རྒྱ་གར་གྱི་བློན་ཆེན་ ན་རེན་ད་ར་ མོ་དི།

སྤྱི་ཟླ་༨ པའི་ཚེས་༡༨ དང་༡༩ ལུ་ རྒྱ་གར་གྱི་ བློན་ཆེན་མོ་དི་གིས་ འབྲུག་ལུ་ གཟིགས་སྐོར་གནང་ནི།

༉ སྤྱི་ཟླ་༧ པའི་ཚེས་༢༦ ལུ་ བརྡ་བརྒྱུད་ཞལ་འཛོམས་འཚོགས་པའི་སྐབས་ བློན་ཆེན་ཌོག་ཊར་ བློ་གྲོས་ཚེ་རིང་གིས་ རྒྱ་གར་གྱི་བློན་ཆེན་ ན་རེན་ད་ར་མོ་དི་ སྤྱི་ཟླ་༨ པའི་ཚེས་༡༨ ལུ་ ཉིན་གྲངས་༢ ཀྱི་རིང་ རྒྱལ་ཁམས་གཟིགས་སྐོར་གནང་པར་ འབྱོན་ནི་ཟེར་ བཤདཔ་ཨིན་པས།
བློན་ཆེན་གྱིས་ བཤད་མིའི་ནང་ གཟིགས་སྐོར་སྐབས་ བྱ་སྒོའི་རིམ་པ་ཚུ་ གཏན་འཁེལ་བཟོ་ནིའི་དོན་ལུ་ ཕྱི་འབྲེལ་ལྷན་ཁག་གིས་ རྒྱ་གར་གྱི་ གཞུང་ཚབ་ཡིག་ཚང་དང་གཅིག་ཁར་ མཉམ་འབྲེལ་ལཱ་འབད་དོ་ཟེར་ ཨིན་པས།
བློན་ཆེན་དང་འཁྲིལཝ་ད་ ཉིན་གྲངས་༢ འབད་མི་གཟིགས་སྐོར་སྐབས་ བློན་ཆེན་ན་རེན་ད་ར་མོ་དི་གིས་ ན་གཞོན་སྡེ་ཚན་དང་གཅིག་ཁར་ འབྲེལ་བ་མཛད་ནི་ཨིན་པའི་ཁར་ ལྷ་ཁང་དགོན་སྡེ་དག་པ་ཅིག་ནང་ཡང་ གཟིགས་སྐོར་གནང་ནི་ཟེར་ཨིནམ་ད་ ལས་འཆར་ཚུ་ གཏན་འཁེལ་མ་བཟོ་རུང་ མོས་མཐུན་ཆིངས་ཡིག་༤ དང་༥ དེ་ཅིག་གུ་ མཚན་རྟགས་བཀོད་ནི་དང་ ལས་འགུལ་སྦོམ་དག་པ་ཅིག་ གསལ་བསྒྲགས་འབད་ནི་ཡོདཔ་ལས་ དེ་ཚུ་ལུ་ ལཱ་འབད་དོ་ཡོད་རུང་ བསྒྱུར་བཅོས་འགྱོཝ་མས་ཟེར་ཨིན་པས།
སྤྱི་ལོ་༢༠༡༤ ལུ་ བཙག་འཐུ་ནང་ལས་ རྒྱལ་བའི་ཤུལ་ལུ་ བློན་ཆེན་ན་རེན་ད་ར་མོ་དི་གིས་ ཕྱི་རྒྱལ་གྱི་ གཟིགས་སྐོར་དང་པ་ འབྲུག་ལུ་ བྱོན་ཡོདཔ་ཨིན་པས།
བློན་ཆེན་གྱིས་ སྤྱི་ཟླ་༥ པའི་ནང་ མཇུག་གི་ཁས་བླངས་དམ་བཅའི་ རྟེན་འབྲེལ་སྐབས་ བློན་ཆེན་མོ་དི་ལུ་ འབྲུག་ལུ་ གཟིགས་སྐོར་གནང་དགོ་པའི་ མགྲོན་བརྡ་ཕུལ་ཡོདཔ་ད་ བློན་ཆེན་གྱིས་ཡང་ བློན་ཆེན་གྱི་ གོ་གནས་བཞེས་པའི་ཤུལ་ལུ་ ཕྱི་རྒྱལ་གྱི་ གཟིགས་སྐོར་དང་པ་ རྒྱ་གར་ལུ་ བྱོན་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ ཇ་པཱན་གྱི་ ཨ་ཀི་ཤི་ནོ་གི་རྒྱལ་སྲས་ ཧི་ས་ཧི་ཏོ་གིས་ ཕྱི་རྒྱལ་གྱི་ གཟིགས་སྐོར་དང་པ་དེ་ ཤུལ་མའི་ཟླཝ་ནང་ འབྲུག་ལུ་བྱོན་ནིའི་ འཆར་གཞི་ཡོད་རུང་ ད་ལྟོ་ ཚེས་གྲངས་གཏན་འཁེལ་མེདཔ་ཨིན་པས།
བློན་ཆེན་གྱིས་ བཤད་མིའི་ནང་ རྒྱལ་སྲས་འབྲུག་ལུ་བྱོན་མི་དེ་ སྐུ་སྒེར་གྱི་ གཟིགས་སྐོར་ཨིན་རུང་ འགོ་དཔོན་ཚུ་གིས་ ལཱ་ཚུ་འབད་བའི་བསྒང་ཡོད་ཟེར་ཨིནམ་ད་ རྒྱལ་ཁབ་ནང་ ཡུན་རིང་སུ་ཅིག་སྦེ་ བཞུགས་ནི་ཨིན་རུང་ གཟིགས་སྐོར་གྱི་སྐོར་ལས་ གཏན་འཁེལ་མ་བཟོ་ཟེར་ཨིནམ་ད་ རྒྱལ་སྲས་མཆོག་ མང་ཤོས་ར་ སྤ་རོ་ལུ་ བཞུགས་འོང་ཟེར་ཨིན་པས།
ཇ་པཱན་གྱི་བརྡ་བརྒྱུད་ ཇ་པཱན་ཊའི་ཡེམསི་ནང་ བཀོད་མིའི་ནང་ ཇ་པཱན་གྱི་ རྒྱལ་ཆེན་དོན་ལུ་ གོ་རིམ་༢ པའི་ནང་ཡོད་མི་ དགུང་ལོ་༡༢ བཞེས་མི་རྒྱལ་སྲས་ ཧི་ས་ཧི་ཏོ་གིས་ སྤྱི་ཟླ་༨ པའི་ནང་ བརྒྱུད་འཛིན་གྱི་ རྒྱལ་སྲས་ཨ་ཀི་ཤི་མོ་དང་ བརྒྱུད་འཛིན་གྱི་སྲསམོ་ ཀི་ཀོ་དང་གཅིག་ཁར་ ཕྱི་རྒྱལ་གྱི་གཟིགས་སྐོར་ འགོ་དང་པ་ འབྱོན་ནི་ཟེར་ཨིན་པས།
སྤྱི་ལོ་༡༨༨༦ ལུ་ འབྲུག་དང་ ཇ་པཱན་གྱི་ དོན་གཅོད་མཐུན་འབྲེལ་ གཞི་བཙུགས་འབད་ཞིནམ་ལས་ཚུར་ ཇ་པཱན་གྱི་ སྐུ་འཁོར་མང་རབས་ཅིག་གིས་ རྒྱལ་ཁབ་ནང་ གཟིགས་སྐོར་གནང་ཡོདཔ་བཞིན་དུ་ སྤྱི་ལོ་༢༠༡༧ ལུ་ རྒྱལ་པོའི་སྲསམོ་ མ་ཀོ་གིས་ གཞུང་འབྲེལ་གཟིགས་སྐོར་ནང་ བྱོན་ཡོདཔ་ཨིན་པས།
སྤྱི་ལོ་༢༠༠༦ ལུ་འཁྲུངས་མི་ རྒྱལ་སྲས་ཧི་ས་ཧི་ཏོ་དེ་ རྒྱལ་སྲས་ཕུ་མི་ཧི་ཏོ་དང་ རྒྱལ་པོའི་སྲསམོ་ཀི་ཀོ་༢ ཀྱི་ སྲས་ཆུང་ཤོས་ཨིན་པའི་ཁར་ སྲས་ཁོ་ར་རྐྱངམ་གཅིག་ཨིནམ་ལས་ རྒྱལ་སྲས་དེ་ ཇ་པཱན་གྱི་ རྒྱལ་ཆེན་དོན་ལུ་ གོ་རིམ་༢ པའི་ནང་ ཡོད་པའི་གནས་ཚུལ།
སྐད་སྒྱུར་ སྐལ་བཟང་དབང་ཕྱུག།

About admin

Check Also

ཕུན་ཚོགས་གླིང་ལུ་ མི་མང་བརྟག་དཔྱད་ཐེངས་༣ པ་འབད་བའི་བསྒང་ཡོདཔ།

༉ ད་རེས་ནངས་པར་ ཕུན་ཚོགས་གླིང་ལུ་ ནད་ཡམས་ཀོ་བིཌ་-༡༩ ཐོབ་མི་ཡོད་མེད་ཀྱི་ མི་མང་བརྟག་དཔྱད་ཐེངས་༣ པ་དེ་ འགོ་བཙུགས་ཏེ་ཡོདཔ་བཞིན་དུ་ སྤྱི་ཟླ་༦ པའི་ཚེས་༡༠ ལས་ དཔག་བསམ་ཁ་དང་ ཨ་ལེ་-པད་དཀར་ཞིང་ཚུད་མི་ རྒྱ་ཁྱབ་ས་ཁོངས་༣ པ་ལས་ …

Leave a Reply

Your email address will not be published. Required fields are marked *