སྤྱི་ལོ་༢༠༤༠ འི་ནང་འཁོད་ལུ་ ནང་འཁོད་གློག་མེའི་སྤྱོད་ཁྲལ་ ཡུ་ནིཊ་རེ་ལུ་ དངུལ་ཀྲམ་༤.༥༡ ལུ་ ལྷོད་ནིའི་དམིགས་གཏད།

༉ ནང་འཁོད་གློག་མེའི་སྤྱོད་ཁྲལ་གྱི་ དམིགས་གཏད་སྙན་ཞུ་དང་འཁྲིལ་བ་ཅིན་ ཆུ་ལུ་བརྟེན་པའི་གློག་མེ་ ཁ་སྐོང་མེ་ག་ཝཱཊ་༢,༠༠༠ ལྷགཔ་ཅིག་ ཐོན་སྐྱེད་འབད་ནིའི་ འཆར་གཞི་ཡོད་མི་དང་བསྟུན་ སྤྱི་ལོ་༢༠༤༠ འི་ནང་འཁོད་ལུ་ ནང་འཁོད་སྤྱོད་ཁྲལ་ཡུ་ནིཊ་རེ་ལུ་ དངུལ་ཀྲམ་༤.༥༡ ལུ་ ལྷོད་ནིའི་དམིགས་གཏད་ཨིན་པས།

དཔེ་འབད་བ་ཅིན་ གུང་པ་ཅིག་གིས་ གློག་མེ་ཡུ་ནིཊ་༢༠༠ ལག་ལེན་འཐབ་པ་ཅིན་ ད་ལྟོ་གི་ གློག་མེའི་སྤྱོད་ཁྲལ་གྱི་ གོང་ཚད་ཡུ་ནིཊ་རེ་ལུ་ དངུལ་ཀྲམ་༢.༦༦ འབདཝ་ད་ ཟླ་རིམ་བཞིན་དུ་ དངུལ་ཀྲམ་༥༣༢ རེ་ བཏབ་དགོ་ནི་ཨིན་པས།

སྤྱི་ལོ་༢༠༤༠ ལས་ དམིགས་གཏད་བསྐྱེད་མི་ གློག་མེའི་སྤྱོད་ཁྲལ་ ཡུ་ནིཊ་རེ་ལུ་ དངུལ་ཀྲམ་༤.༥༡ ཡར་སེང་འབད་ནི་ཨིནམ་ལས་ གུང་པ་ཅིག་གིས་ ཟླ་རིམ་བཞིན་དུ་ དངུལ་ཀྲམ་༩༠༢ དེ་རེ་ བཏབ་དགོ་ནི་ཨིན་པས།

ནང་འཁོད་གློག་མེའི་སྤྱོད་ཁྲལ་དེ་ སྤྱི་ལོ་༢༠༤༠ ཚུན་ སྤྱི་ལོ་༢༠༢༥ ལས་འགོ་བཙུགས་ཏེ་ གློག་མེའི་སྤྱོད་ཁྲལ་འཁོར་རིམ་༥ དང་ དུས་གསུམ་གྱི་གནས་སྟངས་ དེ་ལས་ མཁོ་འདོད་གནས་སྟངས་༢ ལུ་ ཁྲལ་མ་ཕོགཔ་སྦེ་ ངོས་ལེན་འབད་དེ་འདུག།

དུས་གཅིག་གི་ གནས་སྟངས་འོག་ལུ་ ད་ལྟོའི་ གློག་མེའི་ཐོན་སྐྱེད་འབད་མི་དང་ ཆུ་ལུ་བརྟེན་པའི་གློག་མེ་འཕྲུལ་ཁང་ བཟོ་སྐྲུན་འབད་བའི་བསྒང་ཡོད་མི་གིས་མ་ཚད་པར་ ཉི་དྲོད་ལས་འགུལ་ཚུ་ལུ་ སྤྱོད་ཁྲལ་མི་ཕོག་ནི་ཨིན་པས།

གནས་སྟངས་༢ པའི་ཐད་ཀར་ ཁ་སྐོང་གློག་མེ་ལས་འགུལ་གྱི་ ནུས་ཤུགས་ཐོན་སྐྱེད་དང་ གནས་སྟངས་༣ པའི་འོག་ལུ་ ལྷག་པར་དུ་ ཁ་སྐོང་ཆུར་བརྟེན་གློག་མེ་སྦོམ་༢ རྐྱབ་ནི་ཨིན་མི་ལུ་ སྤྱོད་ཁྲལ་དགོངས་ཡངས་ གཏང་ནི་ཨིན་པས།

མཁོ་འདོད་གནས་སྟངས་ནང་ ནུས་ཤུགས་གསོག་འཇོག་གན་ཡིག་དང་འཁྲིལ་ཏེ་དང་ ཡང་ཅིན་ གློག་མེའི་ཆ་གནས་ཚུ་ གནས་སྟངས་ཀ་པ་སྦེ་ དབྱེ་སྟེ་ཡོདཔ་ད་ བཟོ་གྲྭ་འཕྲུལ་ཁང་ལས་ ནུས་ཤུགས་ཁ་སྐོང་ཡོད་པའི་ཁར་ གློག་མེའི་གནང་བ་ཚུ་ གནས་སྟངས་ཁ་པ་སྦེ་ བཟོ་སྟེ་ཡོདཔ་ཨིན་པས།

ནང་འཁོད་སྤྱོད་ཁྲལ་དེ་ འབྲུག་གི་ གློག་མེའི་སྤྱོད་ཁྲལ་ངེས་བརྟན་སྒྲིག་གཞི་ལག་ལེན་འཐབ་སྟེ་ གནས་གོང་ལུ་གཞི་བཞག་སྟེ་ བཟོ་ཡོདཔ་ཨིན་པས།

གནས་གོང་ནང་ ཅ་ཆས་དང་འབྲེལ་བའི་ཟད་འགྲོ་དང་ ལས་མི་ དེ་ལས་ རྒྱུན་སྐྱོང་གནས་གོང་ཚུདཔ་ཨིནམ་ད་ སྙན་ཞུ་དང་འཁྲིལ་བ་ཅིན་ གནས་སྟངས་༢ པ་དེ་ ངེས་བདེན་ཅན་ཅིག་ཨིནམ་ད་ གནས་སྟངས་དེ་གི་འོག་ལུ་ སྤྱི་ལོ་༢༠༢༥ ལས་ ནང་འཁོད་གློག་མེའི་སྤྱོད་ཁྲལ་ ཡུ་ནིཊ་རེ་ལུ་ དངུལ་ཀྲམ་༢.༣༩ ལུ་ ཡར་སེང་འགྱོ་ནི་བཟུམ་ཡོདཔ་ཨིན་པས།

སྤྱི་ལོ་༢༠༤༠ ལས་ མཁོ་སྤྲོད་ཟད་འགྲོ་ ཡུ་ནིཊ་རེ་ལུ་དངུལ་ཀྲམ་༣.༣ ལས་ གློག་མེའི་གནས་གོང་ ཡུ་ནིཊ་རེ་ལུ་དངུལ་ཀྲམ་༣.༣༣ དེ་ལས་ མཁོ་སྤྲོད་ཟད་འགྲོ་ ཡུ་ནིཊ་རེ་ལུ་དངུལ་ཀྲམ་༤.༥༡ ཡར་སེང་འགྱོ་ནི་ཨིན་པས།

སྤྱིར་སྙོམས་ནང་ སྤྱོད་ཁྲལ་འཁོར་རིམ་རེ་ལུ་ གློག་ནུས་ཐོན་སྐྱེད་གནས་གོང་བརྒྱ་ཆ་༩ དང་ མཁོ་སྤྲོད་ཟད་འགྲོ་བརྒྱ་ཆ་༨ ཡར་སེང་འགྱོ་ནི་ཨིན་པས།

སྐྱ་ནམ་གྱི་གོང་ཚད་ ཡར་སེང་འགྱོ་མི་དང་འབྲེལ་ ས་སྣུམ་དང་ རྡོ་སོལ་ དུག་རླུང་ པེ་ཊཱོལ་དང་འབྲེལ་བའི་ ཐོན་སྐྱེད་ཀྱི་ གོང་ཚད་ཚུ་ ཡར་སེང་སོང་ཡོདཔ་ཨིན་པས།

ནང་འཁོད་ལུ་ གློག་མེའི་མཁོ་འདོད་བཀོད་མི་ ཡར་སེང་འགྱོ་མི་དེ་གིས་ གློག་ཤུགས་མར་འབབ་འགྱོ་བའི་སྐབས་ འབྲུག་ལུ་ གློག་མེ་མ་ལང་པའི་ དཀའ་ངལ་འབྱུང་ནི་བཟུམ་ཅིག་ ཡོདཔ་ཨིན་པས།

གློག་མེའི་རྩིས་ཆད་དེ་ གློག་མེ་ཕྱིར་བཙོང་འབད་མི་དེ་གིས་ བསུབས་ཚུགས་ནི་ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

རང་འབྱུང་ལུ་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་ གནང་པའི་བསྒང་ཡོདཔ།

༉ བཀྲིས་སྒང་ རང་འབྱུང་འོད་གསལ་ཆོས་གླིང་དགོན་པ་ལུ་ གདུང་སྲས་ དགའ་རབ་རིན་པོ་ཆེ་མཆོག་གིས་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་གནང་སར་ ཤར་ཕྱོགས་རྫོང་ཁག་དང་ ས་གནས་སོ་སོ་ལས་ དད་ཅན་སྐྱ་སེར་ཕོ་མོ་༡༠,༠༠༠ ལྷགཔ་ཅིག་འཛོམས་ནུག། གསུང་འབུམ་པོ་ཏི་༢༡ འབད་མིའི་ལྗགས་ལུང་དེ་ ཉིན་བསྟར་བཞིན་དུ་ དྲོ་པ་ཆུ་ཚོད་༨ …

Leave a Reply

Your email address will not be published. Required fields are marked *