ཁང་གི་ཁ་ཐུག་ལས་འབད་རུང་ ཨ་ལོ་སྨན་ཁང་ནང་ སྐྱེས་བར་འོང་དགོ་པའི་སྐོར་ལས་ གོ་བ་བརྡ་སྤྲོད་འབད་ནི་དེ་གིས་ཨིནམ་ད་ ཨའི་ཚུ་གིས་འབད་རུང་ སྨན་ཁང་ནང་སྐྱེ་བའི་སྐབས་ ཁེ་ཕན་ཡོད་ལུགས་ཚུ་གི་སྐོར་ལས་ ཧ་གོ་ནི་དེ་གིས་ཨིན་མས་ཟེར་ཨིན་པས།
དེ་མ་ཚད་ རྒྱལ་ཁབ་ཀྱི་ སྨན་ཁང་གཞན་ཚུ་ནང་ མོ་ནད་མཁས་མཆོག་མེད་ནི་དེ་གིས་ ཐིམ་ཕུག་གི་ཉེ་འདབས་ལུ་ཡོད་མི་ སྨན་ཁང་ཚུ་ནང་ དཀའ་ངལ་འཐོན་ནི་མས་ཟེར་མནོ་བ་ཅིན་ ཐིམ་ཕུག་སྨན་ཁང་ནང་ བཏང་མི་ཡང་ཡོདཔ་ལས་ ཐིམ་ཕུག་སྨན་ཁང་གི་ ཨ་ལོ་སྐྱེས་མི་གི་ གྱངས་ཁ་ཡར་སེང་སོང་་མི་དེ་ གནད་དོན་དེ་ལུ་བརྟེན་ འོང་ནི་མས་ཟེར་ཨིན་པས།
ཐིམ་ཕུག་ཚུན་གྱི་ སྣུམ་འཁོར་ལམ་གྱི་གནས་སྟངས་ ལེགས་ཤོམ་ཡོད་མི་དང་ ཐིམ་ཕུག་སྨན་ཁང་ནང་ མོ་ནད་མཁས་མཆོག་ཡོད་ནི་དེ་གིས་ ཁོང་ར་ བློ་བདེ་ནིའི་དོན་ལུ་ འོང་དོ་བཟུམ་ཚོར་ཡི་ཟེར་ཨིན་པས།
དེ་བཟུམ་སྦེ་ སྨན་ཁང་ནང་ ན་ཟུག་རྐྱབ་མ་དགོ་པར་ ཨ་ལོ་སྐྱེ་ནིའི་སྨན་ཁབ་ ཨི་པི་ཌུ་རལ་གྱི་ཞབས་ཏོག་དེ་ སྤྱི་ལོ་༢༠༡༦ ཟླ་༢ པའི་ནང་ འགོ་བཙུགས་ཡོདཔ་བཞིན་དུ་ སྤྱི་ལོ་༢༠༡༦ ནང་ ཞབས་ཏོག་ལེན་མི་༥༢ ལས་ ན་ཧིང་གི་ལོ་ནང་༡༠༠ ལུ་ ཡར་སེང་སོང་ནུག།
ཐིམ་ཕུག་རྒྱལ་ཡོངས་སྨན་ཁང་གི་ ཨ་ལོ་སྐྱེ་སའི་སྡེ་ཕྲན་ནང་ ཉལ་ཁྲི་༣༦ ཡོདཔ་ཨིན་པས།
ཐིམ་ཕུག་འཇིགས་མེད་རྡོ་རྗེ་དབང་ཕྱུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ མོ་ནད་རིག་པའི་ཞབས་ཏོག་ཚུ་ འགོ་དང་པ་ སྤྱི་ལོ་༡༩༧༠ དོན་གྲངས་ནང་ འགོ་བཙུགས་ཡོདཔ་ཨིན་པའི་གནས་ཚུལ།

ཡེ་ཤེསསྒྲོལ་མ།

 

About admin

Check Also

ཀེ་ལ་གཡུས་ཚན་གྱི་ དུར་ཁྲོད་ནང་ གཞི་རྟེན་མཐུན་རྐྱེན་ཚུ་མེད་པའི་དཀའ་ངལ།

༉ ཀྲོང་གསར་རྫོང་ཁག་ སྟངས་སི་སྦྱིས་རྒེད་འོག་ ཀེ་ལ་གཡུས་ཚན་གྱི་ དུར་ཁྲོད་ནང་ གཞི་རྟེན་མཐུན་རྐྱེན་ཚུ་ ཚངམ་སྦེ་མེདཔ་ལས་ མི་སེར་ཚུ ལཱ་ཁག་རྐྱབ་དོ་ཡོདཔ་ཨིན་པས། དུར་ཁྲོད་ནང་ འཐུང་ཆུ་དང་ གློག་མེ་ གསང་སྤྱོད་ དེ་ལས་ ཐབ་ཚང་ཚུ་མེདཔ་ལས་ …

Leave a Reply

Your email address will not be published. Required fields are marked *