བཙན་སྐྱོགས་དབང་འདུས།

སྤུ་ན་ཁ་རྫོང་ཁག་གི་དོན་ལུ་ རྒྱལ་ཡོངས་ཚོགས་སྡེའི་ འདེམས་ངོ་ཐོན་ཡོདཔ།

༉ རྒྱལ་ཁབ་ཀྱི་ སྲིད་བྱུས་ཚུ་ ལེགས་བཅོས་དང་ དོན་སྨིན་ཅན་སྦེ་ ལག་ལེན འཐབ་ནི་ལུ་ ཐག་བཅད་མི་ སྐྱེས་ལོ་༣༣ ལང་མི་ བཙན་སྐྱོགས་དབང་འདུས་ཀྱིས་ སྤུ་ན་ཁ་ལས་ རྒྱལ་ཡོངས་ཚོགས་སྡེའི་ འདེམས་ངོ་སྦེ་ འཐོན་ནི་ཨིན་པས།
ཚོགས་སྡེ་ནང་ འདེམས་ངོ་འབད་ནི་ལུ་ དང་འདོད་ཡོད་མི་གི་ དམིགས་དོན་གཙོ་བོ་ར་ མི་སྡེ་ནང་ དགོས་མཁོ་ཚུ་ ཧ་གོ་སྟེ་ སྲིད་བྱུས་བཟོ་ནི་དེ་ཨིནམ་ད་ རྒྱལ་ཡོངས་ཚོགས་སྡེ་དེ་ བསྐྱར་ཞིབ་ཀྱི་ ཚོགས་ཁང་ཅིག་འབདཝ་ལས་ དཔལ་འབྱོར་གོང་འཕེལ་གཏང་ནི་ལུ་ གཙོ་རིམ་བཟུང་སྟེ་ མི་སྡེ་ནང་ ལྷན་ཐབས་སྦོམ་སྦེ་ར་ བྱུང་ཚུགས་པའི་ རེ་བ་བསྐྱེད་དོ་ཟེར་ གཡུས་རྟ་ལོག་ལས་ཨིན་མི་ བཙན་སྐྱོགས་དབང་འདུས་ཀྱིས་ བཤདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ སྲིད་བྱུས་ལེགས་བཅོས་ཡང་ འདྲ་ཉམས་དང་ དྲང་བདེན་ཐོག་ལས་ རྒྱལ་ཁབ་ཀྱི་དོན་ལུ་ ད་རེས་ ཆད་སྐྱོན་ཡོད་མི་ཚུ་ བསུབ་ནི་ཨིན་ཟེར་ཨིན་པས།
བཙན་སྐྱོགས་དབང་འདུས་ལུ་ ཐིམ་ཕུག་མཐོ་རིམ་སློབ་གྲྭ་ལས་ སྲིད་བྱུས་དང་ སྤྱི་སྙོམས་རིག་པའི་ནང་ གཞི་རིམ་མཐར་འཁྱོལ་བའི་ཁར་ གཙུག་ལག་གོང་མའི་ ཤེས་ཡོན་དེ་ ཐའི་ལེན་རྒྱལ་ཁབ་ ཝེབ་ཨིས་ཊར་ མཐོ་རིམ་སློབ་གྲྭ་ལས་ རྒྱལ་སྤྱིའི་མཐུན་འབྲེལ་ནང་ མཐར་འཁྱོལ་ཏེ་ཡོདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ རྒྱལ་ཁབ་དང་ རྒྱལ་སྤྱིའི་སྲིད་བྱུས་ ཤེས་ཡོན་སྦྱང་མི་དེ་གིས་ འདེམས་ངོ་འཇོན་ཐངས་ཅིག་སྦེ་ ལཱ་འབད་ནི་ལུ་ ལྷན་ཐབས་འབྱུང་ཚུགས་ནི་མས་ཟེར་ཨིནམ་ད་ ད་རེས་ ཚོགས་སྡེའི་འདེམས་ངོ་སྦེ་ ཐོན་མི་དེ་ཡང་ ཤེས་ཡོན་ལུ་བརྟེན་ཨིན་ཟེར་ཨིན་པས།
བཙན་སྐྱོགས་དབང་འདུས་ཀྱིས་ རྒྱལ་ཁབ་ནང་ ཕྱག་ཞུ་ནི་ལུ་ གྲོས་ཐག་བཅད་ཡོདཔ་བཞིན་དུ་ གྲ་སྒྲིག་འབད་ནི་ལུ་ ཁོ་རའི་ སྤུན་ཆ་ཚུ་གིས་ རྒྱབ་སྐྱོར་འབད་དེ་ཡོདཔ་བཞིན་དུ་ ཤེས་ཡོན་སྦྱང་ད་ འདེམས་ངོ་ཐོན་བཅུག་མི་ཡང་ ཁོང་ལུ་བརྟེན་ཨིན་ཟེར་ཨིན་པས།
ཁོ་གིས་ རྩ་བ་གསུམ་ལུ་ ཕྱག་ཞུ་ནི་གི་ རེ་འདོད་གྲུབ་ཐབས་ལུ་ ཕམ་ཚུ་གིས་ རྒྱབ་སྐྱོར་གང་དྲག་ འབད་དེ་ཡོད་ཟེར་ཨིནམ་ད་ བཙན་སྐྱོགས་དབང་འདུས་ཀྱིས་ ཧེ་མ་ ལྟ་བཤལ་ལས་སྡེ་ཅིག་ནང་ ཡོངས་ཁྱབ་འཛིན་སྐྱོང་པ་དང་ ཡོངས་ཁྱབ་མདོ་ཆེན་སྦེ་ ལཱ་འབད་ཡོདཔ་ ཨིན་པའི་གནས་ཚུལ།

སྐད་སྒྱུར་ ཨོ་རྒྱན་རྡོ་རྗེ།

About admin

Check Also

ཝང་ལིང་གཡུས་ཚན་ནང་ ཆུ་གཡུར་ཉམས་བཅོས་འབད་མ་ཚུགས་མི་ལུ་བརྟེན་ ལྕང་ལཱ་རྐྱབ་མ་ཚུགས་པའི་དཀའ་ངལ།

༉ ཀྲོང་གསར་གླང་མཐིལ་རྒེད་འོག་ ཝང་ལིང་གཡུས་ཚན་གྱི་ མི་སེར་ཚུ་ ཆུ་གཡུར་ཉམས་བཅོས་འབད་མ་ཚུགས་མི་ལུ་བརྟེན་ ན་ཧིང་ འབྱ་ལཱ་རྐྱབ་མ་ཚུགས་པར་ལུས་ཡོདཔ་ད་ དུས་ཅི་ཡང་ ག་དེ་སྦེ་ འབྱ་ལཱ་རྐྱབ་ཚུགས་ག་ཟེར་ ཚ་གྱང་ལང་སྟེ་འདུག། ཆུ་གཡུར་དེ་ ལོ་གསུམ་གྱི་ཧེ་མར་ ས་རུད་ཆད་མི་ལུ་བརྟེན་ འཕྱགས་བདའ་ཡོདཔ་ཨིན་རུང་ …

Leave a Reply

Your email address will not be published. Required fields are marked *