སྤྱི་ཚོགས་ཀྱི་ཚོགས་བཞུགས་ ད་རིས་ལས་ ལོག་སྟེ་འཚོགས་ནི།

༉ སྤྱི་ཟླ་༦ པའི་ཚེས་༡༢ ལུ་ གློ་བུར་དུ་ ཐིམ་ཕུག་ལུ་ འགྲོ་འགྲུལ་བཀག་དམ་འབད་དགོཔ་བྱུང་སྟེ་ མཚམས་འཇོག་འབད་མི་ སྤྱི་ཚོགས་ཀྱི་ཚོགས་བཞུགས་དེ་ ད་རིས་ལས་ འཕྲོ་མཐུད་འཚོགས་ནི་ཨིན་པས།

ཁ་ཙ་ རྒྱལ་ཡོངས་ཚོགས་འདུའི་ དྲུང་ཆེན་ཡིག་ཚང་གིས་ ཚོགས་རིམ་དེ་ འཕྲོ་མཐུད་གནང་ནི་ཨིན་པའི་སྐོར་ལས་ ཡིག་ཚང་གི་ ཡོངས་འབྲེལ་གདོང་དེབ་ ཕེས་བུཀ་ནང་ གསལ་བསྒྲགས་འབད་ཡོདཔ་ཨིན་པས།

ད་རིས་ ཚོགས་རིམ་ནང་ འབྲེལ་ཡོད་སྡེ་ཚན་ཁ་པའི་ ལྷན་ཁག་ཚུ་དང་གཅིག་ཁར་ དྲི་བཀོད་ལས་རིམ་དང་གཅིག་ཁར་ སྤྱི་ལོ་༢༠༡༩ ལོའི་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ལོ་བསྟར་བསྐྱར་ཞིབ་སྙན་ཞུ་དེ་ལུ་ གྲོས་བསྡུར་འབད་ནི་ཨིན་པས།

འགྲོ་འགྲུལ་བཀག་དམ་དེ་ དུས་ཡུན་ཆུ་ཚོད་༤༨ ཀྱི་རིང་ འབད་ནིའི་གསལ་བསྒྲགས་འབད་ཡོད་མི་དེ་ཡང་ འབྲུག་སློབ་གྲྭའི་སྐྱེས་ལོ་༨ ལང་མི་ སློབ་ཕྲུག་ཅིག་ལུ་ ཨེན་ཊི་ཇཱེན་བརྟག་དཔྱད་ནང་ ཀོ་བིཌ་-༡༩ འི་ ནད་རྟགས་ཤུགས་ཡོདཔ་སྦེ་ ཐོན་པའི་ཤུལ་ལས་ ནད་ཡམས་དར་ཁྱབ་ལས་ བཀག་ཐབས་ཀྱི་ ཐབས་ལམ་བཟུམ་ཅིག་སྦེ་ འབད་ཡོདཔ་ཨིན་པས།

གསོ་བ་ལྷན་ཁག་གིས་ ནད་ཡམས་དར་ཁྱབ་ཀྱི་ གནས་སྟངས་དང་འཁྲིལ་ འབད་ནི་ཨིན་རུང་ སློབ་ཕྲུག་དང་ ཐད་ཀར་འབྲེལ་བ་འཐབ་མི་ དེ་ལས་ སློབ་གྲྭ་དེའི་ སློབ་ཕྲུག་དང་ཕམ་ཚུ་ལུ་ བརྟག་དཔྱད་འབད་བའི་སྐབས་ ག་ལུ་ཡང་ ཀོ་བིཌ་-༡༩ དེ་ ཡོད་པའི་ རྟགས་མཚན་མ་ཐོནམ་ ལས་ ཁ་ཙ་ ཉིན་མ་ཁམས་ཅིག་ཁར་ འགྲོ་འགྲུལ་བཀག་དམ་ ཡངས་ཆག་བཏང་ཡི།

ཡངས་ཆག་དེ་ཡང་ སློབ་ཕྲུག་དེ་དང་གཅིག་ཁར་ འབྲེལ་བ་འཐབ་འཐབ་མི་ མི་གྲངས་༢,༠༢༩ གི་ དཔེ་ཚད་ཚུ་ལུ་ བརྟག་དཔྱད་འབད་བའི་སྐབས་ ག་ལུ་ཡང་ མེདཔ་སྦེ་ཐོན་ཡོདཔ་ཨིན་པས།

འགྲོ་འགྲུལ་བཀག་དམ་དེ་ གློ་བུར་དུ་འབད་ཡོད་པའི་ཁར་ དུས་ཡུན་ཐུང་ཀུ་ཅིག་ནང་ ཡངས་ཆག་བཏང་ཚུགས་ནི་དེ་གིས་ ཁྲོམ་ཁར་སྡོད་མི་ཚུ་ བློ་བདེ་བའི་ གཞི་ཅིག་ལུ་གྱུར་ཡོདཔ་ཨིན་པས།

ཚོགས་དཔོན་དབང་ཕྱུག་རྣམ་རྒྱལ་གྱིས་ སྤྱི་ཚོགས་ཀྱི་ཚོགས་རིམ་དེ་ ནད་ཡམས་ཀྱི་གནས་སྟངས་དང་འཁྲིལ་ འབད་དགོཔ་ལས་ རྒྱལ་ཡོངས་ཀོ་བིཌ་-༡༩ འི་ ལས་བྱེད་ཚོགས་ཆུང་གི་ དུས་མཐུན་སྙན་ཞུ་དང་ ནད་ཡམས་ཀྱི་གནས་སྟངས་དང་འཁྲིལ་ འགྱོ་འོང་ཟེར་ བཤད་ཡོདཔ་ཨིན་པས།

ཨིན་རུང་ ཡངས་ཆག་དེ་ དུས་ཡུན་ཐུང་ཀུ་ཅིག་ནང་ འབད་ཚུགས་ཡོདཔ་ལས་ ཚོགས་རིམ་དེ་ ཁ་ཙ་ ཉིནམ་༡ ལས་བརྒལ་ འཚོགས་མ་ཚུགསཔ་ཨིནམ་ད་ རྒྱལ་ཡོངས་ཚོགས་སྡེ་གིས་ཡང་ དེ་དང་འཁྲིལ་ འབད་ནི་ཨིན་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *