སྤྱི་ཟླ་༧ པ་རྐྱངམ་གཅིག་ནང་ར་ སྨྱོ་རྫས་ལག་ལེན་དང་ ནག་ཚོང་འཐབ་མི་༤༣ འཛིན་བཟུང་འབད་ཡོདཔ།

༉ ཁྲིམས་སྲུང་འགག་པ་གིས་ སྤྱི་ཟླ་༧ པ་རྐྱངམ་གཅིག་ནང་ར་ སྨྱོ་རྫས་ལག་ལེན་དང་ ནག་ཚོང་འཐབ་མིའི་ནང་ འབྲེལ་བ་ཡོད་མི་༤༣ འཛིན་བཟུང་འབད་ཡོདཔ་ཨིན་པས།
སྨྱོ་རྫས་ལག་ལེན་དང་ ནག་ཚོང་འཐབ་མི་ཚུ་ཡང་ སྐྱེས་ལོ་༡༡ ལས་༣༢ ཀྱི་ བར་ན་འབད་མི་ཚུ་ཨིནམ་ད་ སྐྱེས་ལོ་༡༡ ལང་མི་དེ་ བུམོ་ཅིག་ཨིནམ་བཞིན་དུ་ ཁྲིམས་སྲུང་འགག་པ་གིས་ བསྡོམས་མི་གྲངས་༤༣ འཛིན་བཟུང་འབད་ཡོད་ས་ལས་༢ ཨམ་སྲུ་དང་ གཞན་མི་ཚུ་ ཕོ་སྐྱེས་ཨིན་པས།
ཁྲིམས་སྲུང་འགག་པ་གིས་ བཤད་མི་དང་འཁྲིལཝ་ད་ ཁོང་༤༣ ཡོད་ས་ལས་༣༢ སྨྱོ་རྫས་ལག་ལེན་འཐབ་མི་དང་༢ སྨྱོ་རྫས་ཐི་ནར་ཚོང་འབྲེལ་འཐབ་མི་༦ སྨྱོ་རྫས་ནག་ཚོང་འཐབ་མི་ དེ་ལས་ ཏམ་ཁུ་ལག་ལེན་ནང་ འབྲེལ་བ་ཡོད་མི་༢ འཛིན་བཟུང་འབད་ཡི་ཟེར་ཨིན་པས།
བཀག་དམ་ཅན་གྱི་ སྨྱོ་རྫས་ཚུ་ཡང་ ཀེ་ཧང་དང་ ཏམ་ཁུ་ ཨེན་ཊེན་ ཨིས་པེས་མོ་པོ་སི་བོན་ ཐི་ནར་ལ་སོགས་པ་ཚུ་ཨིན་པས།
མ་གཞི་ ཁྲིམས་སྲུང་འགག་པ་གིས་ སྨྱོ་རྫས་ནང་ འབྲེལ་བ་ཡོད་མི་ ཁྲིམས་སྲུང་འགག་པ་ཅིག་ཡང་ འཛིན་བཟུང་འབད་ཡོད་པའི་ སྙན་ཞུ་ཁ་གསལ་སྦེ་ བྱིན་མ་བཏུབ་སྟེ་འབད་རུང་ ཀུན་གསལ་གྱིས་ གོ་དོ་བཟུམ་འབད་བ་ཅིན་ ཁྲིམས་སྲུང་འགག་པ་ཅིག་གིས་ ཀེ་ཧང་ག་རམ་༦ འཆང་སྤྱོད་འབད་ཡོད་མིའི་ཐད་ཁར་ ད་ལྟོ་ འགག་སྡེ་གི་ དོ་དམ་འོག་ལུ་ བཙུགས་ཡོདཔ་སྦེ་ཨིན་པས།
ཁྲིམས་སྲུང་འགག་པ་ཚུ་གིས་ བཤད་མི་དང་འཁྲིལཝ་ད་ སྨྱོ་རྫས་ལག་ལེན་འཐབ་པ་ཅིན་ རང་དང་མི་སྡེ་ལུ་ གནོད་པ་ག་དེ་སྦེ་ཡོདཔ་ཨིན་ནའི་ གོ་བ་བརྡ་སྤྲོད་འབད་རུང་ སྨྱོ་རྫས་ལག་ལེན་འཐབ་ནི་དང་ ནག་ཚོང་འཐབ་ནི་ཚུ་ བཀག་ཐབས་འབད་ཚུགས་ནི་དེ་ གདོང་ལེན་ཅན་ཅིག་ ཨིན་མས་ཟེར་ཨིན་པས།
དེ་མ་ཚད་ ཟླ་རིམ་བཞིན་དུ་ སྨྱོ་རྫས་ལུ་བརྟེན་པའི་ གནད་དོན་ཚུ་ ཐོནམ་ཐོན་སར་ སྡོདཔ་མས་ཟེར་ ཁྲིམས་སྲུང་འགག་པ་ཚུ་གིས་ བཤདཔ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

About admin

Check Also

མཁོ་ལོང་ཆུ་གློག་མེ་ལས་འགུལ་གྱི་ ལས་སྣ་ཚུ་ འཕྲོ་མཐུད་མི་འབད་ནི།

༉ བཀྲིས་གཡང་རྩེ་ལུ་ སྤྱི་ལོ་༢༠༡༨ ལས་ འགོ་བཙུགས་མི་ མཁོ་ལོང་ཆུ་གློག་མེ་ལས་འགུལ་ བཟོ་སྐྲུན་འབད་ནི་དེ་ མཚམས་འཇོག་འབད་ཡོདཔ་ལས་ ད་ལས་ཕར་ ལས་འགུལ་དང་འབྲེལ་བའི་ ལས་སྣ་ག་ཅི་ར་ཨིན་རུང་ འཕྲོ་མཐུད་དེ་ མི་འབད་ཟེར་ཨིན་པས། བསྟན་རྒྱས་བློན་པོ་ ལོག་ནཱཐ་ཤར་མ་གིས་འབད་བ་ཅིན་ …

Leave a Reply

Your email address will not be published. Required fields are marked *