སྤུ་ན་ཁ་དང་ དབང་འདུས་ལུ་ མི་༨ ཟུར་བཞག་ཡོདཔ།

༉ ཁ་ཙ་ སྤུ་ན་ཁ་སྟོད་པའི་རྒེད་འོག་ལས་ མི་གྲངས་༢༩ འི་ དཔེ་ཚད་ཚུ་ བསྡུ་ལེན་འབད་དེ་ ཐིམ་ཕུག་ལུ་ བསྐྱལ་ཡོདཔ་ལས་ གྲུབ་འབྲས་ཚུ་ ད་རིས་འཐོན་ནི་ཨིན་པས།

ཁོང་ཆ་ཁྱབ་ ནད་ཡམས་ཀོ་བིཌ་-༡༩ ཐོབ་མི་དང་ ཐད་ཀར་དུ་ འབྲེལ་བ་འཐབ་མི་ཚུ་ཨིན་པས།

རྒེད་འོག་དེ་ནང་ལས་ མི་གྲངས་༦ ཟུར་བཞག་མི་དེ་ཡང་ ནད་འབུབ་ཐོབ་མི་དང་ ཐད་ཀར་དུ་ འབྲེལ་བ་འཐབ་ཡོདཔ་ལས་ ནད་གཞི་འཐོབ་ནིའི་ ཉེན་ཁ་སྦོམ་ཡོད་མི་ལུ་བརྟེན་ཨིན་ཟེར་ སྤུ་ན་ཁའི་ གསོ་བའི་འགོ་དཔོན་ཅིག་གིས་ བཤདཔ་ཨིན་པས།

ཀོ་བིཌ་-༡༩ ཐོབ་མི་དེ་ ཁོ་རའི་གཡུས་ སྟོད་པའི་རྒེད་འོག་ ཕན་སྟོད་ཁ་ལུ་ ལོ་བསྟར་གྱི་ རིམ་གྲོ་གནང་སར་ སོང་ནུག་ཟེར་ཨིནམ་ད་ གཡུས་ཚན་དེ་ནང་ ཁྱིམ་གུང་༡༦ ཡོདཔ་ཨིན་པས།

ཁ་ཙ་ཕྱི་རུ་ བློན་ཆེན་ཌོག་ཊར་བློ་གྲོས་ཚེ་རིང་གིས་ གནས་ཚུལ་ཞལ་འཛོམས་ནང་ ནད་འབུབ་ཐོབ་མི་དང་ ཐད་ཀར་དུ་ འབྲེལ་བ་འཐབ་མི་༣༧ དེ་ཅིག་ བདའ་ཟུན་ཡོདཔ་བཞིན་དུ་ གྲོང་གསེབ་མི་སེར་ཚུ་ཡང་ ལོ་ཆོག་ནང་ འོང་ཡོདཔ་མ་ཚད་ ལོ་ཆོག་བཏང་མི་ དགེ་སློང་ཚུ་ཡང་འདུག་ཟེར་ གསུངས་ཡི།

དབང་འདུས་ཕོ་བྲང་ལུ་ཡང་ མི་༢ ཀྲོང་གསར་ལུ་ འགྱོ་བའི་བསྒང་ཨིན་མི་ ནད་འབུབ་ཐོབ་མི་དང་ ཐད་ཀར་དུ་ འབྲེལ་བ་འཐབ་ཡོདཔ་ལས་ ཟུར་བཞག་སྟེ་ཡོདཔ་ཨིན་པས།

ཀོ་བིཌ་-༡༩ ཐོབ་མི་དེ་ དྭངས་ཆུ་རྒེད་འོག་གི་ དགོན་པ་ཅིག་ནང་འགྱོཝ་ད་ ཨམ་སྲུ་ཅིག་དང་ ཕྱད་ཡོདཔ་མ་ཚད་ དཔལ་ལི་ལ་ལུ་ ཉིན་ལྟོ་ཟ་བའི་སྐབས་ ཕོ་སྐྱེས་ཅིག་དང་ ཕྱད་ནུག་ཡོད་པའི་གནས་ཚུལ།

About admin

Check Also

ལྕང་རྒེད་འོག་ནང་ མཇུག་བསྡུ་ནི་མེད་པའི་ སའི་རྩོད་རྙོགས་ཐོན་བཞིན་དུ་ཡོདཔ།

༉ ཧེ་མའི་འབྱ་ཞིང་ཚུ་ གནས་གོང་ཅན་གྱི་ རྒྱུ་དངོས་ཅིག་ལུ་ གྱུར་ཡོད་མི་ ཐིམ་ཕུག་ལྕང་རྒེད་འོག་ནང་ ས་ཆ་དང་འབྲེལ་བའི་ རྩོད་རྙོགས་སྐོར་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ལོ་བསྟར་སྙན་ཞུ་ནང་ གསལ་བཀོད་འབད་མི་དེ་གིས་ རྩོད་གཞི་ལེ་ཤ་ཡོད་པའི་ བརྡ་མཚོན་སྟོནམ་ཨིན་པས། དེ་ཡང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ …

Leave a Reply

Your email address will not be published. Required fields are marked *