སྤྱི་ལོ་༢༠༡༦ ལོའི་ རྩིས་རྙོགས་ལས་ བརྒྱ་ཆ་༦༩.༠༡༥ རྐྱངམ་གཅིག་ རྩིས་འགྲིགས་འབད་ཡོདཔ།

སྤྱི་ལོ་༢༠༡༦ ལོའི་ རྩིས་ཞིབ་འབད་བའི་སྐབས་ དངུལ་ཀྲམ་ས་ཡ་༡༠༢༦.༠༩༥ ཡོད་ས་ལས་ དུས་ཅི་ སྤྱི་ཟླ་༣ པའི་ཚེས་༣༡  ནང་འཁོད་ལུ་ བརྒྱ་ཆ་༦༩.༡༤༠ འམ་ དངུལ་ཀྲམ་ས་ཡ་༧༠༨.༡༥༥ རྩིས་འགྲིགས་འབད་ཡོདཔ་ཨིན་པས།

དེ་ཡང་ ཁ་ཙ་ དམངས་རྩིས་ཚོགས་ཆུང་གིས་ སྤྱི་ཚོགས་ལྷན་བཞུགས་ནང་ སྙན་ཞུ་ཕུལ་མི་དང་འཁྲིལཝ་ད་ རྩིས་འགྲིག་མ་འབད་མི་ དངུལ་འབོར་ཡོངས་བསྡོམས་ལས་ སྤྱི་ལོ་༢༠༡༧ ཟླ་༩ པའི་ཚེས་༣༠ གི་བར་ན་ དངུལ་ཀྲམ་ས་ཡ་༣༡༧.༩༤༠ རྩིས་འགྲིགས་འབད་དེ་ཡོདཔ་ཨིན་པས།

སྙན་ཞུ་དང་འཁྲིལཝ་ད་ འཆར་དངུལ་ལས་སྡེ་ཁག་གིས་ རྩིས་རྙོགས་བརྒྱ་ཆ་༣༦.༧༧ འབདཝ་ད་ དངུལ་ཀྲམ་ས་ཡ་༡༠༤.༣༥༩  རྩིས་འགྲིགས་འབད་བའི་ལྷག་ལུས་ དངུལ་ཀྲམ་ས་ཡ་༡༧༩.༤༥༤ ཡོདཔ་ད་ འཆར་དངུལ་མེད་པའི་ ལས་སྡེ་ཁག་ལུ་ བརྒྱ་ཆ་༡༤.༢༩ འབདཝ་ད་ དངུལ་ཀྲམ་ས་ཡ་༡༤.༧༨༡ རྩིས་འགྲིགས་འབད་ཡོདཔ་ལས་ ལྷག་ལུས་དངུལ་ཀྲམ་ས་ཡ་༨༨.༦༡༡ ཡོདཔ་ཨིན་པས།

གློག་མེ་ལས་འགུལ་གྱི་དོན་ལུ་ སྤྱི་ལོ་༢༠༡༨ ཟླ་༣ པའི་ཚེས་༣༡ གི་ ནང་ཁོད་ལུ་ རྩིས་རྙོགས་བསྡོམས་ དངུལ་ཀྲམ་ས་ཡ་༦༣༨.༨༩༠ ཡོད་ས་ལས་༡༩༨.༨༠ རྩིས་འགྲིགས་འབད་ཡོདཔ་ད་ ལྷག་ལུས་དངུལ་ཀྲམ་ས་ཡ་༤༤༠.༠༩༠ རྩིས་འགྲིག་འབད་དགོཔ་ཡོདཔ་ཨིན་པས།

ལྷན་ཁག་ཚུ་ནང་ལས་ དངུལ་ཀྲམ་ས་ཡ་༨༧.༠༨༢ རྩིས་འགྲིག་མ་འབད་བར་ཡོད་མི་ མཐོ་ཤོས་ཨིན་པའི་ཁར་ དེ་གི་འོག་ལས་ ལས་འཛིན་ལུ་ དངུལ་ཀྲམ་ས་ཡ་༡༤.༦༣༡ དང་ རྫོང་ཁག་ཚུ་ནང་ དངུལ་ཀྲམ་ས་ཡ་༡༣༡.༨༡༡ ཡོདཔ་ཨིན་པས།

ཁྲིམས་ལུགས་དང་ བཅའ་ཡིག་ཚུ་ལས་འགལ་བའི་ དབྱེ་ཁག་ནང་  དངུལ་ཀྲམ་ས་ཡ་༩༢.༡༤༦ ཡོད་པའི་ཁར་ ཚུལ་མིན་འཛིན་སྐྱོང་གི་དབྱེ་ཁག་ནང་ དངུལ་ཀྲམ་ས་ཡ་༣༧.༡༤༨ ཡོདཔ་ཨིན་པས།

རང་སྐྱོང་འདུས་ཚོགས་ཚུ་ནང་ལས་ དངུལ་ཀྲམ་ས་ཡ་༤.༧༡༨ ཡོད་པའི་ཁར་ རྒེད་འོག་བདག་སྐྱོང་ནང་ བརྒྱ་ཆ་༣.༨༦ དེ་ལས་ དངུལ་འབྲེལ་གཙུག་སྡེ་ཚུ་ནང་ བརྒྱ་ཆ་༠.༧༣ རྩིས་འགྲིག་མ་འབད་བར་ཡོད་པའི་ཁར་ གློག་མེ་ལས་འཛིན་ཚུ་ནང་འབད་བ་ཅིན་ དངུལ་ཀྲམ་ས་ཡ་༡༩༨.༨༠༠ རྩིས་འགྲིགས་འབད་དེ་འདུག།

ཚབས་ཆེན་གྱི་ རྩིས་རྙོགས་གྲས་ཁར་ ཞབས་ཏོག་ལྷན་ཁག་ནང་ དངུལ་ཀྲམ་ས་ཡ་༤༤.༣༨༡༡ ཡོད་མི་དེ་ མཐོ་ཤོས་ཨིན་པའི་ཁར་ དེ་གི་འོག་ལས་ ལས་གཡོག་ལྷན་ཁག་ནང་ དངུལ་ཀྲམ་ས་༧.༤༥༨ དང་ སོ་ནམ་དང་ ནགས་ཚལ་ལྷན་ཁག་ནང་ དངུལ་ཀྲམ་ས་ཡ་༦.༩༥༢ དེ་ལས་ ཤེས་རིག་ལྷན་ཁག་ནང་ དངུལ་ཀྲམ་ས་ཡ་༦.༦༦༥ རྩིས་འགྲིག་འབད་མ་ཚུགས་པར་ཡོདཔ་ཨིན་པས།

ཞབས་ཏོག་ལྷན་ཁག་གི་ རྩིས་རྙོགས་དེ་ གླིང་མི་ཐང་དང་ གཞལམ་སྒང་ བཀྲིས་སྒང་ལམ་སེལ་ལས་ཁུངས་ཀྱི་ ལུང་ཕྱོགས་ཡིག་ཚང་ནང་ ཁག་འབག་གི་ལཱ་ཚུ་ དགོངས་གྲོལ་བཏང་རུང་ ལཱ་གི་དོན་ལུ་ སྔོན་བྱིན་སྤྲོད་པའི་རྩིས་ལྷག་གི་ ཉོགས་བཤད་ཡོདཔ་ཨིན་པས།

ལྷན་ཁག་གིས་ ནི་དར་ལེནསི་གི་ ཨོ་རི་བོ་གྲོགས་རམ་ཐོག་ལས་ ལྷོ་ཕྱོགས་ས་ཁོངས་ཚུ་ནང་ ལམ་གོང་འཕེལ་བཏང་སྟེ་ དབུལ་ཕོངས་མར་ཕབ་འབད་ནིའི་ ལས་འགུལ་གྱི་ ལཱ་མཇུག་བསྡུ་རུང་ བཟོ་རིག་འགོ་དཔོན་དང་ བཟོ་རིག་འགོ་དཔོན་འོགམ་གཉིས་ལུ་ དངུལ་ཀྲམ་ས་ཡ་༣.༧༣༨ ཟད་འགྲོ་ཆུད་ཟད་བཏང་ཡོད་པའི་ རྩིས་རྙོགས་ཡོདཔ་ཨིན་པས།

དེ་ལས་ ཕུན་ཚོགས་གླིང་ལུང་ཕྱོགས་ལམ་སེལ་ལས་ཁུངས་ནང་ དངུལ་ཀྲམ་ས་ཡ་༡༧༥.༩༥༣ དེ་ རྩི་ནག་མཁོ་སྒྲུབ་འབད་བའི་སྐབས་ ཡོངས་འབྲེལ་ཐོག་ལས་ རིན་བསྡུར་འབདཝ་ད་ ཆད་སྐྱོན་བྱུང་པའི་རྐྱེན་གྱིས་ ཆད་ཐོན་ཡོདཔ་ཨིན་པས།

ལས་གཡོག་ལྷན་ཁག་གི་ རྩིས་རྙོགས་དངུལ་ཀྲམ་ས་ཡ་༧.༤༥༨ ཡོད་མི་དེ་ ཨེམ་ཨེསི་བསྟན་ཛུ་ཕྱི་རྒྱལ་གཡོག་སྤྲོད་ངོ་ཚབ་ཀྱིས་ ཁྲིམས་འགལ་ཐོག་ལས་ འཐུས་བསྡུ་ལེན་འབད་མི་དང་ དངུལ་ལོག་མ་འཐོབ་མི་དང་འབྲེལ་བའི་ རྩོད་རྙོགས་ཡོད་མི་ ཇོ་བདག་དེ་ གར་སོང་མེད་པར་ སོང་ཡོདཔ་ལས་ ལྷན་ཁག་གིས་ ད་ལྟོ་ རྩོད་བཤེར་འབད་མ་ཚུགས་པར་ཡོད་པའི་ཁར་ རྩིས་འགྲིག་ཡང་ འབད་མ་ཚུགས་པར་ལུས་ཡོདཔ་ཨིན་པས།

སོ་ནམ་ལྷན་ཁག་ནང་ འཇིགས་མེད་རྡོ་རྗེ་དབང་ཕྱུག་རྒྱལ་ཡོངས་གླིང་ག་ནང་ ལས་བྱེདཔ་ཚུ་དང་ སྡེ་ཁག་གི་ མིང་ཐོ་ཁར་ སྔོན་བྱིན་རྩིས་ལྷག་ཡོད་མི་དེ་ དངུལ་ཀྲམ་ས་ཡ་༣.༧༡༤ ཡོདཔ་ཨིན་པས།

ཤེས་རིག་ལྷན་ཁག་ནང་ རྩིས་རྙོགས་དངུལ་ཀྲམ་ས་ཡ་༦.༦༦༥ ཡོད་མི་དེ་ ལྷུན་རྩེ་རྫོང་ཁག་གི་ སྨིན་རྒྱས་སློབ་གྲྭ་བར་མའི་ནང་ རྐང་རྩེད་ཐང་དང་གཅིག་ཁར་ རྩིག་སྐྱོར་ལཱ་གི་ གྲུབ་འབྲས་སྙན་ཞུ་ རྫུས་མ་བཟོ་མི་དེ་ ལྟ་རྟོག་འབད་བའི་ཤུལ་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ལུ་ བཏང་ཡོད་མི་དེ་ཨིན་པས།

རྫོང་ཁག་ཚུ་གི་གྲས་ལས་ བཀྲིས་གཡང་རྩེ་ལུ་ དངུལ་ཀྲམ་ས་ཡ་༢༠.༡༣༢ རྩིས་རྙོགས་ཡོད་པའི་ཁར་ དེ་གི་འོག་ལས་ པདྨ་དགའ་ཚལ་ལུ་ དངུལ་ཀྲམ་ས་ཡ་༧.༦༣༩ ཡོད་མི་དེ་ཨིནམ་ད་ ཆུ་ཁ་རྫོང་ཁག་ནང་ ས་ཡ་༤.༡༩༡༩ དང་ དར་དཀར་ནང་ལུ་ དངུལ་ཀྲམ་ས་ཡ་༣.༧༥༦ རྩིས་རྙོགས་ཡོདཔ་ཨིན་པས།

གློག་མེ་ལས་འགུལ་གྱི་ཐད་ཁར་ སྤུ་ན་གཙང་ཆུ་གློག་མེ་ལས་འགུལ་༢ པའི་ནང་ དངུལ་ཀྲམ་ས་ཡ་༤༡༠.༨༤༠ དང་ མང་སྡེ་ཆུ་གློག་མེ་ལས་འགུལ་ལུ་ དངུལ་ཀྲམ་ས་ཡ་༢༢༠.༠༥ རྩིས་རྙོགས་ཡོདཔ་ཨིན་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

About admin

Check Also

རྒྱ་ཚ་སྦིས་ལུ་ ཆུ་རུད་ཐོན་མིའི་ནང་ མི་༢ ལུ་ ཤི་རྐྱེན་དང་༣ འཚོལ་བའི་བསྒང་ཡོདཔ།

༉ ཁ་ཙ་ དྲོ་པའི་ཆུ་ཚོད་༢ དང་ སྐར་མ་༣༠ དེ་ཅིག་ཁར་ ལྷུན་རྩེ་ཀུར་སྟོད་རྒེད་འོག་ རྒྱ་ཚ་སྦིས་གཡུས་ཚན་ནང་ ཆུ་རུད་ཐོན་མི་དེ་གིས་ མི་༧ འཕྱགས་བདའ་ཡོདཔ་བཞིན་དུ་ ཉེན་སྲུང་སྡེ་ཚན་གྱིས་ ཕོ་སྐྱེས་༡ དང་ ཨམ་སྲུ་༢ …

Leave a Reply

Your email address will not be published. Required fields are marked *