སྤུ་ན་ཁ་རྫོང་ནང་ རྒྱལ་རབས་ནང་ཚུད་པའི་ རྒྱལ་ཡོངས་དུས་ཆེན་བརྩི་སྲུང་ཞུ་ཡོདཔ།

༉ ན་ཧིང་ སྤུངས་ཐང་བདེ་བའི་ཆེན་པོ་ཕོ་བྲང་ནང་ རྒྱལ་རབས་ནང་ཚུད་པའི་ ལས་རིམ་འགོ་འདྲེན་འཐབ་མི་ཚུ་གི་གྲས་ལས་ ལོ་ངོ་༡༡༣ གྱི་ཧེ་མར་ སྤུངས་ཐང་བདེ་བ་ཆེན་པོའི་ཕོ་བྲང་ནང་ གོང་ས་ཨྱོན་དབང་ཕྱུག་མཆོག་ དབང་ཕྱུག་བརྒྱུད་འཛིན་གྱི་ རྒྱལཔོ་དང་པ་སྦེ་ གསེར་ཁྲི་མངའ་གསོལ་མཛད་ཡོདཔ་བཞིན་དུ་ སྤྱི་ལོ་༢༠༢༠ ཟླ་༡༢ པའི་ཚེ་༡༧ ལུ་ རྒྱལ་ཡོངས་དུས་ཆེན་བརྩི་སྲུང་ཞུ་མི་དེ་ འདས་པའི་རྗེས་དྲན་གྱི་ དུས་བསྐལ་བཟང་པོ་ཅིག་ཨིནམ་ལས་ ད་རུང་ འབྲུག་གི་དོན་ལུ་ དྲན་རྟགས་དང་ རྒྱལ་རབས་ཅན་སྦེ་ རྗེས་སུ་དྲན་ཡོདཔ་ཨིན།

སྤྱི་ལོ་༡༩༠༧ ཟླ་༡༢ པའི་ཚེས་༡༧ ལུ་ འབངས་མི་སེར་ག་ར་ བློ་སེམས་གཅིག་མཐུན་དང་ མགྲིན་དབྱངས་གཅིག་གྱུར་ཐོག་ལས་ གན་ཡིག་ཕུལ་ཏེ་ ཀྲོང་གསར་དཔོན་སློབ་ གོང་ས་ཨྱོན་དབང་ཕྱུག་མཆོག་ རྒྱལཔོ་དང་པ་སྦེ་ གསེར་ཁྲི་མངའ་གསོལ་མཛད་པའི་སྐབས་ གཡས་གཡོན་ལུ་ རྗེ་མཁན་ཁྲི་རབས་༥༠ པ་ སྐྱབས་རྗེ་འཇམ་དཔལ་བཤེས་གཉེན་དང་ བི་རི་ཊིཤ་གི་སྐུ་ཚབ་ ཇཱོན་ཀ་ལའུཌ་ ཝ་ཡེཊ་༢ བཞུགས་ཐོག་ལས་ རྟེན་འབྲེལ་བརྩི་གནང་མི་དེ་ དྲན་སྣང་དངོས་སུ་ཚོར་ཡི།

དེ་ཡང་ རྒྱལ་བརྒྱུད་ཀྱི་ རྒྱལ་རབས་དང་པ་ ཁྲི་མངའ་གསོལ་བའི་ སྤུངས་ཐང་བདེ་བ་ཆེན་པོའི་ཕོ་བྲང་གི་ རྡོ་གཅལ་ནང་ དབང་ཕྱུག་བརྒྱུད་འཛིན་གྱི་ མི་དབང་ཡབ་མེས་སྲས་གསུམ་ ལྷན་འཛོམས་ཐོག་ རྒྱལ་ཡོངས་དུས་ཆེན་བརྩི་སྲུང་ཞུ་གནང་མི་ལས་ འདས་པའི་དྲན་སྣང་ཚུ་ གསལ་སྟོན་བྱུང་ཡི།

ནད་ཡམས་ཀོ་བིཌ་-༡༩ ལུ་བརྟེན་ དངོས་སུ་སྦེ་ མཇལ་ནིའི་གོ་སྐབས་མེད་རུང་ མི་སེར་ཚུ་གིས་ དངོས་མཐོང་ལས་རིམ་ཚུ་ རྒྱང་མཐོང་ནང་སྦེ་ མཇལ་ཚུགས་ནི་དེ་གིས་ སེམས་ལུ་དཔའ་ཉམས་དང་ དགའ་ཚོར་སྦོམ་བྱུང་ཡི།

མི་དབང་མཆོག་གིས་ རྒྱལ་ཁབ་ཀྱི་ ཞི་གཡོགཔ་ལེགས་བཅོས་འབད་དགོ་པའི་ བཀའ་ཤོག་གནང་པའི་ཁར་ ཤེས་རིག་ལེགས་བཅོས་འབད་དགོ་པའི་ བཀའ་ཤོག་གནང་ཡི།

གསོ་བ་ལྷན་ཁག་དང་ བདེ་སྲུང་ཡིག་ཚང་ལུ་ ཐུགས་སྲས་ཀྱི་ རྟགས་མ་གནང་ཡོདཔ་མ་ཚད་ བློན་ཆེན་ཌོག་ཊར་ བློ་གྲོས་ཚེ་རིང་ལུ་ ལུང་དམར་གྱི་ བཀབ་ནེ་དང་ གསོ་བ་བློན་པོ་ བདེ་ཆེན་དབང་མོ་དང་ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱི་ ལྷན་འཛིན་སྤྱི་ཁྱབ་ བསོད་ནམས་སྟོབས་རྒྱས་ དེ་ལས་ རྒྱལ་ཡོངས་ས་ཆ་ལྷན་ཚོགས་ཀྱི་དྲུང་ཆེན་ པདྨ་ཚེ་དབང་བཅས་མི་ངོ་༣ ལུ་ གཉིས་སྐལ་མའི་ འབུ་རས་དམརཔོ་གནང་ཡི།

འབྲུག་གི་རྗེ་མཁན་ཁྲི་རབས་༦༨ པ་ སྐྱབས་རྗེ་ཁྲི་ཟུར་ རྗེ་བཙུན་བསྟན་འཛིན་དོན་གྲུབ་མཆོག་གི་ སྐུ་གདུང་སྤུར་སྦྱང་དེ་ སྤྱི་ཟླ་༡༡ པའི་ཚེས་༧ ལུ་འམ་ རང་ཟླ་༩ པའི་ཚེས་༢༢ ལུ་ རྒྱལ་བ་ལྷ་ལས་བབས་པའི་ དུས་ཆེན་དང་འཁྲིལ་ སྤུ་ན་ཁ་རྫོང་གི་ རྡོ་གཅལ་ནང་སྦེ་ ཕུལ་ཡི།

སྤུར་སྦྱང་ཕུལ་བའི་སྐབས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་དང་ མི་དབང་འབྲུག་རྒྱལ་༤ པ་ མི་དབང་རྒྱལ་བཙུན་ དེ་ལས་ མི་དབང་སྐུ་འཁོར་ལྷན་རྒྱས་ཚུ་ བྱོན་གནང་ཡི།

ཕྱོགས་བཞི་ལས་ གསུང་ཆོག་ཚུ་གནང་སྟེ་ སྤུར་སྦྱང་ཕུལ་ཡོདཔ་ད་ དེ་ཡང་ ཤར་ཕྱོགས་ཁ་ཐུག་ལས་ སྐྱབས་རྗེ་རྗེ་མཁན་ སྤྲུལ་སྐུ་འཇིགས་མེད་ཆོས་གྲགས་མཆོག་དབུ་ཐོག་ལས་ དགེ་སློང་༡༠༠ གིས་ བདེ་མཆོག་གི་གསུང་ཆོག་གནང་ཡོདཔ་ད་ ལྷོ་ཕྱོགས་ལས་ ལས་ཚོགས་སློབ་དཔོན་སངས་རྒྱས་རྡོ་རྗེ་བཞུགས་ཐོག་ དགེ་སློང་༥༠ གིས་ རྡོ་རྗེ་སེམས་དཔའི་གསུང་ཆོག་གནང་ ནུབ་ཕྱོགས་ལུ་ རྡོ་རྗེ་སློབ་དཔོན་ཀུན་ལེགས་མཆོག་གིས་གཙོས་པའི་ དགེ་སློང་༥༠ གིས་ སྤྱན་རས་གཟིགས་ཀྱི་གསུང་ཆོག་ དེ་ལས་ བྱང་ཕྱོགས་ལས་ གཙུག་ལག་སློབ་དཔོན་བསམ་གཏན་རྡོ་རྗེ་བཞུགས་ཏེ་ དགེ་སློང་༥༠ གིས་ བླ་མའི་མཆོད་པའི་གསུང་ཆོག་གནང་ཡོདཔ་ཨིན་པས།

སྐྱབས་རྗེ་རྗེ་མཁན་མཆོག་གིས་ སྤུ་ན་ཁ་རྫོང་ནང་སྦེ་ གཞུང་གྲྭ་ཚང་གི་ སློབ་དཔོན་༣ བསྐོ་བཞག་གནང་མི་ཚུ་ཡང་ གཙུག་ལག་སློབ་དཔོན་དང་ ཡོན་ཏན་སློབ་དཔོན་ དེ་ལས་ དགེ་ཚོགས་སློབ་དཔོན་ཚུ་ཨིན་པས།

དེ་གི་ཤུལ་ལས་ སྤུ་ན་ཁ་རྫོང་ཁག་ནང་ མི་མང་ཤོས་ཀྱིས་ སོ་ནམ་གྱི་ལཱ་ལུ་ ཤུགས་བཏོན་ཡོད་རུང་ ནད་ཡམས་ཀྱིས་སྦེ་ ཐོན་སྐྱེད་ཚུ་ གོང་ཚད་ལེགས་ཤོམ་འཐོབ་མ་ཚུགས་པའི་ཁར་ སྦུང་ཚོང་པ་དང་ སྒོ་ཚོང་པ་ལུ་ཚུ་ཡང་ དཀའ་སྡུག་བྱུང་ཡོད་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།


མི་དབང་མངའ་བདག་རིན་པོ་ཆེ་མཆོག་དང་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་ དེ་ལས་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *